ཁ་བའི་ལྷ་མོ།
མཐོ་སྒང་གི་རྒོད་པོ
ཡངས་པའིི་ནམ་མཁའ་ནས
རང་དབང་གི་གཤོག་ཟུང་འདྲེན
དྲི་བཞོན་དང་མཉམ་ལྡིང་བྱེད་པ་ནི
གཟུཊ་འཛིན་གྱི་རོ་བཅུད་དོ
ངོ་མ་ཅི་འདྲ་མཛེས་པ་ལ་
འོད་ཟེར་འཕྲོ་བཞིན
དཀར་གཙང་གཙང་གི་སྤྲིན་པའི་གསེང་ནས
ག་ལེར་བུད་སོང་ཚེ
རྒོད་པོར
རང་དབང་གི་མཛེས་བ
རང་དབང་གི་སྟོབས་ཤུགས
རང་དབང་གི་བདེ་སྐྱིད་ངོ་མ་དེ་ཐོབ་ཡོད
སྣང་བ་དེས་བདག་སེམས་ཚིམ་ཡོད
སྨོན་ལམ་གྱི་ཞིང་ཁམས་གཞན་ཞིག་ནས་བདེ་བར་སྨོན
༢༠༡༥/༧/༡༧
གཟུཊ་འཛིན་གྱི་རོ་བཅུད་དོ
་
གལ་ཏེ་རང་གི་བྲིས་རྩོམ་གྱིས་བྱིས་པ་དང་། ཕྱི་ལོགས་པ་བསྡུས་ཡིག་མ་ཤེས་པ་རྣམས་ལ་ཕན་ཐོགས་བྱེད་པར་འདོད་ན། བོད་ཡིག་འབྲི་བ་པོ་ཡོངས་ཀྱིས་རྗེས་འཇུག་ག་ཡིག་དང་། ཡང་འཇུག་ས་གཉིས་ལ་ཊ་ཞེས་མ་འབྲི་བར་ག་ས་གཉིས་གང་པོ་་བྲིས་ཏེ།
་
“གཟུགས་་འཛིན་གྱི་རོ་བཅུད་དོ”
་
ཞེས་པ་བོད་ཡིག་འབྲི་སྟངས་ལ་མཛེས་སོ།
བཟང་གི་ཨ་རོ།