རྒྱ་གར་གློག་བརྙན་(Ankhiyon ke Jharokhon Se) མིག་གི་སྒེའུ་ཁུང་ནས་ཞེས་པའི་གླུ།
Ankhiyon ke jharokhon se maine dekha jo saanware
Tum door nazar aaye badi door nazar aaye
Band karke jharokhon ko zara baithee jo sochne
Mann mein tumhi muskaye mann mein tumhi muskaye
Ankhiyon ke jharokhon se
བདག་གི་མིག་གི་སྒེའུ་ཁུང་ནས་གང་ཞིག་མཐོང་བའི་དགའ་རོགས་ཁྱོད།
ཁྱོད་ནི་ཐག་རིང་ཞིག་ཏུ་མཐོང་ ཧ་ཅང་ཐག་རིང་ཞིག་ཏུ་མཐོང་།
སྒེའུ་ཁུང་དེ་དག་སྒོ་བརྒྱབ་ནས་ བསམ་བློ་བཏང་ནས་སྡོད་པའི་ཚེ།
སེམས་ནང་ཁྱོད་ནི་འཛུམ་བཞིན་གནས་ སེམས་ནང་ཁྱོད་ནི་འཛུམ་བཞིན་གནས།
བདག་གི་མིག་གི་སྒེའུ་ཁུང་ནས།
Ek mann tha mere paas woh abh khone laga hai
Paakar tujhe haa hai mujhe kuchh hone laga hai
Ek tere bharose pe sab baithee hoon bhool ke
Yoon hi umar guzar jaye tere saath guzar jaye
Ankhiyon ke jharokhon se
བདག་ལ་ཡོད་པའི་སེམས་གཅིག་དེ་ ད་ཆ་བོར་བརླག་འགྲོ་བཞིན་གནས།
ཁྱེད་རང་ཐོབ་ནས་ཨེ་མ་བདག་ལ་ཚོར་བ་ཁྱད་མཚར་ཡོང་བཞིན་གདའ།
ཁྱེད་རང་ཉིད་ལ་ཡིད་ཆེས་བྱས་ཏེ་ གཞན་དག་བརྗེད་ནས་སྡོད་ཀྱི་ཡོད།
འདི་ལྟར་ཚེ་གང་འཁྱོལ་བར་ཤོག་ ཁྱོད་དང་ལྷན་དུ་འཁྱོལ་བར་སྨོན།
བདག་གི་མིག་གི་སྒེའུ་ཁུང་ནས།
Jeeti hoon tumhe dekh ke marti hoon tumhi pe
Tum ho jahan saajan meri duniya hai wahin pe
Din raat dua maange mera man tere waste
Kabhi apni ummeedon ka koi phool na murjhaye
Ankhiyon ke jharokhon se
ཁྱོད་ལ་བལྟས་ནས་འཚོ་བཞིན་ཡོད་ ཁྱོད་ལ་ཡིད་ནི་འཕྲོག་པར་གྱུར།
བརྩེ་ལྡན་ཁྱོད་ནི་གར་གནས་པ་ དེ་རུ་བདག་གི་འཇིག་རྟེན་གནས།
བདག་གི་སེམས་ནས་ཁྱོད་ཀྱི་ཆེད་ ཉིན་དང་མཚན་དུ་སྨོན་ལམ་འདེབས།
བདག་གི་རེ་བའི་མེ་ཏོག་དེ་ ནམ་ཡང་སྙིད་པར་མ་གྱུར་ཅིག
བདག་གི་མིག་གི་སྒེའུ་ཁུང་ནས།
Main jab se tere pyaar ke rangon mein rangi hoon
Jagte hue soi rahi neendon mein jagi hoon
Mere pyaar bhare sapne kahin koi na chheen le
Man soch ke ghabragye yahi soch ke ghabraye
བདག་ནི་ཁྱོད་ཀྱི་བརྩེ་དུངས་ཀྱི་ ཚོན་གྱི་མདོག་ཏུ་གྱུར་ནས་བཟུང་།
སད་པའི་དུས་སུ་གཉིད་ལ་ཡུར་ གཉིད་ཀྱི་དུས་སུ་སད་དེ་གནས།
བདག་གི་དུངས་བས་ཁེངས་པའི་རྨི་ལམ་དེ་ གཞན་གྱིས་མི་འཕྲོག་པ་ཡི་རེ་བ་བྱེད།
འདི་ལྟར་བསམ་བློ་འཁོར་དུས་ཞེད་སྣང་སྐྱེད་ འདི་ལྟར་བློ་ལ་འཁོར་དུས་ཞེད་སྣང་སྐྱེད།
Ankhiyon ke jharokhon se maine dekha jo saanware
