མར་ནང་ཁྱུང་དཀར་ཚང་།
<<རང་གི་མི་ཚེའི་ལོ་རྒྱུས་སྲོང་པོར་བརྗོད་པ་བྱ་དུར་ཚངས་ཐིག་>>ཅེས་པའི་དཔེ་དེབ་ངོ་སྤྲོད་རགས་བསྡུས།
སྔོན་གླེང་།
ཉེ་ཆར་ཕྱི་ལོ་༢༠༡༣ ལོའི་ཟླ་༡༢ པར་འཕགས་ཡུལ་ངྷ་རམ་ས་ལར་གཞིས་བྱས་“ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་”གིས་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་ཀྱིས་བརྩམས་གནང་བའི་<<རང་གི་མི་ཚེའི་ལོ་རྒྱུས་སྲོང་པོར་བརྗོད་པ་བྱ་དུར་ཚངས་ཐིག་>>ཅེས་པའི་ཁོང་གི་གསུང་རྩོམ་གླེགས་བམ་གཉིས་ཀྱི་བདག་ཉིད་ཅན་ཞིག་དཔར་བསྐྲུན་དང་འགྲེམས་སྤེལ་བྱས་ཡོད་པ་སྐུ་ངོ་རྩོམ་པ་པོ་རང་ནས་གནང་སོན་བྱུང་། ཁོ་བོས་སྔར་མ་དཔེ་ཡང་ཚར་གཅིག་བཀླགས་མྱོང་ཡོད་མོད་ད་ལན་ཡང་སློབ་ཐུན་གྱི་བར་གསེང་རྣམས་སུ་ཚར་གཅིག་བཀླགས་ཐུབ་པའི་སྐལ་བ་བྱུང་བའི་ཉེར་ལེན་ལ་བརྟེན། ད་ལན་དངོས་བྱུང་ལོ་རྒྱུས་ཀྱི་གླེགས་བམ་འདིའི་ས་བཅད་ལེའུ་ཁག་གི་ནང་དོན་ངོ་སྤྲོད་གནད་བསྡུས་ཙམ་ཞུ་འདོད་བྱུང་།
རྩོམ་པ་པོ།
ལོ་རྒྱུས་ཀྱི་གླེགས་བམ་འདིའི་རྩོམ་པ་པོ་ནི་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་ལགས་རེད། ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་ཡོས་ཀྱི་ལོ་སྟེ། ཕྱི་ལོ་༡༩༣༩ལོའི་ཟླ་ ༨ ཚེས་ ༡༥ ཉིན་བོད་ལྗོངས་ལ་སྟོད་ཡོན་ཆབ་སྟིངས་ཀ་ཞེས་པའི་གྲོང་སྡེ་དེར་སྐུ་འཁྲུངས་ཤིང་དགུང་གྲངས་དྲུག་ནས་བྱ་དུར་དགོན་དུ་ཡི་གེ་འབྲི་ཀློག་ལ་སྦྱངས་བརྩོན་དང་དགོན་གྱི་སྤྱི་གཉེར་ལས་ཚབ་ཞུས་མྱོང་གསུངས།
ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་སྐབས་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་ཕེབས། ༡༩༦༡ ནས་༡༩༦༥ རྒྱ་གར་བྱང་ཕྱོགས་ས་གནས་ཀུ་ལུ་དང་ཤིམ་ལ་བཅས་སུ་བོད་མིའི་ལམ་ལས་བརྒྱ་ཤོག་གི་སྐད་བསྒྱུར་དང་གཙོ་བོ་འགན་འཁྲིའི་ཞབས་ཞུ་གནང་ཡོད་པ་དང་། ༡༩༦༦ ལོ་ནས་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་ཡུལ་ས་ཆ་འཚོལ་སྒྲུབ་དང་། ༡༩༧༩ ནས་བོན་གཞིས་ས་གནས་འགོ་འཛིན་ཐོག་མ་གནང་། ༡༩༨༢ ནས་ ༡༩༩༠ བར་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་དང་དགུ་པ། བཅུ་བཅས་ཀྱི་སྐབས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་མཛད་འགན་བཞེས་ཤིང་། ༡༩༩༡ནས་ ༢༠༠༡བར་བོད་མི་མང་སྤྱི་འཐུས་སམ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་ཚོགས་གཙོ་གཞོན་པའི་ཐུགས་འགན་བཞེས་པ་བཅས་ཁྱོན་བསྡོམས་སྤྱི་འཐུས་ལོ་ངོ་ ༢༡ རིང་མཛད།
