རྒན་པད་མ་འབུམ་གྱིས་རྩོམ་རིག་གླེང་བ། Posted on 2014-10-202014-10-21 By ཁ་བརྡ་ 6 Comments on རྒན་པད་མ་འབུམ་གྱིས་རྩོམ་རིག་གླེང་བ། གློག་བརྙན་།
ཆོས་བ་མིན་པའི་བོད་ཡིག་པའི་མགོ་འབུས་བ་དང་། དགྱ་རྩོལ་གྱི་དཔེ་ལས་བྱུང་བ་རེད་ཟེར་ན། ཞར་རའི་གཡུག་པ་རེད། བོད་པ་ལ་བོད་པའི་འཚོ་བ། འཚོར་བ། རྣམ་ཤེས། བརྗོད་པའི་ངག་མེད་པ་དེ་འདྲ་མ་རེད། ཆོས་བ་མིན་པ་ཚོས་བོད་ཡིག་ཤེས་འབྲི་ཐུབ་པས་བྲིས་བའི་བོད་ཡིག་གི་རྩོམ་ཚོགས་ལ། དགྱ་ལྟ་བྱས་ཡོད་པ་རེད་ཟེར་ན། ཁ་བླ་བ་ཙམ་རེད། བོད་ལ་གནའ་སྔ་མོ་སྔ་མོ་ནས། མགུར་གླུ་གཅིག་པོ་ལས་ག་ལ་ཚད། གཏམ་དཔེ། འདོགས་ར། ཁ་བཤད། དཔེ་འཇོག། བཤད་པ། རི་ཆུ་ལུང་གསུམ། རྟ་ནོར་ལུགས་གསུམ། ཤ་མར་ཕྱུར་གསུམ་སོགས་ལ་བཤད་པ་དང་བསྟོད་པ། སངས་དུད་ཁ་འི་བཅོལ་བ། དམར་མཆོད་སྐབས་ཀྱི་དཔའ་བཤད། སྲིད་པ་ཆགས་རབས། ཕོད་གྱོད་མོ་གྱོད་ལ་བཤད་ཁྲིམས། ལུགས་ལུང་དཔེ་ལ་དར་བའི་གཏམ་ལུགས། གནས་འགྲོ་མའི་ཁྲིད་བཤད། ཇག་འགྲོ་བའི་ས་བཤད་དང་རྟ་བཤད། ད་མང་ནི་རེད། མང་ནི་རེད། ཡིག་ཐོག་ལ་མེད་པ་ཙམ་གྱིས་མེད་མདོག་བཤད་མ་ཡོང་། གླིང་གེ་སར་འདྲ་བའི་བཤད་སྒྲུང་། མ་གྱོ་རྐོན་འདྲ་བའི་ངག་སྒྲུང་། སྲིན་པོ་མགོ་དགུ་འདྲ་བའི་འདྲེ་སྒྲུང་། ངས་མི་ཤེས་ནོ། ཁྱོས་མ་གོ་ནོ། མང་ནི་རེད་ཡ། ཨ་ཁུ་པདྨ།
བོད་རང་གི་མཁས་དབང་རྒན་པ་དེ་ཚོ་ལ་འདི་ལྟར་བཀའ་འདྲི་ཞུ་ཐུབ་ན་དངོས་གནས་ཡག་པོ་འདུག