Tum door nazar aaye badi door nazar aaye
Band karke jharokhon ko zara baithee jo sochne
Mann mein tumhi muskaye mann mein tumhi muskaye
Ankhiyon ke jharokhon se
བདག་གི་མིག་གི་སྒེའུ་ཁུང་ནས་གང་ཞིག་མཐོང་བའི་དགའ་རོགས་ཁྱོད།
ཁྱོད་ནི་ཐག་རིང་ཞིག་ཏུ་མཐོང་ ཧ་ཅང་ཐག་རིང་ཞིག་ཏུ་མཐོང་།
སྒེའུ་ཁུང་དེ་དག་སྒོ་བརྒྱབ་ནས་ བསམ་བློ་བཏང་ནས་སྡོད་པའི་ཚེ།
སེམས་ནང་ཁྱོད་ནི་འཛུམ་བཞིན་གནས་ སེམས་ནང་ཁྱོད་ནི་འཛུམ་བཞིན་གནས།
བདག་གི་མིག་གི་སྒེའུ་ཁུང་ནས།
རྒྱ་གར་གློག་བརྙན་(Kashmir ki Kali) ཀཱཤ་མིར་གྱི་ཐེའུ་ཞེས་པའི་གླུ་ཞིག
Ye chand sa roshan chehra
Zulfon ka rang sunhera
Ye jeel si neeli ankhen
Koi raaz hai inme gehra
Taarif karoon kya uski
Jisne tumhe banaaya
ཟླ་འོད་འཚེར་འདྲའི་ཞལ་རས་འདི།
དབུ་སྐྲའི་མདོག་ནི་མཛེས་སྡུག་ལྡན།
མཚོ་མོ་འདྲ་བའི་སྤྱན་སྔོ་འདིར།
གཏིང་མཐའ་ཟབ་པའི་གསང་བ་འདུག
ཁྱོད་ཉིད་སྐྲུན་པ་པོ་དེ་ལ།
བསྟོད་པའི་སྒོ་ནི་ཅི་ཞིག་ཡོད།
Ek cheez kayamat si hai
Logon se suna karte the
Tumhe dekh ke maine maana
Woh thik kaha karte the
Woh thik kaha karte the
བློ་ཡུལ་འདས་པའི་དངོས་པོ་ཞིག
ཡོད་པ་གཞན་ནས་གོ་ཐོས་བྱུང་།
ཁྱོད་ཉིད་མཐོང་རྗེས་ངའི་སེམས་ལ།
ཁོང་ཚོས་བདེན་པར་སྨྲས་པ་ཤེས།
ཁོང་ཚོས་བདེན་པར་སྨྲས་པ་ཤེས།
Hai chal mein teri jaalim
Kuch aise baat ka jaadu
Soo baar sambhala dil ko
Par ho ke raha bekaabu
Taarif karoon kya uski
Jisne tumhe banaaya
ཡིད་འཕྲོག་ཁྱོད་ཀྱི་འགྲོ་སྟངས་ལ།
སྒྱུ་མ་ལྟ་བུའི་གནད་ཅིག་འདུག
ཐེངས་མང་སྙིང་ལ་གཅེས་འཛིན་བྱས།
འོན་ཀྱང་སྟངས་འཛིན་ཐུབ་མ་བྱུང་།
ཁྱོད་ཉིད་སྐྲུན་པ་པོ་དེ་ལ།
བསྟོད་པའི་སྒོ་ནི་ཅི་ཞིག་ཡོད།
Har subah kiran ki laali
Hai rang tere gaalon ka
Har sham ki chaadar kaali
Saaya hai tere baalon ka
ཁྱོད་ཀྱི་འགྲམ་མཆུའི་ཚོན་མདོག་དེ།
ཞོགས་པའི་མཚམས་སྤྲིན་དམར་པོའི་མདངས།
དགོང་དྲོའི་མཁའ་ཁྱབ་ནག་པོ་དེའི།
གྲིབ་ནག་ཁྱོད་ཀྱི་དབུ་སྐྲའི་མདོག
Tu balkhati ek nadiya
Har mouj teri angraii
Jo in moujon me duba
Usne hi duniya paayi
Taarif karoon kya uski
Jisne tumhe banaaya
ཁྱོད་ནི་གྱ་གྱུའི་གཙང་ཆུ་ཞིག
རླབས་རེ་ཁྱོད་ཀྱི་གཡལ་བ་འདྲ།
སུ་ཞིག་རྦ་རླབས་ནང་ཐིམ་ན།
དེ་ལ་འཇིག་རྟེན་བདག་པ་ཡིན།
ཁྱོད་ཉིད་སྐྲུན་པ་པོ་དེ་ལ།
བསྟོད་པའི་སྒོ་ནི་ཅི་ཞིག་ཡོད།
Main khoj me hung manzil ki
Aur manzil paas hai meri