ཕྱི་ལོ་ ༢༠༠༡ ལོའི་ཟླ་ ༩་ནས་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། ཁྲིམས་ཞིབ་པ་ཆེ་བ་བཅས་ཀྱི་ཐུགས་འགན་བཞེས། ༢༠༠༤ ལོའི་ཟླ་༩ནས་ཞབས་ཞུའི་མཛད་དོན་ལེགས་གྲུབ་བྱུང་ནས་བགྲེས་ཡོལ་གྱི་གོ་གནས་འཐོབ། ༢༠༠༥ནས་བོན་གཞིས་སུ་ཆེད་ཕེབས་ཀྱིས་བཞུགས་ཏེ་བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན་གྱི་ཐུགས་འགན་གནང་སྟེ་ཚོགས་པ་ཡུལ་ཁྲིམས་ལ་དེབ་སྐྱེལ་དུས་འགྱངས་དང་བོན་གཞིས་ཀྱི་ས་ཆ་ཚང་མིན་ཞིབ་རྩད་སོགས་ཀྱི་ལས་དོན་གནང་བཞིན་ཡོད་པ་བཅས་སོ།།
གནད་བསྡུས།
ཁོང་གི་མི་ཚེའི་ལོ་རྒྱུས་ཀྱི་གསུང་པོད་འདི་ལ་གླེགས་བམ་སྟོད་ཆ་དང་སྨད་ཆ་ཞེས་པོད་གཉིས་ཀྱིས་བསྡུས་ཡོད། དངོས་དོན་གྱི་བྱུང་བའི་ལོ་རྒྱུས་ཡིག་རིས་སུ་བཀོད་གནང་ཡོད་པའི་ལོ་རྒྱུས་ཀྱི་དཔེ་དེབ་འདི་ལ་ནང་དོན་གྱི་ཆ་ནས་ཧ་ཅང་ཞིབ་ཚགས་ལྡན་ཞིང་། ལོ་ཚིགས་དང་ཟླ་གྲངས་ཚེས་གྲངས་སོགས་གསལ་འཁོད་ཡོད་པ་མ་ཟད་སྒྲུབ་བྱེད་ཀྱི་གཏན་ཚིགས་རྒྱུ་མཚན་ཡང་དཔང་རྟགས་དང་བཅས་གསལ་འཁོད་གནང་ཡོད་འདུག
ནང་དོན་གཙོ་བོ་སྔར་ལོ་རྒྱུས་ཀྱི་ཡིག་ཆ་དང་ཡིག་ཐོག་གང་ལ་ཡང་ཁ་གསལ་ཞིབ་ཕྲ་འཁོད་མེད་པའི་བོན་གཞིས་ཐོབ་རྒྱལ་གསར་པའི་ས་ཆ་ཉོ་སྒྲུབ་སྐོར་དང་གཞིས་ཆགས་རབས། གཞིས་འགོ་རིམ་པའི་བསྐོ་བཞག་སྐོར་དང་། ཡང་སྒོས་གཡུང་དྲུང་བོན་གྱི་སྤྱི་འཐུས་བསྐོ་བཞག་སྐོར་དང་སྤྱི་འཐུས་རིམ་པས་ཕྱག་ལས་གནང་སྟངས་སྐོར། བོད་གཞུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐོར་དང་ཁྲིམས་ཞིབ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མཛད་འགན་རྒྱལ་ཁའི་ངང་གྲུབ་ཡོད་པ་སོགས་དང་། མདོར་ན་བཙན་བྱོལ་བོད་གཞུང་གི་མི་ལོ་ལྔ་བཅུའི་རིང་གི་གཞུང་སྐོར་གྱི་ལོ་རྒྱུས་གལ་གནད་ཁག་གཅིག་རྩལ་དུ་བཏོན་ཏེ་གསལ་འཁོད་ཡོད་པ་སོགས་ནི་གནད་ཀྱི་དོན་པོ་རུ་འཁུམས་ཞེས་ཞུས་ཆོག།
ལེའུ་དང་པོ།
