རླུང་དམར།
གངས་རིའི་མུ་ཏིག་འཐོར་བའི་སེམས་ཀྱི་བྲང་ཁོག་དམར་པོ
འཁར་རྒྱུག་ལ་ཐོགས་པའི་རྣམ་ཤེས་ཀྱི་བདུད་རྩིའི་ཡོ་ལང་ནག་པོ
ཟངས་ཐབ་ནང་ལ་བཙོས་པའི་སྣུམ་ཟད་ཀྱི་མེ་དཔུང
ལོ་རྒྱུས་ཀྱི་སྤྲིན་པ་འཁྲིགས་པའི་ཆུ་མཛོད་དྭངས་མ་ཞིག
ཁྱེད་ནི་ས་བོན་ལ་བཏབ་པའི་དམར་རྗེན་རྒན་མོ་དེ་ཡིན་ནམ
རྐང་ལག་བཀུག་པའི་རྡོ་ལེབ་སྟེང་གི་ན་ཟུག་སྙན་ཚིག་དེས
གསོན་བཙོན་གྱི་ལྕེ་བསྣུབས་པའི་ཡ་རྐན་མེ་ཏོག
ས་རྙིད་ཆུ་རྙིད་ལ་བུད་སོང་བའི་མཚར་སྒྲུང་ངར་མ
མ་ཎི་དགོན་པའི་དྲ་ཐེམ་གྱི་པོ་ཏི་དེ་ཚོ
གཅེས་ནོར་ལ་གཞིག་མཁན་མེད་པར་རྡུལ་དུ་བརླགས
སེམས་ཆུང་དང་བྱང་སེམས་ཆེ་བའི་རྒན་མོ་ཞིག
ཁ་དང་ལག་ནི་མ་ཎི་ལ་འཐམས་པའི་བདག་མོ་ཞིག
དེའང ཅི་ཞིག་སེམས་ནས་ཟློ་བའི་ལས་དབང་གི་གཏེར་ཁ
སུ་ལ་གནང་སྩོལ་བྱེད་དམ