Mukhere se hata do anchal
Ho jae dur andere
Ho jae dur andere
དམིགས་ཡུལ་ཞིག་ང་ཡིས་འཚོལ་བཞིན་ཡོད།
དམིགས་ཡུལ་དེ་ང་ཡི་འགྲམ་ན་འདུག
བྱད་བཞིན་ནས་ཡོལ་བ་ཕྱེ་རོགས་གནོངས་།
མུན་ནག་དེ་རྒྱང་ཐག་རིང་དུ་འགྲོ།
Maana ke ye jalwe tere
Kar denge mujhe diwana
Ji bhar ke jada main dekhung
Andaaz tera mastana
Taarif karon kya uski
Jisne tumhe banaaya
ཡིད་འཕྲོག་པའི་ཁྱོད་ཀྱི་ཞལ་རས་འདིས།
ང་སྨྱོན་པ་བཟོ་རྒྱུ་ཐག་ཆོད་རེད།
སྟངས་སྟབས་ཀྱི་རྣམ་འགྱུར་མཛེས་པ་འདི།
ཡིད་ཚིམ་པར་ལྟ་རུ་འཇུག་རོགས་གནོངས།
ཁྱོད་ཉིད་སྐྲུན་པ་པོ་དེ་ལ།
བསྟོད་པའི་སྒོ་ནི་ཅི་ཞིག་ཡོད།
རྒྱ་གར་གློག་བརྙན་(Kashmir ki Kali) ཀཱཤ་མིར་གྱི་ཐེའུ་ཞེས་པའི་གླུ་ཞིག
Isharon isharon mein dil lene wale
Bata ye hunar tune sikha kahan se
Nigahon nigahon mein jaadu chalana
Meri jahan sikha hai tumne jahan se
བརྡ་སྟོན་དང་བརྡ་སྟོན་ལས་ཡིད་འཕྲོག་མཁན་ཁྱོད་ཀྱིས།
ཤོད་དང་འདི་འདྲའི་རིག་རྩལ་གང་ནས་སྦྱངས་ཏེ་ཡོང་ཡིན།
མིག་དང་མིག་གི་དབར་ལ་སྒྱུ་མའི་རྫུ་འཕྲུལ་སྟོན་ཐབས།
དགའ་རོགས་ཁྱོད་ཀྱིས་སྦྱོང་ས་དེ་ནས་ཤེས་པ་བྱས་ཡིན།
Mere dil koh tum baa gaye
Meri kya thi isme khata
Mujhe jisne tadpa diya
Yahe thi woh zalim adaa
བདག་གི་སེམས་ནི་ཁྱོད་ཀྱིས་ཆུ་མོར་བསྐྱུར།
བདག་གི་ལོ་རྒྱུས་འདི་རུ་ཅི་ཞིག་ཡོད།
བདག་ལ་མནར་གཅོད་གཏོང་བའི་དོངས་པོ་ནི།
སྲོག་འཕྲོག་རྣམ་འགྱུར་འདི་ལས་གཞན་དུ་ཅི།
Ye Ranja ki baate ye majnu ke kisse
Alak toh nahi hai meri daastan se
Isharon isharon mein dil lene wale
Bata ye hunar tune sikha kahan se
རཱན་ཛ་དང་ནི་མཇ་ནུའི་ལོ་རྒྱུས་འདི།
བདག་གི་སྒྲུང་ལས་གཞན་དུ་མ་ཡིན་ནོ།
བརྡ་སྟོན་དང་ནི་བརྡ་སྟོན་ལས་ཡིད་འཕྲོག་མཁན་ཁྱོད་ཀྱིས།
ཤོད་དང་འདི་འདྲའི་རིག་རྩལ་གང་ནས་སྦྱངས་ཏེ་ཡོང་ཡིན།
Mohabbat jo karte hai woh
Mohabbat jatate nahin
Dharkane apne dil ki kabhi
Kisi ko sunate nahin
བརྩེ་དུངས་བྱེད་མཁན་དེ་ཡིས།
བརྩེ་དུངས་མངོན་པར་མི་བྱེད།
རང་གི་སྙིང་གི་འཕར་ལྡིང་།
སུ་ལའང་ཉན་དུ་མི་འཇུག
Maja kya raha jab ki khud kar diya ho
Mohabbat ka izhar apni juban se
Nigahon nigahon mein jaadu chalana
Meri jaan sikha hai tumne jahan se
བརྩེ་བའི་ཁས་ལེན་དམ་བཅའ་རང་གི་ངག་ནས་ཐལ་ན།
དེ་འདྲའི་བརྩེ་དུངས་དེ་ལ་སྤྲོ་སྣང་ཡོང་རྒྱུ་ཅི་ཡོད།
མིག་དང་མིག་གི་དབར་ལ་སྒྱུ་མའི་རྫུ་འཕྲུལ་སྟོན་ཐབས།