ཁོང་གི་“དལ་འབྱོར་མི་ལུས་སྐྱེས་ཡུལ་དང་དེ་འབྲེལ་སྐོར་”ཞེས་པ་དེ་རེད། འདིར་གཙོ་བོ་ཕྱི་ལོ་༡༩༣༩ ནས་༡༩༥༩ བར་གྱི་ལོ་རྒྱུས་ཁག་བསྡུས་ཡོད་པ་རེད། འདིར་ཞིབ་ཕྲའི་གསུང་དོན་“བྱ་དུར་ཟེར་དོན་ནི། མ་རྒྱུད་གནས་ཆེན་ཉེར་བཞིའི་ནང་གསེས་འགྲན་གྱི་རི་གོང་མཁའ་འགྲོ་གསའ་གདོང་བྲག་རི་རང་བྱུང་གི་མདུན། བྱང་ཤར་དབང་ལྡན་བཀོད་ཀྱི་དུར་ཁྲོད་ཁྱད་འཕགས་སྟེང་དགོན་པ་བཞེངས་པས་དུར་ཁྲོད་ནང་བྱ་འབབ་པ་ལྟར་ཡོད་པས་བྱ་དུར་ཞེས་ཐོགས་”ཞེས་རྒྱུ་མཚན་དང་འབྲེལ་ནས་འཁྲུལ་ཡུལ་ས་གནས་གང་གི་ལོ་རྒྱུས་ཀྱང་གནའ་བོའི་བོན་གཞུང་ཁག་ལ་ཁུངས་གཏུགས་ཞུས་ནས་མཛད་ཡོད་འདུག
ལེའུ་གཉིས་པ།
འདིར་“རྒྱ་དམར་གྱི་བཙན་འཛུལ་དང་སྐྱབས་བཅོལ་”ཞེས་པའི་སྐོར་ལ་རེད་འདུག དེ་ཡང་ཕྱི་ལོ་༡༩༥༩ ནས་༡༩༦༡ ལོའི་བར་གྱི་འགྲུལ་བཞུད་རིང་མོ་དེ་དང་། རྒྱ་གར་དུ་ཕེབས་ནས་ཐོག་མར་སྐུ་ངལ་བསྐྱོན་སྟངས་སྐོར་སོགས་གསལ་འཁོད་གནང་འདུག
ལེའུ་གསུམ་པ།
འདིར་“སྤྱི་ཚོགས་སྲི་ཞུ་བསྒྲུབས་སྐོར་”ཞེས་པའི་ལེ་ཚན་དེ་རེད། དེ་ནི་ཕྱི་ལོ་༡༩༦༦ ནས་༡༩༨༢ ལོའི་བར་བརྒྱ་ཤོག་ལམ་ལས་སྐད་བསྒྱུར་དང་། ༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བཀའ་དགོངས་འོག་བོན་གཞིས་ཐོབ་རྒྱལ་གསར་པའི་ས་ཆ་འཚོལ་སྒྲུབ་དང་ས་གནས་ཉོ་བསྒྲུབ་ཞུས་ཏེ་གཞིས་འགོ་ཐོག་མའི་མཛད་འགན་བསྐྱངས་པ་སོགས་གསལ་འཁོད་གནང་འདུག
ལེའུ་བཞི་བ།
འདིར་“གཡུང་དྲུང་བོན་གྱི་སྤྱི་འཐུས་”གནང་སྐོར་ལ་རེད་འདུག དེ་ཡང་ཕྱི་ལོ་༡༩༨༢ ནས་༡༩༩༠ ལོའི་བར་༧སྐྱབས་རྗེ་༧སྨན་རིའི་ཁྲི་འཛིན་སོ་གསུམ་པ་དང་༧སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་རྣམ་གཉིས་བཀའ་དགོངས་གཡུང་དྲུང་བོན་གྱི་སྤྱི་འཐུས་ཀྱི་ཕྱག་ལས་གནང་སྐོར་དང་དེའི་སྐབས་བོད་གཞུང་གི་སྲིད་ཕྱོགས་ཀྱི་ལོ་རྒྱུས་ཞལ་གསལ་འདུག
ལེའུ་ལྔ་པ།
འདིར་“ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་”གནང་སྐོར་ལ་རེད་འདུག དེ་ནི་ཕྱི་ལོ་༡༩༩༥ ནས་༢༠༠༡ བར་གྱི་མཛད་རྗེས་སྐོར་སོགས་བསྡོམས་བོད་མི་མང་གི་སྤྱི་འཐུས་ཐུགས་འགན་མི་ལོ་ཉེར་གཅིག་རིང་ལ་མཛད་གནང་ཡོད་པ་དང་དེའི་སྐབས་ཀྱི་སྤྱི་ཚོགས་དང་འབྲེལ་བའི་སྲིད་ཕྱོགས་ཀྱི་དོན་གནད་རྣམས་གསལ་འཁོད་འདུག
ལེའུ་དྲུག་པ།
