(སུ་ཇ་སློབ་གྲའི་བོད་དགེ་བཀྲ་ཤིས་ཚེ་རིང་འདས་གྲོངས་སུ་ཕྱིན་པ་གོ་རྗེས།)
རིག་འབྱུང་དོན་གྲུབ་བཀྲ་ཤིས།
ནེའུ་ཡོག་ནས་སློབ་གྲར་མ་ལོག་སྔོན་ལ། རྒན་ལགས་ཁོང་འདས་གྲོངས་སུ་ཕྱིན་འདུག་ཟེར་བའི་གཏམ་དེ་ཐོས། གཏམ་དེ་བདེན་ནམ་བསམ་བཞིན་གྲོགས་པོ་འགར་སྐད་ཆ་དྲིས་བ་ཡིན། དེ་བདེན་པ་རེད་ཟེར་ནས་གྲོགས་པོའི་གློག་འཕྲིན་སླེབས་སོང་། ཉིན་འགའ་ལ་སེམས་འདི་སྐྱོ་བས་མནན། ངེད་ཀྱི་སེམས་པ་སྐྱོ་བས་གཟིར་དོན་ནི། རྒན་ཁོང་ཕ་ཡུལ་རྒྱབ་ཏུ་བསྐྱུར་བའི་གསར་འབྱོར་ཞིག་ཡིན། རྒན་ཁོང་སློབ་ཕྲུག་ལ་ཤ་ཚ་བྱེད་མཁན་ཞིག་ཡིན། ད་དུང་། རྒན་ཁོང་ལོ་ན་བཞི་བཅུར་སླེབས་ཡོད་མེད་ཙམ་གྱི་མཚམས་ན་ཡོད་། ད་། འདི་རུ་རྒན་ལགས་ཁོང་གི་སྐོར་ལ་ཚིག་འགའ་ཞུ་འདོད་སྐྱེས། འོན་ཀྱང་། ངེད་རང་རྒན་ལགས་ཁོང་ལ་ཆ་རྒྱུས་གཏིང་ཟབ་ཡོད་མཁན་དེ་འདྲ་མིན། ངེད་ནས་གང་བྲིས་བ་དེ་རྒན་ལགས་ཁོང་ལ་རྗེས་དྲན་གྱི་ཆ་ཤས་ཕྲ་མོ་ཙམ་ཡིན།
ཕྱི་ལོ་༡༩༩༩ལོའི་དབྱར་ཁར་། ངེད་རང་སུ་ཇ་སློབ་གྲར་ཞུགས། རྡོ་རྗེ་དབང་ཕྱུག་ནས། གལ་སྲིད་སློབ་གྲར་དཀའ་ངལ་འདྲ་འཕྲད་ན། བོད་དགེ་བྱམས་པ་དང་བཀྲ་ཤིས་ཚེ་རིང་གཉིས་ལ་ཤོད་ཟེར་ནས་འཕྲིན་ཐུང་ཞིག་གུས་བའི་ལག་ལ་བསྐུར། འཕྲིན་ཐུང་དེ་ངེད་ཀྱི་ལག་ཏུ་བདུན་གཅིག་ལ་ལྷག བདུན་གཅིག་དེ་ཆར་དུས་ལ་འཁེལ་ནས་འདུག ཆར་པས་ངའི་སྟོད་གོས་རློན་པ་བཟོ་ཐེངས་རེར་། སྟོད་གོས་ཀྱི་གློ་ཁུག་ཏུ་ཡོད་པའི་འཕྲིན་ཐུང་དེ་ཡང་རློན་པ་ཐེབས། བདུན་གཅིག་གི་རྗེས་སུ་འཕྲིན་ཐུང་དེ་འཁྱེར་ནས་རྒན་ལགས་ཁོང་གཉིས་ཀྱི་སྡོད་ཤག་ལ་ཕྱིན། འོན་ཀྱང་། འཕྲིན་ཐུང་དེའི་ཚིག་ཕྲེང་རེ་རེ་བཞིན་ངས་ཀྱང་ཀློག་དཀའ་བ་འདུག གང་ལྟར། འཕྲིན་ཐུང་དེ་རྒན་བྱམས་པའི་ལག་ཏུ་སྤྲད་ནས་ཕྱིར་ལོག རྒན་བཀྲ་ཤིས་ཚེ་རིང་དེ་དུས་ནང་དུ་བསྡད་མི་འདུག
གོ་སྐབས་ལོ་རིམ་དང་པོའི་སྐབས་སུ། དབུས་སྐད་ཡག་པོ་མ་གོ་བའི་དཀའ་ངལ། གྲོད་ཁོག་ལྟོགས་པའི་དཀའ་ངལ། གུང་གསེང་ལ་འགྲོ་ས་གཏན་འཇགས་མེད་པའི་དཀའ་ངལ། ཟུར་དངུལ་སྤྱོད་རྒྱུ་མེད་པའི་དཀའ་ངལ་སོགས། དཀའ་ངལ་རབ་དང་རིམ་པ་འཕྲད་། འོན་ཀྱང་། རྒན་བྱམས་པ་དང་བཀྲ་ཤིས་ཚེ་རིང་གཉིས་ཀྱི་རྩར་མ་ཕྱིན། ཚུར་ཁྱོད་ལ་དཀའ་ངལ་འདུག་གམ་ཟེར་མཁན་ཡང་མ་བྱུང་། རྒན་བཀྲ་ཤིས་ཚེ་རིང་ལགས་མཚམས་རེར་མཐོང་བ་མ་གཏོགས། ཕན་ཚུན་ལ་གླེང་མོལ་ཚིག་གཅིག་ཀྱང་བྱེད་རྒྱུ་མ་བྱུང་།
