རྒྱ་གར་གློག་བརྙན་(Ram Teri Ganga Maili) དགའ་བྱེད་ཁྱོད་ཀྱི་གངྒཱ་བཙོག་པ་ཞེས་པའི་གླུ་ཞིག
Husn pahadon ka
Oh sahiba husn pahadon ka
Kya kehna ke baaron mahine
Yahan mausam jaadon ka
རི་བོ་ཡི་མཛེས་སྡུག་ནི།
ཝ་ཡེ་སྐུ་ཞབས། རི་བོ་ཡི་མཛེས་སྡུག་ནི།
བརྗོད་ཅི་དགོས་ཟླ་ངོ་བཅུ་གཉིས་རིང་།
འདི་གར་གནམ་གཤིས་དགུན་ཁར་གནས།
Rut yeh suhani hai
Meri jaan rut yeh suhani hai
Ke sardi se dar kaisa
Sang garmi jawaani hai
གནམ་གཤིས་འདི་སྐྱིད་པོ་གདའ།
སྙིང་ཉེ་མ། གནམ་གཤིས་འདི་སྐྱིད་པོ་གདའ།
གྲང་ངར་ལ་འཇིགས་ཅི་དགོས།
མཉམ་དུ་ན་གཞོན་གྱི་དྲོད་འཇམ་འདུག
Tum pardesi kidhar se aaye
Aate hi mere mann mein samaye
Karoon kya haathon se mann nikla jaaye
Karoon kya haathon se mann nikla jaaye
ཕྱི་མི་ཁྱོད་འདྲ་གང་ནས་ཡོང་བ་ཡིན།
སླེབས་མ་ཐག་ཏུ་ང་ཡི་སེམས་ལ་འཐིམས།
ཅི་ཞིག་བྱ་དགོས་སེམས་ལ་སྟངས་འཛིན་བྲལ།
ཅི་ཞིག་བྱ་དགོས་སེམས་ལ་སྟངས་འཛིན་བྲལ།
Chhote chhote jharne hai
Ke jharno ka pani chhuke
Kuch vaade karne hai
Jharne toh behte hai
Kasam le pahadon ki
Joh kayam rehte hai
རྒྱུགས་ཆུ་ཆུང་ངུ་རྒྱུགས་བཞིན་གདའ།
རྒྱུགས་ཆུ་ཡི་ཆུ་ལ་རེག་བྱས་ཏེ།
དམ་བཅའ་ཞིག་འཇོག་པར་འདོད།
རྒྱུགས་ཆུ་ནི་རྒྱུགས་བཞིན་གནས།
རི་བོ་ལ་དམ་བཅའ་ཞོགས།
དེ་ནི་བརྟན་དུ་གནས་ཀྱི་རེད།
Khile khile phoolon se bhari bhari vaadi
Raat hi raat mein kisne saja di
Lagta hai jaise yahan apni ho shaadi
Lagta hai jaise yahan apni ho shaadi
མེ་ཏོག་སྣ་འཛོམས་བཞད་པའི་ཡུལ་ལྗོངས་འདི།
མཚན་གཅིག་ཉིད་ལ་གོ་སྒྲིག་བྱས་གྱུར་ནས།
འདི་གར་ང་གཉིས་གཉེན་སྒྲིག་བྱེད་དང་འདྲ།
འདི་གར་ང་གཉིས་གཉེན་སྒྲིག་བྱེད་དང་འདྲ།
Kya gul boote hai
Pahadon mein yeh kehte hai
Pardesi toh jhoothe hai
Haath hai haathon mein
Ke rasta kat hi gaya
In pyar ki baton mein
མེ་ཏོག་དང་རྩི་ཤིང་རྣམས་ཀྱིས།
རོ་ཁྲོད་དུ་འདི་ལྟར་སྨྲ།
ཕྱི་མི་ནི་རྫུན་རེད་ཟེར།
ལག་ནང་དུ་ལག་པ་གདའ།
བརྩེ་དུངས་ཀྱི་གླེང་མོལ་ངང་།
ལམ་ཐག་ནི་ཆོད་ཕྱིན་སོང་།
Duniya yeh gaati hai
Suno ji duniya yeh gaati hai