འདིར་“ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་ཆེ་བ་”གནང་སྐོར་གྱི་མཛད་པ་རེད་འདུག དེ་ཡང་ཕྱི་ལོ་༢༠༠༡ ནས་༢༠༠༤ ལོའི་བར་དུ་བོད་གཞུང་གི་ཁྲིམས་ཞིབ་པ་དང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་གོ་གནས་བཞེས་ཏེ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་མཛད་འགན་ཇི་ལྟར་བསྐྱངས་པ་སོགས་དངོས་བདེན་མྱོང་ཚོར་རྣམས་གསལ་འཁོད་ཡོད་འདུག
ལེའུ་བདུན་པ།
སྡེ་ཚན་འདིར་“བཙན་བྱོལ་བོད་གཞུང་གི་འགན་དབང་ཞབས་ཞུ་ལེགས་སྒྲུབ་ཀྱིས་རྒས་ཡོལ་ཐོན་པ་དང་དེའི་རྗེས་ཀྱི་གནས་ཚུལ་མདོར་བསྡུས་”ཞེས་པའི་སྐོར་ལ་གལ་གནད་ཁག་བསྡུས་འདུག དེ་ཡང་ཕྱི་ལོ་༢༠༠༤ ནས་༢༠༠༩ ལོའི་བར་གྱི་མཛད་རྗེས་ཆེ་ཁག་རྣམས་ཚིག་བསྡུས་དོན་གསལ་གྱིས་བཀོད་གནང་འདུག
མཇུག་གཏམ།
སྐུ་ངོ་གང་གིས་རྣམ་དཔྱོད་ཀྱི་རྩལ་སྤྲུགས་ཏེ་རང་“མི་རིགས་ཀྱི་དོན་དུ་སྤྱི་སྒེར་ལོ་རྒྱུས་ཡོད་རིགས་འདས་ཟིན་པའི་ནང་དུ་མ་བཞག་པར་འཛམ་གླིང་སྤྱི་དང་། སྒོས་སུ་མ་འོངས་པར་མི་རབས་གསར་པ་ཚོས་ཤེས་ཐུབ་པ་དྲང་བདེན་ཁ་གསལ་མིག་གིས་བལྟ་རྒྱུ་དང་། རྣ་བར་ཐོས་རྒྱུ་ཡོད་པ་ཡིག་ཐོག་བཟོ་འཇོག་དགོས་”པ་གལ་ཆེན་དུ་དམིགས་ཏེ་མཛད་གནང་བ་རེད།
ལོ་རྒྱུས་ཀྱི་བཀའ་རྩོམ་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སྔར་ཞུས་ཟིན་པ་ལྟར་“ངེས་དོན་ཡོང་ཆེད་ལོ་ཟླ་ཚེས་གྲངས་དུས་ཚོད་སོགས་གསལ་ཁ་”བཏོན་གནང་ཡོད་པ་དང་། དེ་མིན་“འབྲེལ་ཡོད་ཡིག་ཆ་ཡོད་རིགས་བདེན་དཔང་ཆེད་ཟུར་སྦྱར་དུ་བཀོད་”གནང་ཡོད་པ། གཞན་“འུར་བརྗོད་དང་སྒྲོ་བཏགས་མཛེས་རྒྱན་”ཁ་ཡག་དང་སྤྲེལ་ལད་སོགས་ཀྱིས་ལྷད་མེད་པར་གསལ་ཐང་གནང་ཡོད་པ་ཡང་མངོན་གསལ་རེད།
ལྷག་དོན་དུ་ལོ་རྒྱུས་ཀྱི་གླེགས་བམ་འདི་ནི་སྐུ་ངོ་ཁོང་གིས་“བཙན་བྱོལ་བོད་གཞུང་གི་མཐོ་རིམ་འགན་དབང་འཛིན་མི་རྣམས་ལ་དཀའ་སྡུག་དང་རྣམ་གྲངས་མང་པོའི་འགལ་རྐྱེན་གྱི་ཁྲོད་ནས་རང་ཚོད་བཟུང་སྟེ་མ་འོངས་པའི་མདུན་ལམ་གསར་གཏོད་བྱེད་ཕྱོགས་གོ་བསྡུར་གནང་སྐབས་ཀྱི་དངོས་”བྱུང་ལོ་རྒྱུས་ཁག་དང་དངོས་བདེན་མྱོང་ཚོར་ཤ་སྟག་ཡིན་པ་ནི་ལོ་རྒྱུས་དངོས་བྱུང་གི་གླེགས་བམ་འདི་ཞིབ་བཀླགས་གནང་བས་ཤེས་ངེས་སོ།།