གོ་སྐབས་ལོ་རིམ་གཉིས་པའི་སློབ་འགོ་ཚུགས་རྗེས་ཀྱི་བདུན་དང་པོ་དེར་། ང་ཚོའི་འཛིན་གྲའི་བོད་དགེ་བུད་མེད་དེ་ལ། བརྡ་སྤྲོད་སྐོར་ནས་ངེད་ཀྱིས་དོགས་སློང་འགའ་བྱས། རྒན་ལགས་དེས་ངའི་དྲི་བར་ལན་མ་གནང་བར། མིག་ཆུ་གཏོང་ཞོར་འཛིན་ཁང་ནས་ཐོན་སོང་། དེ་ནས་ཕྱིར་ཡོང་མ་སོང་། འཛིན་དགེས་བརྗོད་ན། བུད་མེད་དེས་ང་ཚོའི་བོད་དགེ་བྱེད་གི་མིན་ལབ་སོང་ཟེར། འཛིན་དགེའི་རྣམ་འགྱུར་ལ་བལྟས་ན། ནོར་འཁྲུལ་བཟོ་མཁན་ང་རེད་ཟེར་གི་ཡོད་པ་འདྲ་། གང་ལྟར། བདུན་གཅིག་ཙམ་ལ་ང་ཚོར་བོད་ཡིག་དགེ་རྒན་མེད་། ང་ཚོས་བོད་ཡིག་དགེ་རྒན་སུ་ཡོང་མིན་ལ་སྒུག་ནས་ཡོད་། སྟབས་ལེགས་ནས་རྒན་བཀྲ་ཤིས་ཚེ་རིང་ང་ཚོའི་བོད་དགེ་བྱེད་པར་ཕེབས། ངེད་ཀྱི་སེམས་པ་ལྷོད་ལ་བབས་། བོད་དགེ་ཞིག་རག་པ་དེས་ངེད་ཀྱི་སེམས་ལ་རྒྱལ་ཁ་ཆུང་ཆུང་ཞིག་ཐོབ།
རྒན་ལགས་ཁོང་གིས་ཐོག་མར་། ངེད་ཚོར་སུམ་ཅུ་བ་བསླབས། ཁོང་སུ་ཏུའི་ལུགས་གཙོ་བོར་འཛིན་མཁན་ཡིན་ཟེར་། སློབ་གྲོགས་ཚོའི་དོགས་སློང་ལ་། ཁོང་གིས་གཙོ་ཆེར་བསམ་ཚུལ་བརྗོད་གི་འདུག་མ་གཏོགས་། མཐའ་གཅིག་ཏུ་འདི་རེད་དང་དེ་མ་རེད་གསུང་གི་མི་འདུག ད་དུང་། ཁོང་ནས་ཐུགས་ཐག་མ་ཆོད་པ་དེ་འདྲ་ཡིན་ན། ཁོང་གིས་ངེད་ཚོར་མར་སྐད་ཆ་འདྲི་གི་རེད་། ཁོང་གི་སློབ་ཐུན་སྐབས་སུ། སློབ་གྲོགས་ཚོར་རང་དབང་ཤུགས་ཆེར་ཡོད་པའི་རྣམ་པ་དེ་མངོན། སློབ་གྲོགས་ཚོས་ཉོབ་སྣང་བྱས་ན། ཁོང་ནས་སོ་སོའི་ཞོགས་ཇ་བཟོ་སྟངས་སོགས་བརྗོད་ནས་དོ་སྣང་འགུག་ཐབས་བྱེད་གི་རེད་། མཚམས་རེར་ཁོང་གིས། ཁོང་ལ་དགེ་རྒན་འོས་སྦྱོང་གི་ལག་འཁྱེར་མེད་པས། འཛིན་སྐྱོང་གིས་ཁོང་ལ་འཛིན་རིམ་བདུན་པ་དང་བརྒྱད་པར་བོད་ཡིག་འཁྲིད་དུ་འཇུག་གི་མི་འདུག་ཟེར་བཞིན་འཁང་ར་བྱེད་། མཚམས་རེར་ཁོང་གིས། ཁོང་ཉིད་ས་ར་མཐོ་སློབ་ཏུ་ཡོད་དུས་། ཁོང་གི་སློབ་གྲོགས་ཚོའི་ཁྲོད་ན་མཁས་བ་དེ་འདྲ་འདུག་མོད་། དེ་ཚོའི་རྩ་ནས་སློབ་སྦྱོང་ལེན་རྒྱུར་ཐབས་ཤེས་ཙམ་ཡང་མ་བྱས་བ་དེ་ལྐུགས་པ་རེད་ཟེར་ནས་འགྱོད་སེམས་སྟོན། རྣམ་འགྱུར་འདི་གཉིས་ངེད་ཀྱི་དྲན་ངོར་ད་དུང་ཡང་འདུག
སུམ་ཅུ་བ་བསླབས་ཚར་རྗེས། ཁོང་གིས་ང་ཚོའི་འཛིན་གྲར་རྟགས་འཇུག་བསླབས། ཁོང་ནས་གསུངས་རྒྱུར་། ཁྱེད་ཚོས་ད་ལྟ་ནས་རྟགས་འཇུག་སྦྱོང་དང་། འཛིན་རིམ་སྒང་མར་ཕྱིན་ན་ཕན་ཐོགས་གི་རེད་ཟེར་། གུས་བ་སྒེར་ལ་མཚོན་ན། ཁོང་ནས་གང་བསླབས་པ་དེས་ཕན་ཐོགས་རྒྱ་ཆེར་བྱུང་། རྒན་ལགས་ཁོང་གི་སློབ་ཁྲིད་དང་སོ་སོའི་ཟུར་ཀློག་གཉིས་ལ་བརྟེན་ནས། རྟགས་འཇུག་ལ་རང་རྐྱ་འཕེར་བ་ཞིག་ཆགས། རྗེས་སུ། སློབ་གྲོགས་གཞན་ལ་ཕར་རྟགས་འཇུག་སློབ་རྒྱུ་དེ་འདྲ་ཡང་བྱུང་། གང་ལྟར། བརྡ་སྤྲོད་སྐོར་ལ་རྒན་ལགས་ཁོང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན།