ལས་ཀྱི་སྣེ་མོ་བ་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། བཀའ་འདྲི་ཞུ་དུས་དྲི་བ་དེ་ཚོ་སྔོན་ཙམ་ནས་གྲ་བསྒྲིག་ཡག་པོ་གནང་སྟེ་ཚིག་ལྷག་མང་པོ་མེད་ན་དགའ་ས་རེད། ཡང་མིན་ན་ཡིག་ཐོག་ལ་བཀོད་ནས་དྲི་བ་ཕུལ་ནའང་འགྲིག་གི་རེད་བ། མཁས་དབང་ཆེན་པོ་ཞིག་ལ་དྲི་བ་ཕུལ་དགོས་དུས། མ་འོངས་པར་མི་ཁ་ཤས་ཅིག་མཉམ་རུབ་ཀྱིས་གོ་བསྡུར་ཡག་པོ་གནང་སྟེ་དྲི་བ་ཁག་བཟོ་ཐུབ་ན་ཡག་བར་སེམས། གཞན་མི་གཅིག་གི་འདོད་བློ་ལྟར་གྱི་དྲི་བ་དེ་ཚོ་སྐབས་འགར་ཆ་མ་ཚང་བ་ལྟ་བུ་དང་ཡང་ན་གནད་ལ་མ་འཁེལ་བ་ལྟ་བུར་སྐྱོན་ཆ་ཞིག་ཏན་ཏན་ཡོང་གི་འདུག །
སེང་རྡོར་དྲ་བ་སྒོ་བརྒྱབས་འདུག གཅན་བཟོད་རྒྱམ། ཟླ་འདིའི་ཟླ་དཀྱིལ་ཙམ་ནས་བོད་ནང་གི་དྲ་རྒྱ་ཡག་ཤོས་ཀྱི་གྲས་སེང་རྡོར་དྲ་བ་སྒོ་ཕྱེ་ཐུབ་ཀི་འདུག སྐབས་དེ་དུས་ནས་ཉིན་ལྟར་ཚོད་ལྟ་ཐེངས་མང་བྱས་པ་ཡིན་མོད། 无法找到该页 ཞེས་དྲ་སྒོ་འབྱེད་ཐུབ་པ་མི་འདུག དེ་རིང་ཡང་སྔོན་ལྟར་ཚོད་ལྟ་ཐེངས་མང་བྱས་པ་ཡིན། ལན་ནི་གཅིག་པ་རང་རེད་འདུག ངས་ཤེས་ཚོད་བྱས་ན་༼སེང་རྡོར་དྲ་བ་༽སྒོ་བརྒྱབས་ནས་བདུན་ཕྲག་གཉིས་འགོར་སོང་། འོན་ཀྱང་འདིའི་སྐོར་ལ་བོད་གི་གྲོགས་པོ་ཞིག་གིས་གླེང་ཙམ་བསླངས་འདུག་མོད། བོད་ཕྱི་ན་ཡོད་པའི་དྲ་བ་དང་གསར་འགྱུར་བརྒྱུད་ལམ་ཁག་ན་ཅི་ཡང་གོ་རྒྱུ་ཚོར་རྒྱུ་མི་འདུག གནས་ཚུལ་འདི་བདེན་པ་མིན་པས་རེད་དམ། ཡང་ན་གནས་ཚུལ་འདི་མ་གོ་བས་རེད། སེང་རྡོར་དྲ་བ་ནི་བོད་ནང་གི་དྲ་རྒྱ་ཡག་ཤོས་ཤིག་དང་ཁྱབ་ཆེ་ཤོས་ཤིག་ཡིན་མོད། འདི་ལྟར་དུས་ཚོད་ནས་ཉི་མ། ཉི་མ་ནས་བདུན་ཕྲག་གཅིག་གཉིས་ཀྱི་བར་དུ་སྒོ་བརྒྱབས་བཞག་ན། དྲ་བ་དེའི་ཀློག་མཁན་ཁྲི་སྟོང་མང་པོ་དང་། ཟིན་བྲིས་པ་དང་མཆན་བུ་འདེབས་མཁན། ཀློག་མཁན་ཁྲི་ཕྲག་འགའ་རེ་ཡོད་སྲིད་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་སྒོ་ལྕགས་དམ་པོ་ཞིག་བརྒྱབས་པ་མ་ཡིན་ནམ། དེ་བས་འུ་ཚོ་ཕྱི་སྡོད་དྲ་ཐོག་གི