༼ བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་༽ཅིག་ཅིག་ཅེས་བོས་ན་ནོར་ཚར་བ་རེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་པ་ཟུར་པ་ཞེས་ན་དོན་ལ་གནས་ཤིང་ངོ་བསྟོད་སྤྲེལ་ལད་ཀྱི་ཆ་ཕྲ་མོ་ཙམ་ཡང་མེད་པའི་འབྲི་སྲོལ་རེད།
༼ འུར་བརྗོད་དང་སྒྲོ་བཏགས་མཛེས་རྒྱན་”ཁ་ཡག་དང་སྤྲེལ་ལད་སོགས་ཀྱིས་ལྷད་མེད་པར་གསལ་ཐང་གནང་ཡོད་པ་ཡང་མངོན་གསལ་རེད། ༽མངོན་གསལ་རེད་ཟེར་པ་ཙམ་གྱིས་འགྲིག་གི་མ་རེད། མངོན་གསལ་ཡིན་སྟངས་ལ་ཁོང་གི་བརྒྱུད་མྱོང་བའི་སྐབས་ཐོག་སོ་སོའི་ལོ་རྒྱུས་དངོས་ཡོད་ཁག གཞན་དང་བསྡུར་ནས་བལྟ་དགོས་ཤིང། ཀློག་པ་པོའི་ངོས་ནས་ཚངས་ཐིག་ཅིག་ཡིན་མིན་ཚད་གཞི་གང་དུ་བཞག་ནས་ལྷད་མེད་ཡིན་པར་གསལ་ཐིང་ངེར་སྒྲུབ་ཐུབ་ན་གནས་ཚུལ་ལོག་ག་རེད་མ་གཏོགས།
མ་གཞི་ནས་མི་འདི་དང་འཇུ་ཆེན་གཉིས་ལ་ལོ་རྒྱུས་ཡག་པོ་ཞིག་མེད་པ་གསལ་བོ་རེད།
སྨིན་རིའི་གླིང་ཁོ་ནའི་དབང་དུ་བྱས་ནས་བཤད་ནའང། ཐ་ན་སྤྱི་འཐུས་ཚུན་ཆུད་དུ་བོན་གྱི་ཆོས་བརྒྱུད་ཆོལ་ཁའི་ཕྱོགས་སུ་བེད་སྤྱོད་བཏང་དང་གཏོང་བཞིན་པ་ནི་ཀུན་གྱིས་ཤེས་གསལ་རེད་ལ། བྱ་དུར་ཁོ་པ་དང་སྨོན་ལམ་མཐར་ཕྱིན་སོགས་ལ་བོད་མི་གཙོ་བོན་མི་གཙོ། ད་དུང་ཁྲི་འཛིན་མཆོག་ཀྱང་མི་གཙོ། གང་གཙོ་བ་ནི་འཇུ་ཆེན་གཙོ་ཞིང་དེའི་རྗེས་སུ་འབྲངས་རྒྱུ་དེ་ཡིན་སྟབས།
སྐད་ཆ་ཟེར་པ་འདི་ཁ་ནས་མ་ཐོན་གོང་བསམ་བློ་བཏང་ན་ཡག་གི་རེད་ལ། ཡི་གེ་ཟེར་པ་འདི་གང་བྱུང་བྲིས་ན་བསུབ་ཀྱང་སུབ་ཀྱི་མེད་དུས་དཀའ་ལས་རང་མགོར་ལྷུང་གི་རེད་བསམས།
འཕྲིན་ལེན་མིང་ཅན་ནས་༼མ་གཞི་ནས་མི་འདི་དང་འཇུ་ཆེན་གཉིས་ལ་ལོ་རྒྱུས་ཡག་པོ་ཞིག་མེད་པ་གསལ་བོ་རེད།༽ ཞེས་གཤད་འདུག་པས་ཁོང་གཉིས་ལ་ལོ་རྒྱུས་མ་ཡག་པའི་གསལ་གསལ་དག་དག་གིས་སྐད་ཆ་་ཞིག་ཁྱེད་ཀྱིས་དྲ་ཐོག་འདིར་མ་བཀོད་ཚེ་ཁྱེད་ཀླད་སྟོང་ཆོལ་ཁ་དང་ཆོས་ལུགས་དབྱེན་དཀྲུགས་ཀྱིས་བྱེད་གཏེར་ཞིག་ཏུ་ངེས་འཛིན་བྱེད་རྒྱུ་ཡིན།
རྒན་རབས་རྣམ་པར་དོན་གྱི་མཛད་རྗེས་ཡོད་པ་བདེན། རང་གི་མི་ཚེའི་ལོ་རྒྱུས་ཡིག་འཇོག་གནང་བ་གལ་ཆེན་པོ་རེད། ཀློག་པ་པོ་ཞིག་ཡིན་ན་གཟུ་བོར་གནས་རྒྱུ་གལ་ཆེ། དཀར་ནག་ཁྲ་ཁྲའི་སྤྱི་ཚོགས་ཁྲོད་དུ་ནག་ཐིག་ཙམ་ཡང་མེད་པའི་མི་ཞིག་ཡོད་དཀའ། ལྷག་པར་དུ་སྲིད་སྟེགས་སུ་བུད་ཟིན་པའི་སྐྱེས་བུ་སུ་ཞིག་ཡིན་ཡང་མི་ཁ་ཅུང་རེ་མ་འཁོར་བ་ཞིག་ཡོད་མི་སྲིད། ང་ཚོའི་སྤྱི་ཚོགས་ཀྱང་དེ་བཞིན་རེད། ལྷག་པར་དུ་ཡང་རྒྱལ་ལོ་དང་འཇུ་ཆེན་རྣམ་གཉིས་གཙོས་པའི་གླེང་ཕྱོགས་དེ་ཉོག་གྲ་ཆེན་པོ་ཆགས་ཡོད།
