སྲིད་འཛིན་ཧོ་ཅིན་ཐོ་སོགས་ཆེ་མཐོའི་མགོ་ཁྲིད་དགུ་ནས་ཕུལ།
(ཚན་པ་དང་པོ་ད་དུང་གསང་བ་ཡིན། ཚན་པ་གཉིས་པ་འདི་ཕྱིར་བསྒྲག་བྱེད་མཁན་ཀུན་གསལ་ཡིན།)
བོད་ཀྱི་སྲིད་འཛིན་ཏྰ་ལའི་བླ་མ་མཆོག་དང་སྲིད་བློན་ཟམ་གདོང་སོགས་བོད་ཀྱི་བླ་དཔོན་དང་མི་སེར་རྣམས་ལ།
ཁྱེད་ ཚོས་མང་གཙོ་དང་རང་དབང་གླེང་ནས་ང་ཚོ་ལ་ངོ་རྒོལ་བྱེད་ཀྱིན་འདི་འདུག སྐད་ཆ་འདི་དག་ནི་གྲོད་ཁོག་བརྒྱགས་ཚར་རྗེས་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་ སྐབས་གླེང་རྒྱུའི་སྐད་ཆ་ཞིག་རེད། ང་ཚོ་ལ་ལྕགས་ཁྲབ་འཁོར་ལོ་༡༣༢༠༠་དང་འཐབས་འཛིང་གནམ་གྲུ་༩༢༡༨་། འཕུར་མདའ་འགོག་སྲུང་༡༨༥༠༠་། མཚོ་དམག་གྲུ་གཟིངས་༢༨༤་། ཕྱིར་བསྒྲགས་བྱེད་མི་ཉན་པའི་རྡུལ་ཕྲན་མཚོན་ཆ་འགའ་ཤས་ཡོད་པ་ནི་བདེན་པ་ཡིན་པར་མ་ཟད། ང་ཚོས་མི་དམངས་ཀྱི་སྒོར་མང་པོ་ཞིག་བདག་འཛིན་བྱས་ཡོད་པ་ཨ་རི་ལ་བོགས་མར་བཏང་ཡོད་པ་ཡང་བདེན་པ་ཡིན། དྲང་མོར་བཤད་ན་དེང་སྐབས་ང་ཚོ་ནི་གྲོད་ཁོག་འགྲང་རྒྱུའི་དོན་ལ་བསམ་བློ་གཏོང་བཞིན་པའི་སྐབས་ཡིན། ཡང་ཨ་རི་ལ་དཔེ་བླངས་ནས་བཤད་ན་ང་ཚོ་ཨ་རིའི་མི་རིགས་དཀར་ནག་གཉིས་ལ་ཁྲིམས་ཐོག་ནས་འདྲ་མཉམ་བྱུང་དུས་ཕར་ཞོག ད་དུང་ལོ་བརྒྱ་དང་བཞི་བཅུའི་སྔོན་གྱི་ཨ་རིའི་ཚེ་གཡོག་མཇུག་སྒྲིལ་བའི་དུས་སྐབས་ལའང་སླེབས་མེད།
ཁྱེད་ ཚོས་ང་ཚོ་ལ་བོད་པ་ས་ཡ་དྲུག་གི་ཁར་རྒྱབ་སྐྱོར་བ་ས་ཡ་དྲུག་ཅུ་བསྣན་ནས་ངོ་ རྒོལ་གནང་ཡང་རུང་།བོད་པ་ས་ཡ་དྲུག་གི་ཐོག་ནང་པ་ས་ཡ་བཞི་བརྒྱ་ཙམ་ཡོད་པ་ཡོང་ ནས་གོམ་བགྲོད་བྱེད་ཡང་ཆོག ཡང་ན་བོད་པ་ས་ཡ་དྲུག་ གིས་དུས་གཅིག་ལ་མ་ཤི་བར་ཟས་བཅད་ངོ་རྒོལ་སྤེལ་ཡང་ང་ཚོས་གནས་ལུགས་དང་ངོ་ཚ་ལ་ མི་འཛེམ། ཕྱི་འབྲེལ་གྱི་ལས་དོན་ལ་གནོད་པ་ཕྲན་བུ་སྐྱེལ་ནའང་ང་ཚོས་གདོང་ལེན་བྱེད་ཐུབ། དགོས་ངེས་བྱུང་ན་བོད་པ་ས་ཡ་དྲུག་པོ་བཙོན་ལ་འཇུག་དགོས་ནའང་ང་ཚོ་ལ་བཙོན་ཁང་ དང་དམག་མི་འདང་ངེས་ཡོད། དངོས་གནས་ང་ཚོས་འཇིགས་སྣང་བྱེད་ས་ཞིག་ཡོད་པ་ནི་ཉིས་སྟོང་བརྒྱད་ལོའི་ནང་གི་ གསོད་སྲེག་གཏོར་བཅོམ་གྱི་ལས་འགུལ་དེ་རེད། ལས་འགུལ་དེ་རྒྱ་ཆུང་ནའང་ནུས་པ་ཆེན་པོ་ཐོན་འདུག དོན་ རྐྱེན་དེའི་རྗེས་སུ་ནམ་རྒྱུན་སྟོང་པ་ཡིན་པའི་ལྷ་ས་ནས་རྒྱ་ནང་ལ་ལོག་པའི་མེ་ འཁོར་ནང་རྒྱ་རིགས་བློ་མཐུན་ཚོས་ཁེངས་འདུག་ལ། བོད་ཀྱི་ས་ཆ་གང་སར་ཡོད་པའི་རྒྱ་མི་ཚོ་ཞེན་སྣང་ངང་གནས་ཡོད་པས་མཚན་མོ་གོན་པ་ ཕུད་ནས་ཉལ་མཁན་གཅིག་ཀྱང་བྱུང་མེད་པར་གོ་ཐོས་བྱུང་། དཔེར་ན་རྨ་ཆུ་རྫོང་དུ་ཟླ་ཤས་ལ་རྒྱ་མི་གཅིག་ཀྱང་སྡོད་མ་ཐུབ་པར་གཞུང་གིས་ སྲུང་སྐྱོབས་འོག་ཕྱི་ལ་ལོག་དགོས་བྱུང་འདུག སྔ་ ལོར་སྐད་གྲགས་ཡོད་པའི་ལྷ་སའི་ཐོག་ཁང་སྦྲག་ཁང་དང་སྤྱི་བདེ་ལས་ཁང་།གསར་དུ་ འབྱོར་པའི་མེ་འཁོར་དག་མ་གཏོར་བ་ནི་ཁྱོད་ཚོར་ཉམས་མྱོང་མེད་པའི་ལན་རེད་ལ།ང་ ཚོར་རླུང་རྟ་རྒྱུགས་པ་ཞིག་ཀྱང་རེད། དྲག་པོའི་ལས་འགུལ་འདི་ཇེ་ཆེ་ལ་སོང་ན་ཉེན་ཁ་ཆེན་པོ་རེད། ཉེན་ཁ་འདི་བོད་ཡུལ་ལས་བརྒལ་ནས་རྒྱ་ནང་ལ་ཁྱབ་སྲིད་པ་ཞིག་རེད།
ལྷག་པར་ད་ལོ་འགྲུབ་ལ་ཉེ་བའི་ང་ཚོའི་འཛམ་གླིང་གི་ཆེས་མཐོ་བའི་ཁང་རྩེགས་(རྩེགས་༡༠༤ཡོད)་ཀོང་ཀྲིག་ན་ཡོད་པ་ལ་སེམས་ཁྲེལ་ཆེན་པོ་འདུག ཧྲང་ ཧེ་སོགས་ན་ཀྲུང་གོའི་བརྡ་འཕྲིན་ལྟེ་གནས་དང་དངུལ་ཁང་སོགས་རྩེགས་༥༠་ཡན་གྱི་ ཁང་རྩེགས་༧༢་ཡོད་པ་སོགས་དཔལ་འབྱོར་འཁོར་བསྐྱོད་ཆེ་བའི་གནས་སུ་གཏོར་སྐྱོན་ བྱུང་ཚེ་མི་མང་འཇིགས་སྣང་ངང་གནས་རྒྱུ་ཡིན་པར་མ་ཟད། མི་མང་ལ་ལས་དཀའ་ལས་འདོད་ཀྱི་སེམས་ཤུགས་ཆགས་རྒྱུ་རེད། དེ་ དང་ཆབ་གཅིག་ཏུ་བདེ་འཇགས་ཕྱོགས་ཀྱི་འགྲོ་གྲོན་རྡབ་འགྱུར་གྱི་ཇེ་མང་ལ་འགྲོ་བ་ དང་མི་མང་འགྲོ་ཡོང་ལ་ཚོད་འཛིན་བྱེད་དགོས་རྒྱུ་རེད་ལ། དེ་རྗེས་ཕྱི་རྒྱལ་གྱི་ཚོང་འབྲེལ་ཁག་ཡང་ཕྱིར་འཐེན་བྱེད་ངེས་རེད། འདི་འདྲ་བྱུང་ཚེ་ང་ཚོའི་དཔལ་འབྱོར་ལ་ཉམས་རྒུད་ཆེན་པོ་ཡོང་རྒྱུ་རེད།
འདི་སྐོར་ལ་བསམ་བློ་བཏང་ན་ང་ཚོའི་མ་འོངས་པ་ནི་མུན་ནག་རེད།
ཡིན་ འང་འཇིག་རྟེན་འདི་ན་ཆེས་ཤུགས་རྐྱེན་ཆེ་བའི་བོད་ཀྱི་མགོ་ཁྲིད་དང་འཛམ་གླིང་ གི་སྐྱབས་བཅོལ་བ་ཚོའི་ནང་ཆེས་ཤུགས་རྐྱེན་ཆེ་བའི་བཙན་བྱོལ་བོད་གཞུང་གིས་ སྲིད་ཇུས་ཁ་ཕྱོགས་འཚེ་མེད་ཞི་བ་དང་དབུ་མའི་ཐབས་ལམ་ལ་བརྟེན་པ་ནི་བྱང་ཆུབ་ སེམས་དཔས་ཡོད་ཚད་བློས་བཏང་ནས་རང་ལུས་སྟག་མོ་ལ་སྤྱིན་པ་བཏང་བ་དང་གཅིག་མཚུངས་ རེད་ལ། ཁྱེད་ཚོས་ང་ཚོར་གསེར་ལས་ལྷག་པའི་གོ་སྐབས་འདི་འདྲ་སྤྲད་པ་ང་ཚོས་ཧ་གོ་ཡོད། ང་ཚོས་ཕྱིར་མི་མངོན་པར་བྱས་ནས་ཁྱེད་ཚོས་ཐབས་ལམ་གཞན་ཞིག་མི་འདེམས་རྒྱུའི་སྨོན་ལམ་འདེབས་བཞིན་ཡོད།
ཁྱེད་ཚོར་དྲག་པོའི་ལས་འགུལ་གྱི་བསམ་བློའི་དམང་གཞི་ལྡན་འདུག་ཟེར་ན་མི་མང་པོ་ཞིག་ཡིད་ཆོས་དཀའ་བ་ཡིན་ནའང་། དོན་ངོ་མས་བཤད་ན་
ཁྱེད་ ཚོའི་རང་གི་སྲོག་བཞིན་བརྩི་བའི་ནང་བསྟན་གྱི་ཐེག་པའི་ཡང་རྩེ་་གསང་སྔགས་རྡོ་ རྗེས་ཐེག་པའི་སྙིང་བོ་ནི་ང་ཉིད་འཇིགས་རུང་གི་གཟུགས་སུ་བསྐྱེད་ནས་ལག་ལ་མཚོན་ ཆ་སྣ་ཚོགས་ཐོགས་སྟེ་མྱིའི་ཤ་ཁྲག་དྲོན་མོ་ཟས་ནས་འཇིག་རྟེན་གྱི་གནོད་ཅིང་འཚེ་ བའི་དགྲ་བགེགས་རྣམས་ཚར་བཅད་དེ་སྙིང་རྗེ་ཡི་ས་ལ་འགོད་བགྱི་དེ་རེད། ལྷག་ དོན་དུ་བོད་མི་ཚང་མའི་དམིགས་ཡུལ་ནི་ཁ་ཆེ་འམ་ཀླ་ཀློ་སོགས་ཕྱི་རོལ་པའི་ལྷའི་ དམག་འཁྲིག་གི་ཁ་གཏད་དུ་ལང་པའི་ཤམ་པ་བྷ་ལའི་དམག་འཁྲིག་ལས་རྒྱལ་ནས་འཇིག་རྟེན་ འདིའི་ཆེ་མཐའ་མའི་དག་ཞིང་ཤམ་བྷ་ལར་སྐྱེས་བགྱི་དེ་རེད། དེའི ཕྱིར་བོད་པ་ཚོས་ནམ་རྒྱུན་དབང་གཞན་ལས་ཁྱད་འཕགས་ལ་བརྩི་བའི་དུས་འཁོར་ཆེན་ལ་ འཚང་ཁ་ཤུགས་ཤུགས་ཀྱིས་ཞུགས་ནས་ཆོས་དམག་ལ་གྲལ་བསྒྲིག་བྱེད་བཞིན་པ་རེད། དེར་ མ་ཟད་ཁྱེད་ཚོ་བོད་ཀྱི་དཔའ་རྒོད། དཀར་པོ་ལྷ་ཡི་དཔུང་གཉེན་དང་ནག་དགྲ་ཡི་ཁ་གནོན་དུ་གྲགས་པའི་འཛམ་གླིང་གེ་སར་ རྒྱལ་བོས་འགྲོ་དྲུག་སེམས་ཅན་གྱི་བདེ་སྐྱིད་ཆེད་དུ་དྲག་པོའི་དམག་བརྒྱབས་པའི་ གླུ་ཚིག་རེ་རེ་བོད་མི་རྒན་དར་གཞོན་གསུམ་ཚང་མའི་བློ་ངོར་ཤ་ར་ར་བྱེད་བཞིན་པ་ འདི་ཡང་ཞི་བའི་ཆེད་དྲག་པོ་བྱེད་པའི་བསམ་བློའི་དཔེ་མཚོན་གལ་ཆེན་ཞིག་རེད།བོད་ པ་བཙན་བྱོལ་ནང་སྐྱེས་མཁན་ཚོས་གེ་སར་གྱི ་སྒྲུང་གོ་མ་མྱོང་བས་དཔའ་བློ་ཁོག་མེད་པ་ནི་བོད་མི་མང་ལ་སྡུར་ན་ཉུང་ཉུང་རེད།
དེ་ལས་སེམས་ལ་གནག་པ་གཞན་ཞིག་ཡོད་པ་ནི་དེ་རིང་གི་འཛམ་གླིང་ཞི་བདེ་དེད་དཔོན་ཡིན་ཟེར་བའི་ཏྰ་ལའི་བླ་མས་རི་མཐོ་ས་གཙང་གི་ཡུལ།
ས་ ཡི་གོ་ལའི་ཡང་ཐོག་སྟེ་འཛམ་གླིང་མི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་པའི་རྒྱ་དཀར་ ནག་གཉིས་ཀྱི་བར་ཏུ་མི་ཡུལ་གྱི་ལྷ་ཡུལ་ལྟ་བུའི་ཞི་བདེ་དང་འཁོར་ཡུག་གི་ས་ཁུལ་ ཞིག་བཙུགས་ཏེ་རྒྱུ་སྐར་འདིའི་ཐོག་གི་སྐྱེས་འགྲོ་ཐམས་ཅད་ལ་བདེ་སྐྱིད་གསར་བ་ ཞིག་བསྐྲུན་བགྱི་ཡིན་ཟེར་བ་དེ་རེད། ཏྰ་ལའི་བླ་ མའི་འཆར་གཞི་དེ་ལ་རང་ལས་གཞན་གཅེས་བའི་བོད་པ་ཐེག་ཆེན་པ་དག་ལ་མཚོན་ན་ལས་སླ་ བོའི་ངང་ནས་དང་ལེན་བྱེད་ཐུབ་པ་ནི་ན་ནངས་ད་ལོ་རང་སྲོག་དོར་མཁན་ཇེ་མང་ནས་ཇེ་ མང་ཡིན་པ་འདིའི་ཤེས་ཐུབ་ཀི
སྤྱིར་མི་རིགས་རང་ལུགས་ཀྱི་ལ་རྒྱ་ལས་དད་པའི་སྙིང་སྟོབས་ཆེ་བ་ཡོད་པ་ང་ཚོས་སྔོན་ནས་ཤེས་ཡོད།