Ke pyar se rasta toh kya
Zindagi kat jaati hai
འཇིག་རྟེན་གྱིས་གླུ་འདི་གྱེར།
ཉོན་དང་ཝེ། འཇིག་རྟེན་གྱི་གླུ་འདི་གྱེར།
བརྩེ་དུངས་ཀྱིས་ལམ་མ་ཟད།
མི་ཚེ་ཡང་འཁྱོལ་འགྲོ་རེད།
རྒྱ་གར་གློག་བརྙན་(Ajnabi kaun Ho Tum) རྒྱུས་མེད་ཁྱོད་སུ་ཡིན་ནམ་ཞེས་པའི་གླུ་ཞིག
Ajnabi kaun ho tum, jab se tumhe dekha hai/
Sari duniya meri ankhon me simati aayi hai/
Ajnabi kaun ho tum/
རྒྱུས་མེད་ཁྱོད་ནི་སུ་ཡིན་ནམ། ཁྱོད་ནི་མཐོང་བ་དེ་ནས་བཟུང་།
འཇིག་རྟེན་ཡོངས་རྫོགས་ངའི་མིག་ལ་འཐིམས་ནས་སླེབས་བྱུང་།
རྒྱུས་མེད་ཁྱོད་ནི་སུ་ཡིན་ནམ།
Tum toh har geet me shamil the, tarnnum ban ke/
Tum mile ho mujhe phoolon ka tabassum ban ke/
Aesa lakta hai ke barson se, shanasai hai/
Ajnabi kaun ho tum/
ཁྱོད་ནི་དབྱངས་ཀྱི་ངོ་བོར་གླུ་གཞས་ཡོངས་ལ་འཐིམས་ཏེ་གནས།
ཁྱོད་ནི་མེ་ཏོག་བཞད་འདྲ་ང་དང་མཉམ་དུ་འཕྲད་ནས་བྱུང་།
ལོ་མང་སྔོན་ནས་ངོ་ཤེས་ངོ་འདྲིས་ཡོད་དང་མཚུངས།
Khab ka rang hakikat me nazar aaya hai/
Dil me dharkan ki tarah koyi uttar aaya hai/
Aaj har sangson me shenahi si lehrahi hai/
Ajnabi Kaun ho tum/
ཀུན་རྟོག་རི་མོ་མངོན་སུམ་གྱུར་པ་མིག་གིས་མཐོང་།
སྙིང་ལ་འཕར་ལྡིང་ལྟ་བུའི་ཚོར་བ་ཞིག་སླེབས་སྐབས།
ད་རིང་འབྱུང་རྔུབ་ཡོངས་ལ་སྙན་པའི་སྒྲས་ཁྱབ་འདུག
རྒྱུས་མེད་ཁྱོད་ནི་སུ་ཡིན་ནམ།
Koi aahat si anderon me chamak jaati hai/
Raat aati hai toh tanhayi mehk jaati hai/
Tum mile ho ya mohabat ne gazal gayi hai/
Ajnabi Kaun ho tum/
མུན་པར་རྡོག་སྒྲའི་ཚུལ་དུ་འོད་མདངས་འཕྲོ་བཞིན་གནས།
མཚན་མོ་སླེབས་ན་ཁྱེར་རྐྱང་དྲི་ཞིམ་འཐུལ་དང་མཉམ།
ཁྱོད་དང་འཕྲད་ནས་བརྩེ་དུངས་གླུ་རུ་ལེན་དང་མཚུངས།
རྒྱུས་མེད་ཁྱོད་ནི་སུ་ཡིན་ནམ།
རྒྱ་གར་གློག་བརྙན་(Main Sundar Hoon) ང་མཛེས་པོ་ཡོད་ཅེས་པའི་གླུ་ཞིག
Mujhko thand lag rahi hai mujhse door tu na jaa/
Na jaa na jaa na jaa na jaa/
ང་ནི་གྲང་གི་འདུག་པས་ང་ལས་ཐག་རིང་དུ་མ་འགྲོ།།
མ་འགྲོ་མ་འགྲོ་མ་འགྲོ་མ་འགྲོ།།
Aag dil me lagi hai mere paas tu na aa/
Na aa na aa na aa na aa/