གནད་དོན་འདིའི་ཐད་ལ། ཏིང་ཞོ་ཕིང་གིས་ཐག་གཅོད་འདི་འདྲ་ཞིག་གནང་ཡོད་སྐད། “མའོ་ཙེ་ཏུང་གི་བྱས་རྗེས་དང་པོ་དང་སྐྱོན་ཆ་གཉིས་པ་ཡིན།” དཀར་ནག་མཉམ་འདྲེས་རང་བཞིན་གྱི་བོད་ཀྱི་དབུ་ཁྲིད་སུ་ཞིག་ཡིན་ན་ཡང་ཚད་གཞི་འདིའི་ཐོག་ནས་ཐག་བཅད་ན་འཚམ་པར་འདོད། འདི་ནི་ཚངས་ཐིག་གོ
ཆབ་གྲགས་ལགས། ༼རྒྱལ་ལོ་དང་འཇུ་ཆེན་རྣམ་གཉིས་གཙོས་པའི་གླེང་ཕྱོགས་དེ་ཉོག་གྲ་ཆེན་པོ་ཆགས་ཡོད།༽ ཁོང་གཉིས་ཀྱིས་གླེང་ཕྱོགས་ག་རེ་སྐོར་ཉོག་དྲ་ཆེན་པོ་ཡོད་རེད། སྦུག་སྦུག་ཙམ་མ་ཡིན་པའི་ཕྱི་གསལ་ནང་གསལ་ཚུལ་གྱིས་ཉོག་དྲ་དེ་ཚོ་བསམ་ཕོད་པ་དང་བཤད་ཕོད་པ་དགོས་པ་མ་རེད་དང་། དེ་ཚོ་གཅིག་གསུང་དང་། ཀློག་པ་པོ་ཞིག་ཡིན་པས་གཟུ་བོས་ལྟ་བ་དང་རྩོམ་པ་པོ་ཞིག་ཡིན་པས་གཟུ་བོས་དཔྱད་པ་ག་ཚོད་གནང་འདུག་མི་མཐོང་རྒྱུ་ཅང་ཡོད་དོག་ཁག་པོ་མ་རེད།
ཆབ་བྲག་ལྷ་མོས་བཤད་པར་རྒྱབ་སྐྱོར་ཡོད་་་་མི་ལ་སྐྱོན་མེད་མཁན་དང་་་ཤིང་ལ་མཛེར་བ་མེད་མཁན་མེད་ཅེས་བཤད་པ་ལྟར་རེད། འོན་ཀྱང་མི་བུ་སྒེར་ཞིག་གི་བྱ་སྤྱོད་ལ་སྐྱོན་ཡོན་ཤོད་དུས་དང་པོ་མི་དེའི་སྐྱོན་ཡོན་གྱི་ལས་འདི་དང་འདི་བྱས་ཀྱི་གནས་སྟངས་གཏིང་ཕྱིན་པ་ཞིག་སྐྱོན་ཡོན་བརྗོད་མཁན་རང་ཉིད་ལ་རྒྱུས་ཡོད་མཁན་ཞིག་དགོས་པ་ལས། རང་ཉིད་དགའ་སྡུག་གིས་རྐྱེན་པས་སྐྱོན་ཡོན་གྱིས་སྒྲོས་བཏགས་དེ་རིགས་མི་བུ་བྱབ་ཆུང་དག་གིས་ལས་ཚུལ་ཞིག་རེད། མ་གཞི་ནས་གོ་ཐོས་ལ་དྷ་སའི་སྐུ་དྲག་དཔོན་རིགས་དེ་ཚོ་བྱ་དུར་བཟང་པོར་མི་དགའ་ཚུལ་གོ་མྱོང་་་་དེ་ལ་ཁག་གང་ཡོད་་་་ཁོས་དྷ་སའི་ཁྲིམས་སྒྲིག་ལས་སོགས་གནས་དོན་ལེགས་པོར་མཁྱེན་ཏེ་་་་ཉེས་ཆའི་རིགས་ལ་མཛེམས་ཟོན་མེད་པར་སྐྱོན་ལ་སྐྱོན་འཛུག་བྱེད་མཁན་ཞིག་ལས་་་་་ལྷན་རྒྱས་སུམ་ཅུ་ལ་་་བཀའ་གནང་ཉེར་དགུའི་དཔེ་ལྟར་མིན་པས་རེད། འོན་ཀྱང་ཁོས་བྲིས་པའི་དེབ་ལས་སྐྱོན་ཆའི་རིགས་ཐེར་འདོན་བྱེད་ཐུབ་ན་དེ་ནི་རྣམ་དཔྱོད་དང་ལྡན་པ་ཞིག་ལས་ཉེས་མེད་སྐྱོན་འཛུག་གི་གནད་དོན་ཞིག་མིན། ལྷག་པར་དུ་ཁོང་ནི་བོན་གྱི་སྤྱི་འཐུས་སུ་ཞུགས་དུས་སུ་བོད་མིའི་མགྲིན་ཚབ་པའི་ངོ་བོར་སྲ་བརྟན་དུ་ཞུགས་པ་ལས་་་་རང་ཉིད་ཀྱི་ཆོས་ལུགས་དང་རང་ཉིད་ཀྱི་ཆོལ་ཁའི་ཚོགས་སྡེ་སོགས་སུ་གཡོན་ཐལ་དང་སྡེ་ཞེན་གྱི་ལས་ཀ་བྱས་པ་སྣ་གཅིག་གོ་མ་མྱོང། དཔེ་མཚོན་ཙམ་དུ་བྱེད་ན་་་་ཁོང་སྤྱི་འཐུས་ཡིན་དུས་ལྷོ
