རླུང་དམར།
མིག་ཞ་བར་བརླག་པའི་ཉི་འོད་མེད་སོང་བ་ཡིན་ནམ
སེམས་དུབ་ཀྱིས་རོ་འདི་བཅུར་སོང
ལམ་འཁྱོག་སྟེང་གི་ཤིང་རྟ་འདྲུད་མཁན་རྒད་པོ་དེ
གྲུབ་གཟུགས་སུ་བསྡུས་པའི་ཁོ་དང་ཁོའི་སྒྲུང
ཕ་མཁར་གྱིས་མནན་པའི་ཕ་བོང་རྡོ་ཞིག
མེ་གློག་སྦར་བའི་མཚན་མོ
ཁང་རྙིང་ནང་གི་རྒད་པོས་ང་ལ་གནའ་གཏམ་འཆད
གནའ་གཏམ་དེ་ཇེ་སྙན་ནས་ཇེ་མཐུ་རེད་འདུག
འཐབ་ར་ཞིག་གི་ལང་ཚོའི་རྨས་སྐྱོན་ཞིག
ས་འབར་འབུར་གྱི་རི་འདབས་སུ
འབྲོང་རྒོད་ཅིག་ངུ་བཞིན་མཆོངས་ཏེ
སྐྱ་མི་འགའ་ལ་སྡུག་སྨྲེ་བཏོན
ས་གཤགས་གནམ་གཤགས་ལྟ་བུའི་ཚོར་གདུང་མངོན
ངལ་དུབ་ཀྱི་འཛེར་སྒྲ་མཆེད