ང་ཚོ་རྒྱ་དང་ཁྱེད་ཚོ་བོད་ཀྱི་གཞོན་སྐྱེས་སྐོར་ཞིག་གིས་ང་ཚོའི་དམག་དོན་དང་དཔལ་འབྱོར་་མི་གྲངས་སོགས་ཁྱེད་ཚོ་དང་སྡུར་གིན་འདུག དེ་ནི་གླེན་རྟགས་རང་རེད། དཔེར་ ན་ང་ཚོ་དང་ཕྱོགས་གང་ཐད་ནས་ས་གནམ་གྱི་ཁྱེད་པར་ཡོད་པའི་ཨ་རི་སྟོབས་ཆེན་རྒྱལ་ ཁབ་གྱིས་ཨབ་གྷན་ནེ་སི་ཐིན་གྱི་ཁྲོ་ར་བྷོ་རའི་བྲག་ཁུང་ནང་འབྲས་སྐྱ་དང་ཆུ་ འཁྱགས་ལ་རོལ་བའི་རང་སྲོག་གཏོང་ཕོད་ལྡན་པའི་ཁ་ཆེ་(ཨོ་ཁ་ཊ་)འགའི་ངོ་ཡ་མ་ཡོང་བ་རེད། ཐབས་ བཅོས་དང་གཏོང་ཕོད་གཉིས་ལྡན་གྱི་ཁ་ཆེ་བ་དེ་ཚོས་དུས་རབས་ཉེར་གཅིག་པའི་འཛམ་ གླིང་གི་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བཟོས་པར་མ་ཟད། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཉམས་རྒུད་དུ་བཏང་བ་ནི་ང་ཚོ་ཚང་མས་ཤེས་གསལ་འདི་ རེད།
ཚིག་དོན་འཁྱར་འཁྱོར་ཅན་གྱི་ཡིག་ངན་འདིར་གང་ནས་བལྟས་ཀྱང་རྒྱ་ནག་གི་སྲིད་འཛིན་དགུས་བྲིས་པའི་ཡི་གེ་ཞིག་མིན་པ་གསལ་པོ་རེད། འདི་ཀུན་གསལ་ཟེར་བ་ཁོ་རང་ནས་རྫུན་བཟོ་བྱས་པ་ཞིག་ཡིན་པ་འདྲ། དོན་ཚན་དང་པོ་ཁྱབ་བསྒྲགས་མི་བྱེད་པའི་རྒྱུ་མཚན་ཅི་རེད། ཕལ་ཆེར་ཁོ་པས་སྲིད་འཛིན་གྱི་མིང་ཐོག་ནས་རྒྱལ་བ་རིན་པོ་ཆེར་ངན་བརྗོད་བྱས་ཡོད་པ་མིན་འགྲོ། དོན་ཚན་དང་པོ་དེ་ཡང་འདིར་བཀོད་རོགས་གནང་།
གསང་བ་དང་བོ་དེ་མཐོང་འདོད་འདུག ཀུན་གསལ་གྱིས་རྟོགས་འཆར་ངང་བཀོད་པས། དང་བོ་འདི་ལས་ངར་བ་ཞིག་ཡོད་མདོག་སྟོན་པ་ལས་གོར་ཐིག་ཡིན་རྒྱུ་རེད། མེད་ན་ཡོད་མདོག་མ་སྟོན་རོགས།
འདི་ཡང་བོད་ཀྱི་གཤིས་ཀ་ཞིག་རེད།
འདི་ནི་བདེན་པ་ཡིན་མིན་ལ་ཐེ་ཚོམ་ཡོད།