ཕྱོགས་མེའོ་ཆོས་འཕེལ་གླིང་དུ་ཕེབས་སྐབས་སུ་དེར་ཡོད་པའི་རྙིང་མའི་སྤྲུལ་སྐུ་ཡག་ཁྱབ་རིན་པོ་ཆེས་་་་་དེར་ཡོད་དགོན་པའི་མིང་ལ་་་་་རྙིང་དགོན་པདྨ་ཆོས་གླིང་་་་་ཞེས་སྔར་ནས་མིང་བཏགས་པར་་་་དེ་གའི་གཞིས་འགོས་་་དགོན་གྱི་མིང་དེ་ལྟར་འདོགས་མི་ཆོག་ཚུལ་གྱིས་དགོན་པའི་སྒོ་བྱང་དང་ལས་ཤོག་སོགས་རྩ་མེད་དུ་བཏང་རབས་དང། ཚོགས་ཁང་ནང་ཡོད་པའི་སྨིན་གླིང་ཁྲི་ཆེན་གྱི་བཞུགས་ཁྲི་དང་སྐུ་པར་བསམ་ཡས་རྩིའུ་དམར་པོའི་ཞལ་འབག་དང་སྐུ་གསོབ་བོད་རང་ནས་འཁུར་ཡོང་བ་བྱིན་ཆེན་བཅས་ལྷ་ཁང་ནས་ཕྱི་ལ་བཏོན་དུ་བཅུག་རབས་སོགས་བཤད་འདུག་་་་་སྐབས་དེ་དུས་སྤྲུལ་སྐུས་་རྙིང་མའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་་་ཡ་མ་བྱས་རབས་དང་་་་ཚེ་རིང་ཕུན་ཚོགས་ལ་ཞུས་པས་་ལས་དོན་མ་བྱུང་རབས་བཤད་འདུག་་་དེ་ནས་བྱ་དུར་བཟང་པོས་གཞིས་འགོ་དང་སྤྲུལ་སྐུ་བཅས་འགུགས་འབོད་ཀྱིས་་མཐར་སྤྱི་འཐུས་གྲོས་ཚོགས་སུ་སྙན་གསན་ནན་པོར་ཞུས་ཏེ་་་ད་ལྟ་མེའོ་ཆོས་འཕེལ་གླིང་གི་དགོན་པའི་མཚན་སྔར་ཡོད་མུ་ཐུད་ནས་བྱུང་བསྡད་པ་ནི་་་་བོན་པོའི་སྤྱི་འཐུས་བྱ་དུར་བཟང་པོས་རྙིང་མའི་བསྟན་པར་བླ་ན་མེད་པའི་བྱེད་བྱས་ཞིག་མིན་ནམ། འོན་ཀྱང་ཁ་བརྡའི་དྲ་བར་ཡོང་བའི་རྙིང་མའི་ཁ་འཛིན་པ་དག་གིས་རྟག་ཏུ་བོན་ལ་མཐོང་ཆུང་དང་ཁྱད་གསོད་དམའ་འབེབས་བྱེད་ཚུལ་ལ་ལྟ་དུས་་་་་ཇ་ལན་ཆུ་འཇལ་དང་་་་དྲིན་ལན་ལོག་འཇལ་ཟེར་བ་དེ་མ་རེད་དམ་་་་་ཨ་ཕྱི་ཟེར་བ་དང་མེ་དཀར་ཟེར་བ་ཨོ་ཉི་ཟེར་བ་་་དཔལ་དགྱེས་ཟེར་བ་ཚོས་་་བྱ་དུར་བཟང་པོའི་དེབ་སྨད་ཆའི་ནང་དུ་ལྟོས་ཤིག
བསྟན་འཛིན་ཟེར་བ་འདི་འཕྱི་བ་ས་ཁུང་ལ་འཛུལ་བསྡད་ཡོད་པ་འདྲ། ཕྱི་གསལ་ནང་གསལ་གྱི་གནས་ཚུལ་རིགསད་ལ་ཡང་རྒྱུས་མི་འདུག་ག བོད་ཀྱི་བོད་ཀྱི་སྤྱི་ཚོགས་ཤེས་འདོད་ན་ལོ་འགར་བོད་ཀྱི་སྤྱི་ཚོགས་ནང་ལ་དངོས་སུ་ཞུགས་ལོ།