ང་འཛིན་རིམ་བརྒྱད་པའམ་དགུ་བ་གང་རུང་ཞིག་ཡིན་པའི་སྐབས་སུ། རྒན་ཁོང་ང་ཚོའི་ཁང་ཚན་དགེ་རྒན་ཆགས་འདུག ངེད་རང་ཁང་ཚན་གྱི་བོད་ཡིག་བགྲོ་གླེང་དེ་མ་གཏོགས། ཚོགས་འདུ་གཞན་པའི་རིགས་ཚང་མར་གཡོལ་གང་ཐུབ་བྱེད་མཁན་གྱི་གྲས་ཡིན། འོན་ཀྱང་། རྒན་ལགས་ནས་། ཁྱོད་ཁང་ཚན་གྱི་ཚོགས་འདུ་སོགས་ལ་ཡོང་གི་མི་འདུག་ལབ་ནས་ཚིག་གཅིག་ཀྱང་བརྗོད་མ་སོང་། ངེད་ཀྱི་དྲན་ངོར་ཡོད་པ་ལྟར་ན། ཉིན་ཞིག་རྒན་ལགས་ཀྱིས་ང་ཟུར་དུ་བོས་ནས། དོན་གྲུབ་བཀྲ་ཤིས། ཁང་ཚན་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་ཚུལ་ཡོད་ན་། ང་ལ་མ་འཛེམ་པར་ཤོད་། ཁྱེད་ཚོ་སློབ་སྦྱོང་ཡོད་མཁན་ཚོས་འགན་མང་ཙམ་འཁྱེར་དགོས་ཀྱི་འདུག་ཞེས་གསུངས་སོང་། ངེད་ནས་། ལགས་སོ་ཞུས་བ་མ་གཏོགས་ཚིག་གཅིག་ཀྱང་བརྗོད་མེད་། ཚིག་གཅིག་ཀྱང་མ་ཞུས་བ་དེ་འཚེར་སྣང་གི་དབང་གིས་ཡིན་། ཁང་ཚན་དགེ་རྒན་ཡིན་པའི་སྐབས་སུ། རྒན་ལགས་ནས་མཚམས་རེར་སློབ་ཕྲུག་ཚོའི་སྒང་ལ་ཁོང་ཁྲོ་ཤོར་གི་ཡོད་པ་འདྲ་། ཉིན་ཞིག་གི་ཕྱི་དྲོའི་ཁང་ཚན་གྱི་རུ་སྒྲིག་སྐབས་སུ། ང་ཚོ་སྐོར་ཞིག་རྗེས་ལུས་ཐེབས་སོང་། རྒན་ལགས་ཀྱིས་ང་ཚོའི་ནང་གི་སློབ་གྲོགས་གཅིག་གི་གདོང་ལ་ཁུ་ཚུར་གཞུས་སོང་། སློབ་གྲོགས་དེ་སྣ་ཁྲག་ཆིལ་ལེ་བཏང་སོང་། ང་ཐེ་བའི་གཞན་པ་ཚོའི་སྒང་ལ་ལག་པ་བཀྱགས་མ་སོང་། བཀའ་བཀྱོན་ཡང་བཏང་མ་སོང་།
ངེད་རང་འཛིན་རིམ་བཅུ་བ་ཐོན་ནས་སློབ་གྲ་དང་ཁ་བྲལ་ལ་ཉེ་བའི་ཉིན་ཞིག སློབ་གྲའི་འཛིན་ཁང་དག་གི་ཟུར་ཞིག་ནས་རྒན་ལགས་ལ་ཐུག་སོང་། ཁྱེད་ལ་ཁོམ་པ་ཡོད་དམ་ཟེར་། ང་ལ་ཁོམ་པ་ཡོད་ལབ་པ་ཡིན། ཁོམ་པ་ཡོད་ན་ངའི་ནང་ལ་འགྲོ་དང་མོག་མོག་ཟ་རྒྱུ་ཡོད་ཟེར་། ཡིན་དང་ཡིན་ཟེར་བཞིན་རྒན་ལགས་དང་འགྲོགས་ནས་ཁོང་གི་ནང་ལ་ཕྱིན། རྒན་ལགས་ནས་མོག་མོག་ཚ་བོ་བཟོས། ངེད་གཉིས་སྤྱིར་བཏང་གི་གཏམ་ལ་རོལ། ངེད་ཀྱི་ཁ་ནས། རྒན་ལགས་ལ་ད་དུང་དགའ་རོགས་མེད་དམ་ཞེས་དྲི་ཚིག་ཅིག་ཤོར་། རྒན་ལགས་ཀྱིས་གདོང་ལ་འཛུམ་ཞིག་བསྡུ་བཞིན།
དགའ་རོགས་ཤིག་ཡོད་། མོ་དགེ་རྒན་ཞིག་ཡིན། ཉིན་རྟག་པར་ཁ་པར་ཡོང་ནས་སྡོད་བཅུག་གི་མི་འདུག