དགེ་རབ་ལགས། ཁྱེད་ཀྱི་ཅིའི་ཕྱིར་ཀུན་གསལ་ཟེར་བའི་མིང་སྤྱད་ནས། ངེད་ཚོའི་སེམས་ལ་གདུང་བཙུགས་ཀྱི་ཡོད། ཁྱེད་རང་དྲ་རྒྱ་འདིའི་དྲ་དཔོན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁྱེད་ནས་ཅིའི་ཕྱིར་ང་ཚོར་འདི་ལྟ་བུའི་འཆལ་ཡིག་འགྲེམས་སམ།
དགོངས་དག་ཞུ་རྒྱུ་ཞིག་ལ་གོང་གི་རྩོམ་འདི་མ་བཀོད་གོང་དུ་ཕྲན་ནས་གསལ་བཤད་ཅིག་བཤད་དགོས་ཡོད་པ་དེ་བརྗེད་པ་རེད། རྩོམ་འདི་ཀུན་གསལ་གྱི་མིང་ཐོག་ནས་ཕྲན་ལ་བསྐུར་བྱུང་། ངས་ལམ་སེང་འགོད་རྒྱུར་འཚེར་སྣང་གིས་ཀུན་གསལ་ལ་འབྲེལ་བ་བྱས་པ་ཡིན། ཀུན་གསལ་གྱིས་རྩོམ་འདི་ནི་རྟོག་བཟོའི་རྩོམ་ཡིན་པ་ལས་དངོས་ཡོད་མིན་ཞེས་ང་ལ་ལན་བཏབ་བྱུང་། བྱས་ཙང་ངས་རྩོམ་གྱི་ཁོངས་སུ་བཀོད་པ་ཡིན། རྟོག་བཟོ་རེད་ཅེས་གསལ་བཤད་བྱེད་རྒྱུ་བརྗེད་པ་རེད། དེ་ལ་དགོངས་འགལ་མེད་པ་ཞུ།
ངས་རང་གི་མིང་སྦས་ནས་མཆན་བུ་འདེབས་མ་དགོས་པ་གཙོར་འདོན་བྱེད་ཀྱིན་ཡོད། ཀུན་གསལ་ཟེར་བ་འདི་ང་མིན། ང་ཡིན་ན་ངས་ཡིན་ཞེས་ཞུས་ཆོག
དེ་དང་འབྲེལ་མིང་སྦས་ནས་མཆན་བུ་འདེབས་མཁན་ཚོར་ཡང་གསལ་འདེབས་ཞུ་རྒྱུ་ཞིག་ལ། མིང་སྦས་ཀྱང་མིང་ངོ་མ་སྤྱོད་ཀྱིན་ཡོད་བསམས་པ་ཞིག་གི་ཐོག་ནས་མཆན་བུ་འབྲི་རོགས་གནང་། དེ་ལྟར་བྱས་ཚེ། གང་བྲིས་པ་དེ་ཚོ་བྱུང་རྒྱལ་དུ་སྨྲས་པ་ཞིག་ཏུ་མི་འགྱུར་བའི་རེ་བ་ཆེན་པོ་ཡོད་པ་རེད་དྲན། དེ་མིན་ཚིག་མཚོན་འདེབས་ཕྱིར་དང་ལྐོག་ལབ་བརྗོད་ཕྱིར་མིང་འདྲ་མིན་བྲིས་ནས་རྩེད་མོ་རྩེས་པ་དེ་ཚོ་ཡག་པོ་མི་འདུག དཔེར་ན། བསམ་ཤེས་དང་རིགས་པ། ཟུར་གནས་ཞེས་པ་འདི་མི་གཅིག་གིས་བྲིས་པ་རེད་འདུག མིང་སྦས་པའི་འོག་ནས་ཁ་ནས་གང་ཐོན་འབྲི་བ་འདི་ཡ་རབས་མ་རེད། དགོས་གལ་བྱུང་ཚེ་ཤེས་གསལ་གྱི་རིགས་རྣམས་མིང་ཕྱིར་འདོན་བྱེད་དགོས་ཤར་སྲིད།
ཁ་ནང་ལ་དུག་འཇོག་རྒྱུ་འདི་ཚོ། རྒྱ་རོ། ཨ་བ་ཨ་མ་རོ།