ཆབ་བྲག་ལགས་ཀྱི་གསུངས་པ་བཞིན་བློ་གཟུ་བོར་གནས་པའི་ཐོག་ནས་སྔ་ཕྱིའི་ལས་དོན་ལ་བརྟག་དཔྱད་བྱས་ནས་མཆན་བཀོད་གནང་ན་ལེགས་ བོད་མི་སུ་འདྲ་ཞིག་ཡིནའང་བྱ་དུར་བཟང་པོའི་འདས་པའི་ལས་དོན་ལ་བསྐྱོན་བརྗོད་བྱེད་ཆོག་གི་རེད་ལ་བསྟོད་བསྔགས་ཀྱང་གཏོང་ཆོག་གི་རེད་ འོན་ཀྱང་ངའི་རེ་བ་ལ་དྲ་གྲོགས་རྣམས་ཀྱི་འབྲེལ་མེད་ཆོས་ལུགས་དང་ཆོལ་ཁའི་བཀའ་མོལ་མཉམ་དུ་མ་སྲེ་ན་ཡག་པོ་འདུག།
ཆབ་ལྷ་ལགས། ཁྱེད་ལྟ་བུ་སྙན་སུམ་ཆ་རེ་ཆོ་རེ་ཞིག་གིས་བོད་མགོ་སྐོར་ནས་བོད་ཀྱི་སྤྱི་ཚོགས་སུ་འཇོན་འདོགས་མ་བྱེད་ལོ། བོད་ཀྱི་སྤྱི་ཚོགས་འདིར་ཁྱེད་ལས་ང་རྒྱུས་ཆེ་བ་ཡོད། རྒྱལ་ལོ་དང་འཇུ་ཆེན་བར་གྱི་གསང་གནས་ཁ་ཤས་འདི་ན་འདུག། འདི་ནས་ཁྱེད་ལ་ཁ་ཁོག་ཡོད་ན་སྐད་ཆ་འདི་ནས་འགོ་འཛུགས་ཞུ་ཆོག། http://www.youtube.com/watch?v=Q9WWoo3Lj3o
གང་ལྟར་བྱ་བསོད་ཁོང་ཤེ་ཡོན་དང་བློ་རྩལ་ཆུབ་པ་ཞིག་ཡིན་བཟོ་མ་མངོན་ཡང་། ཐོག་མཐའ་བར་གསུམ་ལ་བྱ་བཞག་ངན་པའི་ལོ་རྒྱུས་ཀྱིས་མ་གོས་པའི་བརྒྱུད་རིམ་ཞིག་ཡོད་པ་ངེས་པའི། ལོ་དེབ་དེ་གཅིག་ཀློག་ན་འདོད།
རང་རེའི་སྤྱི་ཚོགས་ཀྱི་ཆེས་མཐོའི་དཔོན་རིགས་ཚོའི་མཛད་རྗེས་བརྗོད་དགོས་ལ་སྐྱོན་ཡང་ངེས་པར་དུ་འཐེར་འདོན་བྱེད་དགོས་པ་ལས་སྦས་སྐུང་བྱས་ན་དེ་ནི་སྤྱི་ཚོགས་འཐུར་ལ་དྲུད་པའི་བྱ་སྤྱོད་ཤིག་རེད། དེར་བརྟེན་དྲ་བའི་མི་སྣ་ཚོས་དོན་དངོས་སྤུངས་ནས་མི་སྣ་སུ་ཞིག་གིས་གནད་དོན་གླེང་ཀྱང་དེར་རྒྱབ་སྐྱོར་ཡོད།
བསྟན་འཛིན་ལགས་ནས་ངོས་འཛིན་གནང་བ་་་་དེ་སྔར་ཁྱོ་ག་ཀླད་མེད་ཅིག་གིས་རང་གི་སྐྱེད་དམན་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་ཡིན་པར་ངོས་འཛྀན་བྱེད་ཀྱི་ཡོད་ཅེས་བཤད་པ་དང་་་་་གཅིག་པ་གཅིག་རྐྱང་ཡིན་སྟབས། ཁྱད་པར་གང་ཡང་མེད་ནའང།
འཇུ་ཆེན་བྱ་དུར་སོགས་སྔོགས་དགོས་ན། མི་འདི་རིགས་འགྲོ་ས་བཙོན་ཁང་དུ་མ་གཏོགས་ཡོད་པ་མ་རེད། གཙོ་བོ་ངས་བཤད་པ་། ༼ བོད་མི་གཙོ་བོན་མི་གཙོ། རྒྱལ་བ་རིན་པོ་ཆེ་མི་གཙོ་ལ་ཁྲི་འཛིན་རིན་པོ་ཆེའང་མི་གཙོ། ཁོ་པ་དག་ལ་རང་གི་ཁེ་ཕན་་་་དེ་སྒྲུབ་བྱེད་ཀྱི་ཆོལ་ཁའི་ཞེན་ཁོག་ལག་ཆ་བྱེད་པའི་འཁྲབ་ལུགས་འཁྲབ་སྟངས་དེ་གཙོ་བོ་་་༽ ཡིན་པ་སེམས་ལ་ཉར་རོགས།།
རྒན་ལྷ་མོའི་གསུང་དེར་མངོན་པར་བསྟོད་དོ། །