་རྩོམ་པ་པོ་དང་དྲ་རྒྱ་བེད་སྤྱོད་དང་དྲ་བའི་གསར་འགོད་པ་དང་གསར་འགོད་པ་རྣམས་ཀྱིས་གནས་ཚུལ་འདིའི་སྐོར་ནས་གང་ལ་ཅི་ནུས་ཀྱིས་ཁ་གསལ་གཏིང་དཔོགས་ཀྱི་གནས་ཚུལ་རྒྱུས་ལོན་དང་། ཁྱབ་སྤེལ་བྱ་དགོས་པར་བདག་སྙམ་མོ།། འདི་ནི་སེང་རྡོར་དྲ་བའི་འབྲེལ་ཐག་རེད། http://www.sangdhor.com/404.htm ཤོག་ངོས་འདི་ཐེངས་ (༤༥༢༧) ལ་བཀླགས་འདུག ཡར་འཇོག་མཁན་། : དྲ་ཞབས་སེང་གེ རྩོམ་པ་པོ། : གཅན་བཟོད་རྒྱམ། ཡོང་ཁུངས། : གཅན་བཟོད་རྒྱམ་གྱི་ཟིན་བྲིས།
སེང་རྡོར་གྱིས་ཟེར་ན་ཕྱི་ནང་གི་གནོན་ཤུགས་མང་པོ་ཞིག་གི་གཡུལ་ལས་རྒྱལ་མ་ཐུབ་པར་སེང་དྲ་སྒོ་རྒྱག་དགོས་ཐུག་པ་ལབ་སོང་། ཨེ་བདེན་མི་ཤེས། དེ་བཞིན་རང་གྲོལ་དྲ་བ་ཡང་གནོན་ཤུགས་ཀྱིས་མ་བཟོད་ནས་སྒོ་རྒྱབ་ཚར་བ་རེད། སེང་རྡོར་སྐད་ཕྲིན་འདི་རེད་ཁོང་ལ་བཀའ་འདྲི་གནང་ན། ༡༨༦༩༧༡༧༢༡༦༢
ཉན་ཟིན་པ་ཡིན། རྒན་པད་མ་འབུམ་ལགས་སུ་ཐུགས་རྗེ་ཆེ་ཞུ་ཡི་ཡོད།
ཆོས་བ་མིན་པའི་བོད་ཡིག་པའི་མགོ་འབུས་བ་དང་། དགྱ་རྩོལ་གྱི་དཔེ་ལས་བྱུང་བ་རེད་ཟེར་ན། ཞར་རའི་གཡུག་པ་རེད།
བོད་པ་ལ་བོད་པའི་འཚོ་བ། འཚོར་བ། རྣམ་ཤེས། བརྗོད་པའི་ངག་མེད་པ་དེ་འདྲ་མ་རེད། ཆོས་བ་མིན་པ་ཚོས་བོད་ཡིག་ཤེས་འབྲི་ཐུབ་པས་བྲིས་བའི་བོད་ཡིག་གི་རྩོམ་ཚོགས་ལ། དགྱ་ལྟ་བྱས་ཡོད་པ་རེད་ཟེར་ན། ཁ་བླ་བ་ཙམ་རེད།
བོད་ལ་གནའ་སྔ་མོ་སྔ་མོ་ནས། མགུར་གླུ་གཅིག་པོ་ལས་ག་ལ་ཚད། གཏམ་དཔེ། འདོགས་ར། ཁ་བཤད། དཔེ་འཇོག། བཤད་པ། རི་ཆུ་ལུང་གསུམ། རྟ་ནོར་ལུགས་གསུམ། ཤ་མར་ཕྱུར་གསུམ་སོགས་ལ་བཤད་པ་དང་བསྟོད་པ། སངས་དུད་ཁ་འི་བཅོལ་བ། དམར་མཆོད་སྐབས་ཀྱི་དཔའ་བཤད། སྲིད་པ་ཆགས་རབས། ཕོད་གྱོད་མོ་གྱོད་ལ་བཤད་ཁྲིམས། ལུགས་ལུང་དཔེ་ལ་དར་བའི་གཏམ་ལུགས། གནས་འགྲོ་མའི་ཁྲིད་བཤད། ཇག་འགྲོ་བའི་ས་བཤད་དང་རྟ་བཤད། ད་མང་ནི་རེད། མང་ནི་རེད། ཡིག་ཐོག་ལ་མེད་པ་ཙམ་གྱིས་མེད་མདོག་བཤད་མ་ཡོང་།