མཚམས་རེར་ལག་འཁྱེར་ཁ་པར་གྱི་གློག་རྫོགས་རག་བར་དུ་སྐད་ཆ་ཤོད་དགོས་ཆགས་ཀྱི་འདུག་ཟེར། ང་གད་མོ་བགད་ཙམ་བྱས་། རྒན་ལགས་ད་དུང་དགེ་རྒན་བྱས་ནས་འདུག་གི་ཡིན་ནམ། ངའི་ཁ་ནས་དྲི་བ་གཞན་ཞིག་ཤོར། མིན། ང་ཕྱི་རྒྱལ་ཞིག་ལ་འགྲོ་གི་ཡིན། ངས་སློབ་སྤྱི་ལ་ཟླ་བ་དྲུག་གི་སྔོན་ཚུན་ནས་སྙན་ཞུ་བཏང་ཚར་བ་ཡིན། ང་ལ་སྤུན་མཆེད་སྤྲུལ་སྐུ་ཞིག་ཡོད་། ཁོང་གིས་ལས་ཀ་འདིའི་འགོ་སྔ་ཚང་མ་བྱེད་གི་ཡོད་། ཕལ་ཆེར་ད་ལོར་འགྲོ་ཐུབ་ས་རེད་། རྒན་ལགས་ཀྱིས་དེ་སྐད་གསུངས། དེ་ནི། རྒན་ལགས་དང་ངེད་གཉིས་དབར་ལ་བྱུང་བའི་གླེང་མོལ་མཐའ་མ་དེ་རེད་། དེའི་རྗེས་ནས་དགེ་རྒན་དང་འབྲེལ་བ་བསྐྱར་དུ་མ་བྱུང་།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ངས་ཁྱེད་རང་ངོ་ཤེས་པ་ཙམ་ལས་སྐད་ཆ་དེ་ཙམ་བཤད་མ་མྱོང་མཁན་ཞིག་ཡིན། ཕལ་ཆེར་ང་རང་འཛིན་གྲྭ་བདུན་པ་བརྒྱད་པ་ཙམ་ལ་སླེབས་སྐབས་ཁྱེད་རང་ཐོག་མར་སློབ་གྲྭར་འབྱོར་སོང། དེ་ནས་མི་རིང་ཁྱེད་རང་ངའི་ཁང་ཚན་གྱི་ནང་དུ་སླེབས་སོང་ཡང་ང་གཉིས་ཉལ་ཁང་གཅིག་པ་མ་རེད། ཁྱེད་རང་འོག་གི་ཉལ་ཁང་དང་ང་རང་སྟེང་གི་ཉལ་ཁང་དང་པོར་རེད། འོན་ཀྱང་ངས་ད་དུང་ཡང་དྲན་གསོས་པར་གཞིགས་ན་ཁྱེད་ཀྱིས་དགོང་དྲོ་ཉལ་ཁང་གི་མདུན་ལ་ལྕགས་སྒམ་གཅིག་མདུན་ལ་ཉར་ནས་ཡི་གེ་སྦྱོང་བཞིན་པ་དེ་རེད། སྐབས་དེ་དུས་ངས་ཁྱེད་རང་བོད་ཡིག་ཡག་པོ་ཡོད་པ་དང་། ལག་རྩེད་སྤོ་ལོ་ཡག་པོ་རྩེད་མཁན་ཡིན་པ་ལས་དབྱིན་ཡིག་གནས་ཚད་གང་འདྲ་ཡོད་མེད་དོ་སྣང་མ་བྱུང། ང་རང་སློབ་གྲྭ་གཞན་ལ་བསྐྱོད་རྗེས་ཕྱིས་སུ་ཁྱེད་ཀྱིས་བྲིས་པའི་བོད་ཡིག་དེབ་གཅིག་ཀློག་རྒྱུ་བྱུང། དེ་རྗེས་ཁྱེད་རང་ཕྱི་རྒྱལ་དུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་པ་ཐོས་བྱུང་བས་ངོ་མ་གོ་སྐབས་ཡག་པོ་རགས་འདུག་བསམ་བྱུང། ད་ལྟ་ངས་བཤད་འདོད་པ་ནི་ཁྱེད་ནི་དོན་ངོ་མའི་གདབ་ཤོག་གཉིས་ལྡན་ཡིན་པས་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་གཞིར་བཟུང་རང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་དང་རྒྱལ་ཁབ་ལ་ཞབས་འདེགས་བསྒྲུབ་མཁན་ཞིག་ལ་རེ་ནས་ཡོད། དོན་གྲུབ་བཀྲ་ཤིས་ལགས། ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་ཆུང་བ། ཚིག་འདི་ནི་བདག་གི་དགེ་རྒན་ན་ག་སངས་རྒྱས་བསྟན་དར་ངར་དམིགས་སུ་གསུངས་པའི་ཚིག་གཅིག་ཡིན་པས་ངས་ཁྱེད་དེ་ལྟར་རེ་ནས་ཡོད། རྒན་དམ་པ་བཀྲ་ཤིས་ཚེ་རིང་ངས་ངོ་ཡག་པོ་མི་ཤེས་ཀྱང་ཁྱེད་ཀྱིས་མི་རིགས་ལ་ཕན་པའི་བྱ་བཞག་བརྩམས་ཚེ་ཁོང་གི་རྗེས་དྲན་དེ་ལྷག་མེད་ངེས་སོ།།
ཐུགས་རྗེ་ཆེ། དོན་གྲུབ་བཀྲ་ཤིས་ལགས་ཁྱེད་ཀྱིས་ཀློག་རྒྱུའི་རེ་བ་ཆེ།།
