ཀླུ་སྨྱོན།
རྒུན་ཆང་དམར་པོ་ཁྲག་རེད།
ཐིགས་པ་རེ་རེ་མེ་རེད།
ཀླད་ཀྱི་གཏམ།
ལག་མགོའི་ཆུ་ཚོད་ཀྱིས་ཅོང་བརྡ་ཚར་དགུ་བསྒྲགས་ཟིན་ཀྱང་།
ཁོ་བོ་ད་དུང་རྒུན་ཆང་དམར་པོ་ཕོར་བ་གང་གི་ཁ་གཏད་དུ་འགྲེང་སྟེ་བསྡད་ཡོད།
འཐུང་ངམ་མི་འཐུང།
འདི་ནི་ཆེས་ཐག་གཅོད་དཀའ་བའི་གདམ་ཀ་ཞིག་རེད་ཨང་།
གནའ་བོའི་སྙན་ངག་པ་ཞིག་གིས་འདི་སྐད་དུ།
ཆང་འདི་དང་པོས་མ་བཟི།
ཆང་འདི་གཉིས་པས་མ་བཟི།
ཆུང་འདྲིས་བྱམས་པས་ཞུས་པའི།
ཞལ་དཀར་གང་གིས་བཟི་སོང་།
རྩོམ་ཡིག་གི་འཕྲོ་ཀློགས།
ངས་ཀྱང་དགུན་ཆང་ཞིག་འཐུང་བཞིན་བཀླགས་ཚེ་སོང་།
སེམས་དེ་ཡང་ཁྱོད་དང་འདྲ་མཚུངས་རེད།
དྲན་མི་མི་འདོད་པ་མང་པོ་ཞིག་དྲན་སོས་བྱུང་།
དྲན་མི་དགོས་པ་མང་པོ་ཞིག་ཀྱང་དྲན་སོས་བྱུང་།
མིག་ཆུ་རྡོག་པོ་རེ་མར་ལྷུང་གྲབ་འདུག་པ་བཙན་གྱི་ཕྱིར་ཁུང་དུ་མིད་པ་ཡིན།
བིས་དུས་དང་གཞོན་དང་། ད་དུང་རྒས་དུས་སོགས་གཟུགས་བརྙན་དུ་མིག་ལ་དྲངས་སོང་།
སྐྱོ་སོང་། སྐྱོ་སོང་། སྐྱོ་སོང་།
ད་ནི་ཅི་ཡང་མེད་པའི་གནས་ཤིག་ཏུ་སོང་ན་སྙམ།
རང་ལུས་རང་གིས་བསྲེག་པའི་ཡུལ་གྲུ་འདི་ནས།
རང་ཁྱིམ་རང་གི་གཏོར་བའི་ཡུལ་གྲུ་འདི་ནས།
རང་རིགས་རང་གིས་གསོད་པའི་ཡུལ་གྲུ་འདི་ནས།
རང་སྤུན་མི་རང་གིས་བཅོལ་པའི་ཡུལ་གྲུ་འདི་ནས།
གཏན་དུ་བུད་སོང་ན།
གང་དུ་འགྲོ་དགོས་སམ
ཡོད་ཚད་དགུན་ཆང་འདིས་ལན་པ་ཡིན་ནམ།
ཡང་ན་རང་གི་འདས་སོང་དེས་མནར་བ་རེད།
ཞགས་བཏེགས་ཤིག་བཀྱགས་རྗེས་མིག་ཀྱང་བཙུམ་སོང་ན་སྙམ།
རབ་རིབ་ཀྱི་མིག་འདིས་ཀྱང་ཅི་ཡང་མ་མཐོང་ན།
རྣ་ཅོག་ལེན་མོ་འདིས་ཀྱང་ཅི་ཡང་མ་གོ་ན།
མཐོང་མི་འདོད་ལ་ཐོས་མི་འདོད་པ་དག་དང་གཏན་དུ་བྲལ་སོང་ན།
ཨ་ཨ་་་་་་་་་་་་ཅི་འདྲའི་སེམས་ལྷོད་ལྷོད་ཅིག་དང་།
ལུས་དལ་དལ་ཞིག་ཡིན་ནམ།
“མ་བྱས་མི་ཁ་སྡང་བ།།
ང་དང་ཕོ་རོག་ནག་ཆུང་།།
བྱས་ཀྱང་མི་ཁ་མི་འདུག།
ཁོང་དང་རྒྱ་ཕྲ་ཧོར་པ”
ལ་རྩེ་དཔེ་མཛོད་ཚང་གིས་ཚེ་རིང་སྐྱིད་ལ་སྤྲད་པའི་རྒུན་ཆང་དེ་ཨ་ཁུ་ཀླུ་སྨྱོན་ལ་རག་སོང་བ་མིན་ནམ། དེ་འདྲ་ཡིན་ན་དངོས་གནས་བརྟེན་འབྲེལ་ཞུ།
རིན་པོ་ཆེ་ལགས།
ཤ་ཆང་མཆོད་པ་ཚོགས་ཀྱི་འཁོར་ལོ་དང་། རིགས་སྨན་བསྟེན་པ་ལུས་ཀྱི་ཕྱག་རྒྱ་མ་ཡིན་ནམ།
ཨ་ཧ་ཧ།
འཐུང་ཤེས་སྨན་མཆོག་བདུད་རྩི། །
ཐུང་མི་ཤེས་ལ་དུག་འཐུང་། །
ཨེ་མ་ཧོ།
ཤ་ཆང་ཚོགས་ཀྱི་འཁོར་ལོ།
མོ་བསྟེན་ལུས་ཀྱི་ཕྱག་རྒྱ། །
བཀྲ་ཤིས་སོ། །
རྒན་ཀླུ་སྨྱོན་གཙོས་པའི་དྲ་གྲོགས་ཚོའི་ནང་ཆང་མཐོང་བས་ཚོར་ཤེས་ཉམས་འགྲོ་བ་དང་སྤོབས་པ་ཆེ་རུ་འགྱུར་འགྲོ་བ་སོགས་ཤེས་པ་རྣལ་དུ་མི་གནས་པར་བཟི་འགྲོ་དོན་དང་བཟི་སྟངས་གང་འདྲ་ཡིན་མིན་ཤེས་མཁན་སུ་ཡོད་ཀྱིས་དེའི་སྐོར་རེ་བྲི་རོགས་གྱིས།