གཡང་སྐྱབས་རྒྱལ།
———
རྒད་པོ་འདིའི་བཞུགས་ས་ནི་རྡོ་སྐས་རིང་པོ་ཞིག་གི་གཤམ་དུ་འདུག རྒད་པོ་རྡོ་སྐས་ནས་ཡར་མར་ཕེབས་པ་ནི་ཁོང་གི་ཉིན་རེའི་ལུས་རྩལ་ཞིག་རེད། རྡོ་སྐས་ཀྱི་མཐའ་གཉིས་ན་ལྕགས་ཀྱིས་བཟོས་པའི་མཐའ་སྐྱོར་རེ་བསླངས་འདུག མཐའ་སྐྱོར་དེ་གཉིས་ནི་རྒད་པོའི་ཕྱག་འཁར་དང་མཚུངས། རྒད་པོས་ག་ལེར་ལག་ཤུགས་ཡོད་ཚད་བཀོལ་ནས་མཐའ་སྐྱོར་གྱི་ལྕགས་དེ་ལ་འཐམས། རྐང་པ་ཡ་གཅིག་རྡོ་སྐས་སྟེང་མའི་ཐོག་བཞག ལག་ཤུགས་ཀྱིས་གཟུགས་པོ་བཀྱགས་ནས་རྡོ་སྐས་སྟེང་མར་སྤོས། སྤྱན་གྲུང་རིག་རིག་དེས་གཡས་གཡོན་ལ་གཟིགས། ངལ་གསོ་ཞིག་བྱས། དེ་ནས་སླར་ཡང་མཐའ་སྐྱོར་གྱི་ལྕགས་དེ་ལ་འཐམས། རྡོ་སྐས་དེ་དག་གིས་རྒད་པོ་ལ་སྙིང་རྗེ་བྱེད་མི་ཤེས། རྒད་པོ་སྐས་འཛེགས་བརྒྱུད་ནས་ལམ་ཕྲན་སྟེང་ལ་སླེབས་སྐབས། འགྲམ་པའི་ངོས་གཉིས་ན་རྔུལ་ཆུའི་ཐིགས་པ་བསྟུད་མར་འབབ་བཞིན་འདུག རྒད་པོས་དགོན་པ་ཞིག་ལ་བསྐོར་བ་བྱེད། སླར་ཁྱིམ་དུ་ལོག རྡོ་སྐས་བརྒྱུད་ནས། རྡོ་སྐས་དེ་དག་ནི་རི་གཟར་གྱི་གཡང་ས་ཞིག་དང་མཚུངས། རྒད་པོས་མཐའ་སྐྱོར་གྱི་ལྕགས་དེ་ལ་འཐམས་ནས་ཕྱིར་བཀྱེད་བཞིན་བཀྱེད་བཞིན་རྐང་པ་ཡ་གཅིག་རྡོ་སྐས་འོག་མའི་སྟེང་བཞག མཚམས་རེར་རྡོ་སྐས་མཐའ་སྐྱོར་གྱི་ལྕགས་དེ་ལ་ཁ་འཁོར་ཏེ་འཐམས་འཁྱུད་བྱེད། རྒད་པོ་རིམ་གྱིས་ཁྱིམ་དུ་སླེབས། མདུན་ཅོག་སྟེང་ན་བཤམས་ཡོད་པའི་པར་རིས་དེ་ལ་བལྟས། པར་རིས་དེ་ནི་དམག་མིའི་སྒྲིག་ཆས་བཀྱོན་པའི་ཕོ་གསར་ཞིག་གི་པར་རེད། པར་དེ་ནི་ཚོན་ཁྲ་མེད་པའི་པར་ཞིག་ཡིན་མོད། པར་དེར་ཡོད་པའི་ཕོ་གསར་སྟོབས་ཆེན་གྱི་ཉམས་དེས་རྒད་པོ་ལ་ད་དུང་ཡང་སྙིང་སྟོབས་སྦྱིན་བཞིན་འདུག
འོ་གྲོགས་པོ་ལགས་ངོ་མ་རྩོམ་ཡག་པོ་བྲིས་འདུག
རྔམ་ཀློག་བྱེད་དུས་ཚར་སོང་།
གཡབ་དུས་མཇེ་ཤི་འདྲ་སོང་།
འཛག་སྐྱིད་དུས་ཚོད་ཐུང་ན།
ཞི་མོའི་འདོད་པ་མི་ཚིམ།
གཡང་སྐྱབས་རྒྱལ་ལེགས།
ཁྱེད་ཀྱི་རྒད་པོ་དང་རྡོ་སྐས་ཀྱི་བསྔགས་བཇོད་ལེགས་པ་མཐོང་ནས། རྒན་རྒོན་སྐོར་ལ་བདག་རང་གི་བསམ་ཚུལ་འབྲི་བར་འདོད། རྒད་པོ་དང་རྒད་མོ་དག་ཉམས་རྒུད་ངང་འགྲོ་བ་མཐོང་དུས། གཞོན་དུས་འདི་དག་ཀྱང་ཡིད་དུ་འོང་བ་ཡིན་ངེས་ཞེས་སེམས་པར་བྱེད། མཛེས་པའི་གཞོན་ནུ་དང་། གཞོན་ནུ་མ་ཀུན་རྔམས་རྔམས་འཛིག་འཛིག་གིས་ཁ་ལ་ཐ་མ་ཁ་ན་དུ་བ་འཕྱུར་འཕྱུར་དུ་འཐོན་པ་དག་མཐོང་ནས་རིང་པོ་མ་ལོན་པར་འདི་དག་ཀྱང་་རྒད་པོ་དང་རྒད་མོར་ཆགས་པ་སུས་འགོག་ཐུབ་བསམ་པ་ཤར། ཕ་མ་དྲིན་ཅན་རྒན་རྒོན་དག་ལྟ་ཅི། སྤུན་མཆེད་རྣམས་དང་། གྲོགས་པོ་དང་གྲོགས་མོ་དག་ཀྱང་ཕལ་ཆེ་བ་ཕྱི་མའི་གནས་སུ་བྱོན་ཚར་འདུག བདག་ཀྱང་རིང་པོར་མ་ཐོགས་པར་འགྲོ་དགོས་ཀྱང་། སེམས་རྒྱུད་གྱོང་པོ་དེ་ནི་ཀྲོང་ངེ་བར་བསྡད་འདུག སེམས་རྒྱུད་གྱོང་པོ་འདི་འདུལ་དགོས་ཀྱང་། འདི་འདུལ་བ་ནི་ཤིན་ཏུ་ནས་འདུལ་དཀའ་བ་ཞིག་ཏུ་མཐོང་། ལྷག་པར་དུ་བདག་རང་གི་རང་བཞིན་ནི་སྔོན་མ་ནས་རྒྱལ་སྲས་ཞི་བ་ལྷས་མཁྱེན་ནས་ང་ལ་འདི་ལྟར་གསུངས་ཏེ།
སྐད་ཅིག་གཅིག་གིས་མཛའ་འགྱུར་ལ།
ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར།
དགའ་བའི་གནས་ལ་ཁྲོ་བྱེད་པ།
སོ་སོའི་སྐྱེ་བོ་ཁྱོད་འདུལ་དཀའ།།