འ་འ་འ། སློབ་གྲྭ་བ་དེ་ཚོ་ཡང་ལྷོད་ལ་བབས་ན་ཁ་བརྡ་ལྷོད་ལྷོད་འདི་ལྟར་བྱེད་ཀྱི་ཡོད་ཀི ང་ད་འདི་མོ་འདི་ཀློག་རྒྱུར་དགའ་ནི་རེད་ཡ། རིག་འབྱུང་ནས་དགེ་རྒན་གྱི་ལོ་རྒྱུས་ཟེར་ནོ་བླ་མའི་རྣམ་ཐར་ལས་ལྷག་ཟིག་བྲིས་ཡོད་ཀི ཀློག་གི་ཀློག་གི་དགའ་ནི་ཟིག་རེད། འོ་དགོངས་དག་ངས་དགའ་ནི་ཟིག་རེད་ཟེར་ན་སློབ་དགེ་གྲོངས་པ་དེར་དགའ་ནི་རེད་ཟེར་གི་མེད་ད། ཕྱི་རབས་པའི་ཁྲོད་ན་ཁྱོད་ལྟ་བུ་ཡོད་པར་དགའ་ནི་ཟིག་རེད། གསར་བའི་ཁྲོད་ན་ཁྱོད་ལྟ་བུ་ཡོད་པར་དགའ་ནི་ཟིག་རེད་ཟེར་བཞིན་ཡོད།
ཁྱོད་ཀྱིས་དགེ་རྒན་གྱི་མོ་མོ་དྲན་གི་ཡོད་ས་རེད། མོ་མོ་དྲན་ན་ངས་ཁྱོད་ལ་མོ་མོ་ཚ་བོ་ཞིག་བཟོ། ང་ཁྱེད་རང་གི་ཡི་གེ་འབྲི་སྟངས་འདི་ལ་ཤིན་ཏུ་དགའ་གི ཁྱེད་རང་གི་ཡི་གེ་འབྲི་སྟངས་ལས་ངས་ཁྱེད་ཀྱི་གཤིས་ཀ་ཤེས་ཡོང་གི ངས་ཁྱོད་ལ་ཐེ་མོང་བསྟན་ནས་ཧེ་རེ་བུ་ཟེར་བཞིན་ཡོད། ང་ཚོ་གྲོང་གསེབ་ནས་ཧེ་རེ་བུ་ཟེར་ན་བསྟོད་པ་དྲག་ཤོས་དེ་ཡིན་ནི་རེད་ཀོ་འ་རོགས།
རིག་པ་འབྱུང་བའི་སྐུ་སྲས་ཀྱི་དྲན་ཐོ་བཀླགས་ཟིན། འབྲི་སྟངས་བཟོ་ཨ་ཁུ་པདྨ་འབུམ་ཚང་འདྲ་བོ་ཞིག་འདུག
རིག་འབྱུང་ནས་དགེ་རྒན་སྐོར་འབྲི་སྟངས་འདི་ཧ་ཅང་ཡག་པོ་འདུག་ལ་ཕྱོགས་ལྷུང་བྲལ་བ་ཞིག་རེད་འདུག
སྔོན་ཚེ་ཤེས་རིག་སློབ་པའི་གྲྭ་གཅིག་ནས།།
ལོ་གཉིས་དུས་ཚོད་དགོད་སྒྲའི་ཀློང་ནས་བསྐྱལ།།
དེ་ཚེ་སེམས་པའི་རི་ལུང་གདགས་སྲིབ་ཀུན།།
མཛའ་བརྩེའི་ཞགས་པས་གཅིག་ཏུ་བསྡམས་པ་དེས།།
ཕྱིས་ན་རང་རང་གནས་སུ་གྱེས་ནས་ཀྱང་།།
ཕན་ཚུན་མཛའ་བའི་མདུད་པ་གཅེས་ཉར་བཅས།།
ཡང་ཡང་འཕྲད་ཅིང་འཕྲད་པའི་སྐབས་དག་ན།།
གནའ་རྒྱུས་ད་རྒྱུས་བར་མཚམས་མེད་པའི་གཏམ།།
སྤྱི་སྒེར་བྱ་བར་བྱུས་མེད་བྱུས་གཏོགས་གཏམ།།
ཀུ་རེ་རྩེད་མོ་དགོད་ཁ་སློང་བའི་གཏམ།།
ནང་མའི་གླེང་མོལ་ཆད་ནས་ཞག་བཅུ་ཐལ།།
གྲོགས་ཁྱེད་འདི་ལྟར་བཞུད་པའི་ཚུལ་བསམ་ཞིང་།།
གྲོགས་ཁྱེད་འདི་ལྟར་བྲལ་བའི་ཚུལ་བསམ་ཞིང་།།
ཉལ་འདང་ལག་པ་བྲང་ལ་བཞག་ནས་ངུས།།
ལངས་འདང་ལག་པ་མགོ་ལ་བཞག་ནས་ངུས།།
ཡ་གའི་ཞིང་ན་བཞུགས་པའི་བླ་མ་ལྷས།།
གྲོགས་འདི་བར་དོའི་འཇིགས་པ་ཡ་ང་ལས།།
གྲོལ་བའི་ཐབས་དང་བདེ་འགྲོའི་ལམ་པོ་ཆེ།།
ཡང་དག་བསྟན་ནས་རྣམ་མཁྱེན་རྒྱལ་བའི་སར།།
བགྲོད་པའི་ཁུར་བཟོད་ལྷ་མིའི་ལུས་རྟེན་དུ།།
མཚམས་སྦྱོར་སྐྱབས་འཇུག་གཡེལ་བ་མེད་པ་མཁྱེན།།
ཁྱེད་ཀྱི་རྩོམ་ཡིག་དེ་ཆ་ཚང་བཀླགས་ཚར་བ་ཉིན་དཔེ་ཡག་པོ་འདུག་སོ་སོའི་བཀའ་དྲིན་ཅན་གྱི་ཕ་མ་དང་དགེ་རྒན་ལ་གུས་བཀུར་ཞུས་བ་དེ་མི་ཆོས་གཙང་མ་བཅུ་དྲུག་དང་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་རེད།ངས་བཀུར་མི་འོས་པའི་དགེ་རྒན་ཞིག་གི་ནོར་འཁྲུལ་ངོ་སྤྲོད་བྱ་རྒྱུ་ཡིན།ས་རྭ་མཐོ་སློབ་ཀྱི་སློབ་དགེ་ངག