གླིང་གེ་སར་འདྲ་བའི་བཤད་སྒྲུང་། མ་གྱོ་རྐོན་འདྲ་བའི་ངག་སྒྲུང་། སྲིན་པོ་མགོ་དགུ་འདྲ་བའི་འདྲེ་སྒྲུང་། ངས་མི་ཤེས་ནོ། ཁྱོས་མ་གོ་ནོ། མང་ནི་རེད་ཡ། ཨ་ཁུ་པདྨ།
བོད་རང་གི་མཁས་དབང་རྒན་པ་དེ་ཚོ་ལ་འདི་ལྟར་བཀའ་འདྲི་ཞུ་ཐུབ་ན་དངོས་གནས་ཡག་པོ་འདུག ལས་ཀྱི་སྣེ་མོ་བ་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། བཀའ་འདྲི་ཞུ་དུས་དྲི་བ་དེ་ཚོ་སྔོན་ཙམ་ནས་གྲ་བསྒྲིག་ཡག་པོ་གནང་སྟེ་ཚིག་ལྷག་མང་པོ་མེད་ན་དགའ་ས་རེད། ཡང་མིན་ན་ཡིག་ཐོག་ལ་བཀོད་ནས་དྲི་བ་ཕུལ་ནའང་འགྲིག་གི་རེད་བ། མཁས་དབང་ཆེན་པོ་ཞིག་ལ་དྲི་བ་ཕུལ་དགོས་དུས། མ་འོངས་པར་མི་ཁ་ཤས་ཅིག་མཉམ་རུབ་ཀྱིས་གོ་བསྡུར་ཡག་པོ་གནང་སྟེ་དྲི་བ་ཁག་བཟོ་ཐུབ་ན་ཡག་བར་སེམས། གཞན་མི་གཅིག་གི་འདོད་བློ་ལྟར་གྱི་དྲི་བ་དེ་ཚོ་སྐབས་འགར་ཆ་མ་ཚང་བ་ལྟ་བུ་དང་ཡང་ན་གནད་ལ་མ་འཁེལ་བ་ལྟ་བུར་སྐྱོན་ཆ་ཞིག་ཏན་ཏན་ཡོང་གི་འདུག །
སེང་རྡོར་དྲ་བ་སྒོ་བརྒྱབས་འདུག
གཅན་བཟོད་རྒྱམ།
ཟླ་འདིའི་ཟླ་དཀྱིལ་ཙམ་ནས་བོད་ནང་གི་དྲ་རྒྱ་ཡག་ཤོས་ཀྱི་གྲས་སེང་རྡོར་དྲ་བ་སྒོ་ཕྱེ་ཐུབ་ཀི་འདུག སྐབས་དེ་དུས་ནས་ཉིན་ལྟར་ཚོད་ལྟ་ཐེངས་མང་བྱས་པ་ཡིན་མོད། 无法找到该页 ཞེས་དྲ་སྒོ་འབྱེད་ཐུབ་པ་མི་འདུག
དེ་རིང་ཡང་སྔོན་ལྟར་ཚོད་ལྟ་ཐེངས་མང་བྱས་པ་ཡིན། ལན་ནི་གཅིག་པ་རང་རེད་འདུག