དགེ་འདུན་རབ་གསལ་ལགས། གསལ་བཤད་བྱས་པར་ཐུགས་རྗེ་ཆེ།
དྲ་བ་འདིའི་ནང་གི་མི་ཚོ་ང་ཚོའི་རྒྱ་ཕྱོགས་ཀྱི་མི་དང་མི་ཉི་མ་མ་ཆོད་ལ་ཡོད་པའི་མི་ཡིན་ས་རེད།འདི་ན་བོད་ལ་ཤ་ཡོད་པའི་ཁ་བྲལ་བ་མེད་པ་འདྲ།ད་བར་ང་ལ་འདི་ལ་མོས་མཐུན་ཡོད་མེད་ཀྱི་ལན་གང་ཡང་འབྱོར་མ་སོང་།ང་རྒྱའི་མགྲིན་པ་ཞིག་ཡིན་པའི་ཆ་ནས་ཁྱེད་ཚོའི་བསམ་ཚུལ་ཅི་ཡིན་གྱི་ལན་འདེབས་རེ་མ་བྱུང་པར་ཚན་པ་དང་པོ་དེ་ཕྱི་བསྒྲགས་མི་བྱེད། ང་ལ་རྒྱ་གཞུང་ལ་བཤད་རྒྱུ་ཞིག་དགོས་ནི་རེད། བཤད་རྒྱུ་མེད་ན་སྒཽར་མ་ལོན་ནི་མ་རེད། ཧ་ ཧ་
བློས་ཐུབ། དེང་སང་སྟག་སྨྱོན་དང་གདོང་དམར་རིག་རྒྱུ་མེད་པ་དང་། དེ་རིང་བློས་ཐུབ་ཟེར་བ་ཞིག་གློ་བུར་ཏུ་ཐོན་ནས་མཆན་བུ་འདེབས་ས་ཡོད་ཚད་ལ་མཆན་བུ་རེ་རེ་བཏབ་འདུག་པར་མ་ཟད། མཆན་བུ་འདེབས་རྒྱུའི་མགོ་བཟུང་བ་ནས་ཡང་ཁྱི་སྨྱོན་སླེབས་པ་བཞིན་བཙན་བྱོལ་བོད་གཞུང་དང་། ཧོར་གཙང་འཇིགས་མེད། རྟེན་བཞེངས་ཆེན་མོ། ཚེར་མ། དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བང་ཆེན་ཚང་གི་གསར་འགོད་པ་གངས་ལྷ་མོ། མདོ་སྨད་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་། ཟིན་བྲིས་པ་ལྷ་ཆབ་སྦྱིན་པ། སྤོབས་པ་མཐའ་ཡས་སོགས་རིག་ཚད་ཐུག་ཚད་ལ་སོ་རེ་རེ་བརྒྱབ་འདུག་པར་བལྟས་ན་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་ཁྱི་རྒན་དེས་ཡང་མིང་གསར་བ་ཞིག་བརྗེས་ནས་ཐོན་བཏང་ནི་མིན་ན། ངས་ཁྱི་རྒན་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་དྲ་ཐོག་ཏུ་བསྒུགས་བསྡད་ཡོད། ཁྱོས་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ཁྱི་རྒན་དེ་དང་གཅིག་པ་གཅིག་རྐྱང་རེད། མ་གཞི་ཁྱོད་དྲ་ཐོག་སླེབས་མ་ཐག་ནས་བོད་གཞུང