་དབང་རྡོ་རྗེས་སློབ་ཕྲུག་བུ་མོ་སྐལ་བཟང་དབང་མོ་ལ་ལོག་གཡེམ་བྱས་ནས་ཁོང་གིས་ཆུང་མ་ལ་ངེད་གཉིས་མིང་སྲིང་བསྒྲིགས་པ་ཡིན་ཞེས་ནང་ལ་སྐད་མང་པོ་བཏང་ནས་མཐར་དངོས་གནས་ཁོང་གཉིས་དགའ་བོ་ཡིན་པ་ཧ་གོ་དུས་ཁོང་གི་ཆུང་མས་ས་རྭའི་སློབ་དགེ་ངག་དབང་རྡོ་རྗེ་གཡུགས་པ་རེད།་གནས་ཚུལ་དེ་མཐོ་སློབ་ཀྱིས་སྐྱག་མགོ་ས་བཏུམ་བྱས་ནས་བཞགས་ཡོད་པ་རེད།ང་ཚོ་བོད་པ་ལ་ཡོངས་གྲགས་མ་ཡིན་པའི་རུལ་སུངས་དེ་འདྲ་མང་པོ་ཡོད་པ་རེད།
ས་རྭ་མཐོ་སློབ་ཀྱི་སློབ་དགེ་ངག་དབང་རྡོ་རྗེའི་ཀུན་སྤྱོད་འཆལ་ཚུལ་ཞེས་པའི་རྩོམ་ཡིག་ཅིག་ངས་འབྲི་བཞིན་ཡོད།ཁོང་ལ་རྒྱུས་ཡོད་ཀྱི་བུ་མོ་ཞིག་གིས་བརྗོད་ན་རྒན་ངག་དབང་རྡོ་རྗེའི་ཁ་པར་ནང་དུ་ས་རྭའི་བུ་མོ་མང་ཆེ་ཤོས་ཀྱི་ཨང་གྲངས་ཡོད་རེད།ཁོང་གིས་བུ་མོ་ཅུང་ངོ་གདོང་ཡག་ཙམ་ཡོད་ཚད་ལ་ཁོང་གི་ཁ་པར་གཏོང་གི་རེད་ཟེར།ངའི་རྩོམ་ཡིག་ནང་དུ་སྐལ་བཟང་དབང་མོ་དང་ངག་དབང་རྡོ་རྗེ་གཉིས་ཀྱི་ས་རྭ་ལ་འཁྲབ་སྟོན་རྫུན་མ་གང་འདྲ་བྱས་མིན་འབྲི་བཞིན་ཡོད།ཕྱི་ཚུལ་ནས་མིང་སྲིང་དང་དང་ནོན་ལ་ཁྱོ་ག་དང་སྐྱེས་དམན་བྱ་ནས་ཁོང་གཉིས་ཀྱིས་ཆུང་མ་ལ་མགོ་སྐོར་གང་འདྲ་གཏོང་གི་ཡོད་མེད་དེ་ཚོ་འབྲི་གི་ཡོད་ཆ་ཚང་བ།ིས་ཚར་སོང་ན་ཁ་བརྡ་ལ་གཏོང་རྒྱུ་ཡིན།
ཁྱོད་ཚོ་ཚང་མ་རྗེས་སུ་ལུས་སྐབས་ཁྱོད་ཀྱི་རོགས་པ་དེ་ལ་སྣ་ཁྲག་ཁྱིལ་ལེར་འོང་བ་བཟོས། ཁྱོད་བརྡུང་ཡང་མ་བརྡུང་། བཤེ་ཡང་མ་བཤེ། དམིགས་བསལ་འདི་དང་མོག་མོག་ཚོ་བོ་དེ་གཉིས་རྡོ་རྗེ་དབང་ཕྱུག་གི་འཕྲིན་ཐུང་ཆུ་རོ་མ་དེས་ཡིན་པ་འདྲ། དགེ་རྒན་དེ་འདྲ་ཞིག་ཡིན་པ་རེད། ་་་་་་་་་་་་་་་་ཨོཾམཎིཔདྨེཧཱུཾ་་་་་་་་་་་
འོ། མ་སི་རིའི་བུ་ཁྱིམ་སློབ་གྲྭ་ནས་སློབ་ཕྲུག་དགུ་ཕྱིར་ཕུད་བཏང་བ་ལ་མང་ཚོགས་ནང་དྲང་བདེན་མ་ཡིན་པའི་སྐྱོན་བརྗོད་བྱས་སོང་ལ། འདི་ལ་བལྟས་ནས་སོང་ན་དགེ་རྒན་དང་ལས་བྱེད་དག་གིས་ཁྲིམས་འགལ་བྱས་ན་ཉེས་པ་དེ་ཙམ་མེད་ལ། སློབ་ཕྲུག་ཅིག་གིས་ལོག་གཡེན་བྱས་པ་ལ་ཉེས་པ་ཚབས་ཆེན་དུ་བརྩི་བ་འདི་ནི་དོ་མི་མཉམ་པའི་ཁྲིམས་ལུགས་ཡིན་ན་མ་གཏོགས་ཕྱིར་ཕུད་བཏང་བའི་བྱ་སྤྱོད་དེ་རིགས་འདྲ་མཉམ་མིན་པ་གསལ་བོ་རེད། ད་དུང་སཱ་ར་མཐོ་སློབ་ཀྱི་དགེ་རྒན་ཨ་འཁོར་བཟོད་པ་ཟེར་བ་ཞིག་གིས་འཇར་མན་གྱི་བུ་མོ་ཞིག་གི་ཉིན་ཐོ་ལ་ཁ་གཡར་ནས་སྟོན་པ་དང་དེའི་བསྟན་པ་ལ་སྨོད་ཚིག་གང་མང་བྲིས་པ་མཐོང་མྱོང་།
དྲ་གྲོགས་ཚོས་། རྗེས་དྲན་གྱི་ཆ་ཕྲ་མོ་འདིར་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།
མི་རྐང་གླིང་བུར་ཚིག་འགའ་ཞུ་གི་ཡིན།
