ཟླ་བཅུ་གཉིས་ཚེས་ཉེར་བདུན་ཉིན་གྱི་རྒྱ་ཡིག་དོ་ཝེ་ཟེར་བའི་དྲ་ལམ་དུ་གནས་ཚུལ་སྤེལ་ལྟར་ན། རྨ་ལྷོད་བོད་རིགས་རང་སྐྱོང་ཁུལ་ནས་་བོད་པའི་རང་སྲེག་འགོག་པ་ལ་ཁ་གཡར་ནས་དགོན་སྡེ་ཁག་ནས་བརྙན་འཕྲིན་སུམ་བརྒྱ་གཞུང་བཞེས་བཏང་འདུག དེ་མ་ཟད་དམག་དཔུང་དང་དྲག་ཆས་ཉེན་རྟོག་པས་རོང་བོ་གྲོང་བརྡལ་གྱི་ཁྲོམ་གཞུང་གཙོ་བོ་ཁག་གིས་མཚོན་པའི་མི་ཚོགས་འཛོམས་ས་སྐོར་སྐྱོད་བྱེད་ཀྱི་ཡོད་པ་དང་། འབར་གས་ཀྱི་རྫས་རིགས་འགོག་འཕྲང་རིམ་ཅན་དུ་བཙུགས་ཡོད་པ་དང་། མགྲོན་ཁང་དང་ཟ་ཁང་། སྣུམ་མཛོད། ཕྱི་རྒྱལ་གྱི་མི་འགྲོ་སྐྱོད་མང་སའི་རེབ་གོང་སོགས་ལ་དོ་དམ་ནན་མོ་བྱེད་ཀྱི་འདུག
དྲག་པོའི་ཐབས་ལམ་གཅིག་པོ་མ་ཡིན་པར་དཔལ་འབྱོར་གྱི་ལམ་ནས་ཀྱང་རང་སྲེག་འགོག་ཐབས་བྱེད་ཀྱི་ཡོད་པ་སྟེ། རང་སྲེག་འགོག་མཁན་དང་གསང་བརྟོལ་བྱེད་མཁན་ལ་དཔལ་འབྱོར་གྱི་བྱ་དགའ་སྟེར་བ་དང་། རང་སྲེག་པའི་ཁྱིམ་དུ་སེམས་གསོར་འགྲོ་བའི་སྡེ་བ་དང་ཚོགས་སྡེ། མི་སྒེར་པ་བཅས་ལ་གཞུང་གི་དབུལ་སྐྱོར་གྱི་རོགས་དངུལ་གཅོད་པ་དང་། གཞུང་གི་འཛུགས་སྐྲུན་གྱི་ལས་གཞི་འགོག་པ་བཅས་བྱེད་ཀྱི་ཡོད་སྐད།
གོང་གི་རྒྱ་ཡིག་གི་དྲ་རྒྱ་ལ་མ་ཐོན་པའི་གནས་ཚུལ་གཞན་པ་ཞིག་ལ། རྨ་ལྷོ་བོད་རིགས་རང་ཀྱོང་ཁུལ་གྱི་དམར་ཕྱོགས་ཀྱི་དྲུང་ཆེ་ལིས་ཟེར་བ་ཞིག་ཡོད་པ་དེ་ཡང་གོ་གནས་ནས་ཕབ་ཡོད་སྐད། ལིས་དྲུང་ཆེ་ནི་སྐུ་འབུམ་ཕྱོགས་ནས་ཡིན་པ་དང་། མི་གཤིས་འཇམ་ཞིང་རོང་པོ་དགོན་ཆེན་ལ་རོགས་སྐྱོར་གང་ལེགས་བྱས་རབས་མང་པོ་བརྗོད་རྒྱུ་ཡོད་པ་ཞིག་རེད་འདུག
སྒོར་༢༠༠༠༠ ཐམ་པ་སྤྲོད་གི་ཡིན་གསུང་པ་རེད་འདུག་་་་་་་་དེ་ཡང་བདེ་འཇམ་ཆེད་རེད་འདུག་་་་་་
ཁ་སང་འབྲེལ་བ་བྱས་བ་ཡིན། གནས་ཚུལ་དེ་འདྲ་ཞིག་ཁྱབས་བསྒྲགས་བྱས་པ་ཙམ་ལས་ད་དུང་ལག་ལེན་ལ་བསྟར་མི་འདུག
རང་སྲེགས་ཞེས་བའི་ཚིག་འདིའི་འབྱུང་ཁུང་རྒྱ་ནག་གི་མགྲིན་ཚབ་པ་ཡེ་རྡོས་ཡི་ཚིག་རེད་ལ། ཚིག་དེ་ཨ་རིའི་རླུང་འཕྲིན་ཁང་དང་ཁྱེད་གཉིས་ཀྱིས་མ་གུས་བའི་ཚིག་འདི་བེད་སྤྱོད་བཏང་བར་བློ་ཕམ་རེད། ཡིན་ཡང་གནས་ཚུལ་ངོ་གནང་བར་ཐུགས་རྗེ་ཆེ།
ཁ་སྔོན་བདུན་ཕྲག་གཉིས་ཀྱི་སྔོན་ལ་ཨེ་ཤས་རང་དབང་ཁང་སོགས་ཀྱི་གནས་ཚུལ་སྤེལ་བ་གཞིག་ན་
བོད་དུ་རང་སྲེགས་གཏོང་མཁན་རྣམས་ལ་་་་ སླབ་དོན་བྱེད་མཁན་གྱི་མི་སྣ་ཁག་ཞིག་བཙན་བྱོལ་ནང་ནས་
ཕྱིར་བོད་ལ་ལོག་ནས་དེ་དག་གིས་བོད་དག་ལ་་་་. མེ་སྲེགས་གཏོང་གོས་པའི་བསྐུལ་མའང་བསླབ་དོན་བྱེད་ཀྱི་ཡོད་པ་
རྒྱ་མི་གསལ་བཤད་བྱེད་ཀྱི་ཡོད་པ་མ་ཟད་ དེ་དག་འཇུ་གཟུང་བྱས་པའི་ལོ་རྒྱུས་འདུག་ན་ཕལ་ཆེར་ཡིན་ས་རེད་་་་
ངོ་མ་བཙན་བྱོལ་གཞུང་དང་འབྲེལ་བ་ཡོད་མེད་མི་གཤེས་ཀྱང་ དོན་ངོ་མ་དེ་འདྲ་ཡིན་ན་ཧ་གཅང་ཡི་བློ་ཕམ་པོ་རེད་་་་་
བོད་པས་་་ བོད་པ་སྲེགས་པ་འདྲ་པོ་ཞིག་བྱུང་སོང་་་་་
གཞན་དག་ག་རེད་བྱེད་ཡོད་མེད་གང་ཤེས་་་་རང་ལུས་མེ་སྲེགས་འགོག་ཐབས་བྱེད་པ་དེ་ནི་་་བོད་དང་རྒྱ་ནག་་ནང་ཆོས་དང་་རྩ་ཁྲིམས་་ཚང་མ་ལ་ཕན་ཐོག་པ་རེད་བསམ་གི་འདུག།