ངས་ཤེས་ཚོད་བྱས་ན་༼སེང་རྡོར་དྲ་བ་༽སྒོ་བརྒྱབས་ནས་བདུན་ཕྲག་གཉིས་འགོར་སོང་། འོན་ཀྱང་འདིའི་སྐོར་ལ་བོད་གི་གྲོགས་པོ་ཞིག་གིས་གླེང་ཙམ་བསླངས་འདུག་མོད། བོད་ཕྱི་ན་ཡོད་པའི་དྲ་བ་དང་གསར་འགྱུར་བརྒྱུད་ལམ་ཁག་ན་ཅི་ཡང་གོ་རྒྱུ་ཚོར་རྒྱུ་མི་འདུག གནས་ཚུལ་འདི་བདེན་པ་མིན་པས་རེད་དམ། ཡང་ན་གནས་ཚུལ་འདི་མ་གོ་བས་རེད།
སེང་རྡོར་དྲ་བ་ནི་བོད་ནང་གི་དྲ་རྒྱ་ཡག་ཤོས་ཤིག་དང་ཁྱབ་ཆེ་ཤོས་ཤིག་ཡིན་མོད། འདི་ལྟར་དུས་ཚོད་ནས་ཉི་མ། ཉི་མ་ནས་བདུན་ཕྲག་གཅིག་གཉིས་ཀྱི་བར་དུ་སྒོ་བརྒྱབས་བཞག་ན། དྲ་བ་དེའི་ཀློག་མཁན་ཁྲི་སྟོང་མང་པོ་དང་། ཟིན་བྲིས་པ་དང་མཆན་བུ་འདེབས་མཁན། ཀློག་མཁན་ཁྲི་ཕྲག་འགའ་རེ་ཡོད་སྲིད་པ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་སྒོ་ལྕགས་དམ་པོ་ཞིག་བརྒྱབས་པ་མ་ཡིན་ནམ།
དེ་བས་འུ་ཚོ་ཕྱི་སྡོད་དྲ་ཐོག་གི་རྩོམ་པ་པོ་དང་དྲ་རྒྱ་བེད་སྤྱོད་དང་དྲ་བའི་གསར་འགོད་པ་དང་གསར་འགོད་པ་རྣམས་ཀྱིས་གནས་ཚུལ་འདིའི་སྐོར་ནས་གང་ལ་ཅི་ནུས་ཀྱིས་ཁ་གསལ་གཏིང་དཔོགས་ཀྱི་གནས་ཚུལ་རྒྱུས་ལོན་དང་། ཁྱབ་སྤེལ་བྱ་དགོས་པར་བདག་སྙམ་མོ།།
འདི་ནི་སེང་རྡོར་དྲ་བའི་འབྲེལ་ཐག་རེད།
http://www.sangdhor.com/404.htm
ཤོག་ངོས་འདི་ཐེངས་ (༤༥༢༧) ལ་བཀླགས་འདུག
ཡར་འཇོག་མཁན་། : དྲ་ཞབས་སེང་གེ
རྩོམ་པ་པོ། : གཅན་བཟོད་རྒྱམ།
ཡོང་ཁུངས། : གཅན་བཟོད་རྒྱམ་གྱི་ཟིན་བྲིས།
སེང་རྡོར་གྱིས་ཟེར་ན་ཕྱི་ནང་གི་གནོན་ཤུགས་མང་པོ་ཞིག་གི་གཡུལ་ལས་རྒྱལ་མ་ཐུབ་པར་སེང་དྲ་སྒོ་རྒྱག་དགོས་ཐུག་པ་ལབ་སོང་། ཨེ་བདེན་མི་ཤེས། དེ་བཞིན་རང་གྲོལ་དྲ་བ་ཡང་གནོན་ཤུགས་ཀྱིས་མ་བཟོད་ནས་སྒོ་རྒྱབ་ཚར་བ་རེད། སེང་རྡོར་སྐད་ཕྲིན་འདི་རེད་ཁོང་ལ་བཀའ་འདྲི་གནང་ན། ༡༨༦༩༧༡༧༢༡༦༢
ཞང་གཡུ་བྲག་པ་ལགས། བཀའ་དྲིན་ཆེ། །