Mujhko thand lag rahi hai mujhse door tu na jaa/
སྙིང་ལ་མེ་ཤོར་འདུག་པས་ང་ཡི་འགྲམ་དུ་མ་ཡོང་།།
མ་ཡོང་མ་ཡོང་མ་ཡོང་མ་ཡོང་།།
ང་ནི་གྲང་གི་འདུག་པས་ང་ལས་ཐག་རིང་དུ་མ་འགྲོ།།
Aag aur paani ka sangam ho to kya anjaam ho/
Ho ho aa ha ho ho/
Naam dono ka zamaane me bahut badnaam ho/
Aaha haaha haha/
མེ་དང་ཆུ་གཉིས་འདུས་ན་གྲུབ་འབྲས་ཅི་ཡོང་ངམ།།
ཧོ་ཧོ་ཨ་ཧ་ཧོ་ཧོ།།
འཇིག་རྟེན་ནང་དུ་གཉིས་ཀར་མིང་ཆད་ཡོང་གི་རེད།།
ཨ་ཧ་ཧ་ཧ་ཧ་ཧ།།
Jo badnami ka dar thaa to phir pyaar kyon kiya/
Mujhko thand lag rahi hai mujhse door tu na jaa/
Na jaa na jaa na jaa na jaa/
མིང་ཆད་ལ་འཇིགས་ན་བརྩེ་བ་ཅི་ཕྱིར་བྱས།།
ང་ནི་གྲང་གི་འདུག་པས་ང་ལས་ཐག་རིང་དུ་མ་འགྲོ།།
མ་འགྲོ་མ་འགྲོ་མ་འགྲོ་མ་འགྲོ།།
Door rehna chaahiye thodi sa mulaaqaat mein/
Haha haha haha/
Kya kaha phir se to kahna haath lekar haath me/
Haha haha haha/
ཐུག་འཕྲད་ཚར་འགའི་ནང་དུ་རྒྱང་ཐག་རིང་ཙམ་སྡོད་དགོས།།
ཧ་ཧ་ཧ་ཧ་ཧ་ཧ།།
ཅི་བཤད་སྐྱར་ཟློས་བྱོས་དང་ལག་སྟེང་ལག་བཞག་ནས།།
ཧ་ཧ་ཧ་ཧ་ཧ་ཧ།།
Hosh me rahne de madhosh na banna/
Aag dil me lagi hai mere paas tu na aa/
Na aa na aa na aa na aa/
Mujhko thand lag rahi hai mujhse door tu na jaa/
དྲན་པ་མི་བརྟན་མ་བཟོ་སེམས་པ་རྣལ་དུ་འབབ་ཆུགས།།
སྙིང་ལ་མེ་ཤོར་འདུག་པས་ང་ཡི་འགྲམ་དུ་མ་ཡོང་།།
མ་ཡོང་མ་ཡོང་མ་ཡོང་མ་ཡོང་།།
ང་ནི་གྲང་གི་འདུག་པས་ང་ལས་ཐག་རིང་དུ་མ་འགྲོ།།
Kya karun hothon pe is dil de fasaane aa gaye/
Ho ho ho ho ho ho/
Do mulaqato mein tujhko sau bahaane aa gaye/
He he he he he he/
ཡིད་ལ་བསམ་པ་ཁ་ནས་ཤོར་སོང་ཅི་བྱ་ཡོད།།
ཧོ་ཧོ་ཧོ་ཧོ་ཧོ་ཧོ།།
འཕྲད་ཐེངས་གཉིས་ནང་ཁག་འདོགས་མང་པོ་འདི་འདྲ་ཨེ། །
ཧི་ཧི་ཧི་ཧི་ཧི་ཧི།།
Log sunte hain saare aahistaa aahistaa/
Mujhko thand lag rahi hai mujhse door tu na jaa/
Na jaa na jaa na jaa na jaa/
ཚང་མས་གོ་སྲིད་ག་ལེར་ག་ལེར་ཤོད།།
ང་ནི་གྲང་གི་འདུག་པས་ང་ལས་ཐག་རིང་དུ་མ་འགྲོ།།
མ་འགྲོ་མ་འགྲོ་མ་འགྲོ་མ་འགྲོ།།
རྒྱ་གར་གློག་བརྙན་(Jhuk Gaya Aasman) ནམ་མཁས་གུས་འདུད་ཞུས་ཅེས་པའི་གླུ་ཞིག །