དང་པོ།
རྒན་ལགས་ནས་སློབ་ཕྲུག་དེའི་གདོང་ལ་ཁུ་ཚུར་གཞུས། གཞན་ཚོ་ཁུ་སིམ་མེར་འཇོག་དོན་ངས་ཀྱང་གསལ་བོ་མི་ཤེས། རྒན་ལགས་ཀྱི་སྐབས་དེའི་སེམས་ཁམས་ངས་མི་རྟོགས། འོན་ཀྱང་། ངེད་ནས་ཚོད་དཔག་གཉིས་བྱེད་གི་ཡོད་། རྒན་ལགས་ཀྱིས་སློབ་གྲོགས་དེར་ཁུ་ཚུར་བཞུ་བ་དེ། གཞན་ཚོ་གཅུན་པའི་ཆེད་དུ་ཡིན་ན་ཐང་། གཅིག་བྱས་ན། རྒན་ལགས་ལ་ཉེ་དགའ་ཕྱོགས་ཞེན་ཆུང་ཆུང་ཞིག་ཀྱང་ཡོད་སྲིད་། གལ་སྲིད་དེ་འདྲ་ཡིན་ན། ཉེས་རྡུང་བྱེད་ས་དེ་གཅིག་པོ་སྡང་ས་དང་། གཞན་པ་ཚང་མ་ཉེ་ས་དེ་འདྲ་ཨེ་ཡིན་དྲན། གང་ལྟར། ངས་མི་ཤེས།
གཉིས།
རྡོ་རྗེ་དབང་ཕྱུག་གི་འཕྲིན་ཐུང་དེ་སྤྲོད་དུས་ཕྱི་ལོ་༡༩༩༩ལོ་རེད་། སྤྲོད་ས་ཡང་རྒན་བྱམས་པ་ཟེར་བ་དེ་རེད་། རྒན་བཀྲ་ཤིས་ཚེ་རིང་སྐབས་དེར་ནང་དུ་བསྡད་མི་འདུག་ རྒན་ལགས་ནས་ང་མོག་མོག་ཟ་གི་འགྲོ་ཟེར་དུས་ཕྱི་ལོ་༢༠༠༦ལོ་རེད་། དེ་ཙམ་ཞུ།
སྒྲིག་བདག་རྣམས་ཀྱིས་སྒྲིག་ལམ་སྟངས་འཛིན་བྱེད་སྟངས་ལ་རིགས་མང་པོ་ཡོད་པ་རེད། ཉེས་པ་ཆེན་པོ་ཡན་པོར་མི་གཏོང་པ། ཉེས་པ་ཆུང་ཆུང་མ་མཐོང་མདོག་མདོག་བྱེད་པ། ཡང་ར་བསད་ནས་ལུག་འདར་རུ་འཇུག་པ། རྒྱུགས་པ་ལེབ་རྡུང་བྱེད་པ་སོགས་འདྲ་མིན་ཡོད་པ་ལས། གོང་གི་རིག་འབྱུང་གིས་བཤད་པའི་དགེ་རྒན་ཁོང་གིས་སྟངས་འཛིན་བྱེད་སྟངས་དེ་ནི་ར་བསད་ནས་ལུག་འདར་རུ་འཇུག་པ་དེ་རེད། དེ་ལ་ཉེས་དགའ་ཕྱོགས་ཞེན་ཟེར་བ་མ་རེད། མིའི་རིགས་ཀྱིས་སེམས་ཁམས་མི་འདྲ་བ་རེད། ཁ་ཤས་ལ་རྡུང་ནས་ཞེད་རུ་འཇུག་དགོས། དཔེར་ན་ང་ལྟ་བུ་ཡིན། ཁ་ཤས་ལ་རྡུང་ན་སྡུག་རུ་འགྲོ་གི་རེད། དེ་ལས་གཞན་ལ་རྡུང་ནས་ཁོ་ལ་མ་རྡུང་ན་དེ་ནས་ཞེད་སྣང་དང་འཚེར་སྣང་སླེབས་ཡོང་གི་རེད། འགྱུར་བ་ཐེབས་འགྲོ་གི་རེད། དེ་འདྲའི་སྐབས་སུ་ངེས་པར་དུ་ར་བསད་ནས་ལུག་འདར་རུ་བཅུག་པའི་ལག་ལེན་བྱེད་དགོས་ངེས་རེད། ༧གོང་ས་མཆོག་གིས་ཀྱང་ནམ་རྒྱུན་གསུང་བཞིན་ཡོད། ཡོངས་འཛིན་རིན་པོ་ཆེ་ནས་སྐུ་སྤུན་བློ་བཟང་བསམ་གཏན་ལ་རྟ་ལྕག་བཤུས་ནས་སོགས་སོ། དེ་འདྲ་འེ་རེད་ལགས། དེ་ཚོ་དགེ་བསྐོས་ལ་བསྡད་ན་ཤེས་ཀྱི་རེད། དེ་མིན་དཔལ་ལྡན་་རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་རྣམས་ཀྱིས་སྒྲིག་ལམ་བཅོ་ཕྱོགས་ཀྱི་གཏམ་ཞིག་ཡོད་པ་དེའི་ནང་ལ་དཔེ་མི་སྲིད་པའི་ཡག་པོ་ཡོད་པ་རེད། འོན་ཀྱང་དཔེ་དེ་དཔེ་རྒྱུན་ཤིན་ཏུ་དཀོན།
རྒན་ལགས་ཁོང་རྒྱ་གར་དུ་གྲོངས་པ་རེད་དམ། ཕྱི་རྒྱལ་དུ་གྲོངས་པ་རེད།