་དང་། སྒེར་བ་འདི་འདྲ་མང་པོ་ཞིག་ལ་དུས་གཅིག་ལ་སོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཆན་འདེབས་མཁན་ཚང་མ་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་དང་ཁྱོད་འདྲ་བ་རྐྱང་རྐྱང་ཡིན་ན་དྲ་ཁང་ཐམས་ཅད་གཡུལ་ས་ཞིག་མ་གཏོགས་ལྷག་གི་མ་རེད། ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་ཁྱོད་འདྲའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་ཁྱོད་འདྲའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།
བསམ་གཏན་ལགས།
གང་ན་མྱི་མི་དྲང་མཁན་དང་གང་ཞིག་ན་མྱི་མྱི་མིན་མཁན་ཡོད་ན། ང་དེ་ལ་ཐོན་ཐོན་ལ་ཡོད། འདི་ད་ང་གནས་ལུགས་ལ་དགའ་བ་དང་ངས་གནས་ལུགས་མེད་པའི་སྐད་ཆ་དང་ལས་ཀ་མཐོང་ཡོང་དུས་དངོས་གནས་ཁོག་ནས་གཟེར་ལང་གི་འདུག ལན་ཞིག་མ་བརྒྱབ་ས་མི་འགྲོ་གི།
ཡིན་ནའང༌། ཁྱོད་ང་དང་མི་འདྲ་གི། སྡེ་སྤྱི་ཚོགས་ལ་བསྟུན་ཤེས་ཀི། རང་གི་རང་གི་མགོ་བོ་དེ་མཐོ་ས་ཚོའི་རྐང་འོག་ལ་འཇོག་ཐུབ་ཀི། འདི་འུ་གཉིས་ཀའི་བར་ཁྱད་དང་འུ་གཉིས་ཀའི་གཤིས་རྒྱུད་རེད། དེ་བས། ཁྱོད་ཐང་ཆད་ཆད་བར་དུ་ངེད་ཀྱི་རྗེས་ལ་དེད་ཀྱང་ཕན་ཐོགས་ཡོད་ནིས་མ་རེད། མ་རེད་དམ།
ང་ཚོ་ལ་དེང་རབས་ཀྱི་དམག་དཔུང་དང་མཚོན་ཆ་མེད་པ་དངོས་ཡོད་རེད། ཡིན་ནའང་ང་ཚོས་མཐོ་སྒང་དེའི་སྟེང་དུ་དེང་རབས་ཀྱི་འཇིགས་སྐུལ་ཚོགས་པ་ཞིག་སྒྲིག་འཛུགས་བྱེད་མི་ཐུབ་པ་དེ་ཡང་སྐྱོ་བོ་རེད། གང་ན་རྒྱ་མི་ཡོད་ན་ལྐོག་གསོད་དང་གང་ན་ཆུ་མཛོད་དང་ཟམ་ཆེན་ཡོད་ན་གཏོར་སྐྱོན་བྱེད་པའི་ཇུས་བཟང་དང་སྙིང་སྟོབས་ཡོད་ན། སྐབས་དེ་དུས་རྒྱ་དམག་མ་གཏོགས་རྒྱ་མི་སེར་བོད་ཡུལ་ནས་སྡོད་ཐུབ་མིན་ལྟ་ཆོག་གི་རེད། ཡིན་ནའང་བཀའ་དང་འགལ་སོང་བ་རེད།