Unse mili nazar ki mere hosh udh gaye
Aisa hua asar ki mere hosh udh gaye
ཁྱོད་ཉིད་མཐོང་མ་ཐག་ཏུ་ང་ནི་དྲན་པ་འཐོར་བྱུང་།།
འདི་འདྲའི་ཤུགས་རྐྱེན་ཆེ་ལ་ང་ནི་དྲན་པ་འཐོར་བྱུང་།།
Jab woh mile mujhe paheli baar
Unse ho gayi aankhen chaar
Paas na bethi pal bhar woh
Phir bhi ho gaye unse pyar
Itni thi bas khabar ki mere hosh udh gaye
ང་ལ་ཐོག་མར་ཁོང་མཇལ་སྐབས།།
ཁོང་ལ་སེམས་པ་དབང་མེད་ཤོར།།
ཡུད་ཙམ་འཁྲིས་ལ་བསྡད་མ་སོང་།།
འོན་ཀྱང་ཁོང་ལ་སེམས་ཤོར་སོང་།།
གང་ལྟར་ཤེས་པ་ཞིག་ལ་ང་ནི་དྲན་པ་འཐོར་བྱུང་།།
Unki taraf dil jhukne laga
Badke kadam phir rukne laga
Apne aap dum ghutne laga
Chaye woh iss kadar ki mere hosh udh gaye
ཁོང་གི་ཕྱོགས་ལ་ཡིད་ནི་བཏུད་པར་གྱུར།།
མདུན་སྐྱོད་གོམ་པ་སླར་ཡང་ཆད་པར་གྱུར།།
རང་འགུལ་ངང་ནས་འཆི་གྲབས་བྱས།།
འདི་འདྲའི་དགའ་སྟངས་དེ་ཡིས་ང་ནི་དྲན་པ་འཐོར་བྱུང་།།
Ghar mere aaya woh mehmaan
Dil mein jagaye sau toofan
Dekh ke unki surat ko
Hay Rah gayi main hairan
Tadpun idhar udhar ki mere hosh udh gaye
ང་ཡི་ཁྱིམ་དུ་ཁོང་མགྲོན་དུ་འབྱོར།།
སེམས་ནང་དྲག་ཆར་འཚབ་འཚུབ་ལངས།།
ཁོང་གི་ཞལ་རས་མཇལ་མ་ཐག །
ང་ནི་ངོ་མཚར་སྐྱེས་ཏེ་ལུས།།
ངེས་མེད་མནར་བའི་ངང་ནས་ང་ནི་དྲན་པ་འཐོར་བྱུང་།།
རྒྱ་གར་གློག་བརྙན་(Silsila) འབྲེལ་མཐུད་ཀྱི་གླུ་ཞིག །
Pehli-pehli Baar Dekha Aisa Jalwa Ho Aisa Jalwa
Ye Ladki Hai Ya Shola, Ye Ladki Hai Ya Shola
Shola Hai Shola, Shole Se Darna
Marna To Thande Paani Me Marna
Raham Jawani Pe Kha O Mundaya Raham Jawani Pe Kha
ཡིད་འཕྲོག་འདི་འདྲ་མཐོང་ཐེངས་དང་པོ་ཡིན།་འདི་འདྲའི་ཡིད་འཕྲོག་མ།
འདི་ནི་བུ་མོ་རེད་དམ་མེ་རླབས་རེད། འདི་ནི་བུ་མོ་རེད་དམ་མེ་རླབས་རེད།
མེ་རླབས་རེད་མེ་རླབས་མེ་རླབས་ལ་འཇིགས་དགོས།
འཆི་འདོད་ཡོད་ན་ཆུ་གྲང་ནང་དུ་ཤི།
བུ་ཁྱོད་དར་མའི་ལང་ཚོར་སྙིང་རྗེ་བྱོས། དར་མའི་ལང་ཚོར་སྙིང་རྗེ་བྱོས།
Lute Na Jawani Me Jo Sholo Ka Maza
Sholo Ka Maza, To Bolo Vo Aadami Hai Kya
To Bolo Vo Aadami Hai Kya
Aayi Hai Nayi-nayi Zulmi Jawani