དྲ་གྲོགས་རྣམ་པར་ཞུ་རྒྱུར། ཁྱེད་ཅག་གིས་ནམ་རྒྱུན་དུ་དོན་མེད་འཁྱལ་གཏམ་དང་དབྱེན་དཀྲུག་ལྡོག་ཕྱོགས་གླེང་གླེང་གིས་རང་ཉིད་ཀྱི་མི་གཞི་དེར་བསྒྱུར་ཡོད་ན་ཡང་། དེ་རིང་ཁོང་གིས་བཤེས་གཉེན་རྗེས་དྲན་གྱི་མཆོད་པར་བར་ཆོད་མ་གཏོང་རོགས། སྐུ་མཁྱེན། རང་ཉིད་གཏོགས་པའི་འགྲོ་བ་མི་ཚང་མར་སྐབས་དུས་མི་འདྲ་བ་རེ་ལ་ཚོར་བ་མི་འདྲ་བ་རེ་ཡོད་པ་ཡང་མཁྱེན་པ་གནང་རོགས། དེ་ལྟ་བུའི་ཤེས་ཚོར་ཞིག་དང་རྣམ་དཔྱོད་ཅིག་ཀྱང་མེད་བཞིན་དུ། དྲ་ཐོག་ཏུ་དཔྱད་གཏམ་སྤེལ་བ་ནི་དགོད་བྲོ་བའི་གནས་ཤིག་རེད། སྐུ་གཤེགས་དམ་པ་དགེ་བཀྲིས་ཚེ་རིང་ཁོང་ཉིད་དགེ་རྒན་གང་འདྲ་ཞིག་ཡོད་མེད་མཁྱེན་འདོད་དངོས་མཆིས་ཚེ། སུ་ཇ་སློབ་གྲྭར་འབྲེལ་བ་གནང་ན་མཁྱེན་ངེས་རེད། ལྷག་པར་དུ་ད་ཐེངས་ཁོང་ཉིད་ཀྱི་འདས་མཆོད་ལ་སློབ་གྲྭའི་ལས་སྣེས་དབུས་དགེ་སློབ་ཡོངས་ཀྱིས་ཐུགས་ཚོར་ཆེན་པོས་ཇི་ལྟར་གནང་ཡོད་མེད་སོགས་ལ་རྒྱུས་ལོན་དང་། དེ་བཞིན་མི་ལོ་བཅུ་གཉིས་ཙམ་དགེ་རྒན་གནང་བའི་རིང་ལྷག་བསམ་ཟོལ་མེད་ཀྱིས་བོད་མི་རིགས་ལ་ལེགས་སྐྱེད་ཇི་ལྟར་ཕུལ་ཡོད་མེད། ཁོང་ཉིད་ཀྱིས་བསྐྱངས་པའི་སློབ་ཕྲུག་རྣམས་ལ་བཀའ་འདྲི་ཞུས་ན་མཁྱེན་ངེས་རེད། དེ་མིན་ཚིག་སྣེ་རེ་བཟུང་ནས་གང་བྱུང་དུ་བྲིས་པ་ནི་ངལ་བ་ཙམ་ལས་གང་ཡང་མི་ཕན། མི་ཕན་པའི་ལས་ལ་དུས་ཚོད་དང་དཔལ་འབྱོར་སོགས་གཏོང་བ་ནི་འགྲོ་བ་མིར་ཡོད་པའི་རྣམ་དཔྱོད་དང་ཚོར་ཤེས་ཀྱི་ཆོས་ཉིད་དང་མི་མཐུན་པའི་ལས་ཤིག་རེད།
མཁས་པ་དགེ་ཆོས་ཀྱི་གསུངས་ཅིག་དྲན་སོང་་་་་་་་་་་བསྐལ་བར་མི་ཉམས་མཁས་པའི་ངོ་མཚར་གཏམ་་་་་་་སྐད་ཅིག་མི་སྡོད་འདུས་བྱས་སླུ་བའི་ཆོས་་་་་མཐོང་ཞིང་ཐོས་པའི་རྣམ་པ་ཐ་དད་པ་་་་་་ལྷན་ཅིག་ཚོགས་པའི་སྒྱུ་མ་དེ་ལྟ་ཉིད་་་་་་་་་་་
དངོས་གནས་རྩོམ་ཡིག་འདི་གོ་བདེ་ལ་ཁ་གསལ་བ་ཞིག་རེད་འདུག་འོན་ཀྱང་རྩོམ་གྱི་རང་གཤིས་ལ་སྒྱུ་རྩལ་མེད་པ་ནི་རྩོམ་ཡིག་འདི་ཞན་ཆ་རེད།
དབུས་སྐད་ཡག་པོ་མ་གོ་བའི་དཀའ་ངལ། གྲོད་ཁོག་ལྟོགས་པའི་དཀའ་ངལ། གུང་གསེང་ལ་འགྲོ་ས་གཏན་འཇགས་མེད་པའི་དཀའ་ངལ། ཟུར་དངུལ་སྤྱོད་རྒྱུ་མེད་པའི་དཀའ་ངལ་སོགས། དཀའ་ངལ་རབ་དང་རིམ་པ་འཕྲད་། སྐད་ཆ་འདི་དག་མཐོང་དུས། དངོས་གནས་རང་དབང་མེད་པའི་སེམས་ཚོར་རྣལ་མ་ཞིག་གིས་ཁོ་བོའི་སྙིང་ཁམས་ཡོངས་སུ་གཅུན་སོང་། གདུང་བས་གཟིར་སོང་།
ས་རྭ་མཐོ་སློབ་ཀྱི་སློབ་དེང་ངག་དབང་རྡོ་རྗེའི་ཀུན་སྤྱོད་འཁྱལ་ཚུལ་ཟེར་བའི་རྩོམ་ཡིག་ཟིང་ཚ་བོ་དེ་མཐོང་སོང་ངམ།དེང་སང་གནས་ཚུལ་དེ་ཁྱབ་ཆེ་ཤོས་རེད་ཤག་ནང་དོན་ཁོང་རང་ཆུང་མས་ཇི་ལྟར་གཡུག་ཚུལ་དང་ལོག་གཡེམ་ཇི་ལྟར་བྱས་ཚུལ་རེད་ཤག