Karta Hai Badh Ke Baate Diwani
Khair Tu Dil Ki Mana O Babua Khair Tu Dil Ki Mana
ལང་ཚོ་དར་སྐབས་མེ་རླབས་ཀྱི་བྲོ་བ།
མེ་རླབས་ཀྱི་བྲོ་བ་མ་མྱངས་ན། ཤོད་དང་དེ་ནི་མི་ཡང་ཡིན་ནམ་ཅི། ཤོད་དང་དེ་ནི་མི་ཡང་ཡིན་ནམ་ཅི།
དྲེགས་ལྡན་གྱི་ན་གཞོན་གསར་པ་ཡོང་ནས།
སྨྱོ་འཆོལ་གྱི་འདོད་གཏམ་ཤོད་ཀྱི་རེད།
སྙིང་ཁམས་ལ་བདག་གཅེས་རྒྱོབས། ཕོ་གསར་ལགས། སྙིང་ཁམས་ལ་བདག་གཅེས་རྒྱོབས།
Dil Jaisi Chiz Ki Manaau Khair Kya
Manaau Khair Kya, Main To Dono Jahaan Se Gaya
Main To Dono Jahaan Se Gaya
Ja Re Shikaari Tera Jaal Puraana
Aur Kahi Pe Jaa Ke Daal Ye Daana
Chidiya Phanse Na Lambua O Lambua Kudi Phanse Na Lambua
སྙིང་ཁམས་ཟེར་བའི་དངོས་པོ་དེ་ལ་བདག་གཅེས་རྒྱག་ཅི་དགོས།
བདག་གཅེས་རྒྱག་ཅི་དགོས། ང་ནི་འཇིག་རྟེན་གཉིས་ཀ་ལས་གྲོལ་སོང་།
ང་ནི་འཇིག་རྟེན་གཉིས་ཀ་ལས་གྲོལ་སོང་།
རྔོན་པ་ཁྱོད་ཀྱི་རྙི་དེ་རྙིང་པ་རེད། གཞན་དུ་ཕྱིན་ཏེ་བསླུ་རྫས་འདི་རིགས་ཞོག །
བྱིའུ་རྙི་ནང་མི་ཐེབས་ཐག་གཅོད་རེད། ཨོ་གཟུགས་རིང་བུ་མོ་བཟུང་མི་ཐུབ་པ་ཐག་གཅོད་རེད།
Dur Kaise Hoga Tera-mera Faasala
Tera-mera Faasala, Rab Jaane Ya Dil Mera
Rab Jaane Ya Dil Mera
Abhi To Dekha Hai Jalwa Dur Ka
Haal Bura Hai Mere Huzur Ka
Haath Pakad Ke Dikha O Soniya Haath Pakad Ke Dikha
Pakadi Kalaai To Na Chhodunga Kabhi
Na Chhodunga Kabhi
O Soniye Yaad Rakhana, O Soniye Yaad Rakhana
O Soniye Yaad Rakhana, O Soniye Yaad Rakhana
ཁྱོད་དང་ང་ཡི་དབར་ལ་རྒྱང་ཐག་ཇི་ལྟར་ཡོང་ངམ།
ང་གཉིས་དབར་གྱི་རྒྱང་ཐག དཀོན་མཆོག་ཡང་ན་ངའི་སེམས་ཀྱིས་ཤེས།
དཀོན་མཆོག་ཡང་ན་ངའི་སེམས་ཀྱིས་ཤེས།
ད་ལྟ་མཛེས་ཆོས་རིང་ནས་མཐོང་ཙམ་གྱིས།
ང་ཡི་མཛའ་བོའི་གནས་བབ་སྐྱོ་བོ་འདུག །
ལག་པ་འཇུས་ཏེ་སྟོན་དང་། ཨོ་མཛའ་བོ་ལག་པ་འཇུས་ཏེ་སྟོན་དང་ཀྱེ།
ཐེངས་གཅིག་བཟུང་བའི་ལག་པ་ནམ་ཡང་གཏོང་གི་མིན།
ནམ་ཡང་གཏོང་གི་མིན།
ཨོ། མཛའ་མོ་དེ་ལྟར་དྲན་པར་གྱིས། ཨོ། མཛའ་མོ་དེ་ལྟར་དྲན་པར་གྱིས།
ཨོ། མཛའ་མོ་དེ་ལྟར་དྲན་པར་གྱིས། ཨོ། མཛའ་མོ་དེ་ལྟར་དྲན་པར་གྱིས།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༨ ཚེས་༡༡ ཉིན།