དགའ་རོགས་ཁྱོད་ཀྱིས་སྦྱོང་ས་དེ་ནས་ཤེས་པ་བྱས་ཡིན།
Maana hai jan-e-jahan
Lakhon mein tum ek ho
Hamari nigahon ki bhi
Kuch bhi magar daad doo
ཁྱོད་ཉིད་ཁོ་ན་འབུམ་གྱི་ནང་ནས་གཅིག
ཡིན་པ་ངས་ནི་ཡིན་ཤག་བྱས་པ་ཡིན།
དེས་ན་ང་དང་ཁྱོད་ཀྱི་མིག་ལ་ཡང།
གཞན་པ་མེད་ཀྱང་བསྟོད་པ་བྱེད་འོས་རེད།
Baharon ko bhi naaz jis phool par tha
Yahe phool hamne chuna gulisthan se
Isharon isharon mein dil lene wale
Bata ye hunar tumne sikha kahan se
མེ་ཏོག་གང་ལ་དཔྱིད་ཀྱང་སེམས་ཤོར་བ།
བདག་གིས་དེ་ནི་སྐྱེད་མོའི་ཚལ་ནས་བདམས།
བརྡ་སྟོན་དང་ནི་བརྡ་སྟོན་ལས་ཡིད་འཕྲོག་མཁན་ཁྱོད་ཀྱིས།
ཤོད་དང་འདི་འདྲའི་རིག་རྩལ་གང་ནས་སྦྱངས་ཏེ་ཡོང་ཡིན།
Nigahon nigahon mein jaadu chalana
Meri jaan sikha hai tumne jahan se
མིག་དང་མིག་གི་དབར་ལ་སྒྱུ་མའི་རྫུ་འཕྲུལ་སྟོན་ཐབས།
དགའ་རོགས་ཁྱོད་ཀྱིས་སྦྱོང་ས་དེ་ནས་ཤེས་པ་བྱས་ཡིན།
རྒྱ་གར་གློག་བརྙན་(Caravan) འགྲུལ་ཚོ་ཞེས་པའི་གླུ་ཞིག
O soniya maar sutiya
Kitana pyara wada hai
Inn matavali ankhon kaa
Is masti mein sujhe naa
Kya kar daalun haal mohe sambhal
O saathiyaa, O beliyaa
ཨོ། སྙིང་ཉེ་མ། ངའི་མཚོན་སྲུང་།
ཅི་འདྲའི་གཅེས་པའི་དམ་བཅའ་འདི།
ཆེས་མཛེས་པའི་སྤྱན་མིག་དག་གི་རེད།
རྩེད་དགའི་ཉམས་འགྱུར་འདིའི་ནང་།
ཅི་བྱ་དགོས་མི་ཤེས་ང་སྐྱོར་དང་།
ཨོ་མཛའ་མོ་ལགས། ཨོ་གྲོགས་མོ་ལགས།
Ho ujaala yaa andhera
Kahi naa chhutee haath mera
Koi mera naa tere binn
Piyaa nibhana saath mera
ཉི་འོད་དམ་མུན་ནག་གང་ཡིན་རུང་།
ངའི་ལག་པ་ཤོར་བ་མ་གནང་རོགས།
ཁྱོད་ལས་གཞན་ང་ལ་སུ་ཡང་མེད།
བྱམས་པས་ང་འདོར་བ་མ་གནང་རོགས།
Are goraa goraa ye haath tora hai
Paagal mohe banaa diyaa
Kitana pyara wada hai
Inn matavali ankhon kaa
Is masti me sujhe naa
Kya kar daalun haal mohe sambhal
དཀར་ཞིང་དཀར་བ་ཁྱོད་ཀྱི་ལག་པས།
ང་སྨྱོན་པའི་གནས་སུ་བསྐྱལ་ལ་སོང་།
ཅི་འདྲའི་གཅེས་པའི་དམ་བཅའ་འདི།
ཆེས་མཛེས་པའི་སྤྱན་མིག་དག་གི་རེད།
རྩེད་དགའི་ཉམས་འགྱུར་འདིའི་ནང་།
ཅི་བྱ་དགོས་མི་ཤེས་ང་སྐྱོར་དང་།
Barso maine mann jalayaa
Mili palkon ki tab ye chhaya
Kaante mere tan mein tutee
Gale se tune tab lagayaa
O saiya pyare chalta jaa re
Baiya dare hai karwa tohe laga liya
Kitana pyara wada hai
Inn matavali ankhon kaa
Is masti mein sujhe naa
Kya kar daalun haal mohe sambhal
ལོ་མང་རིང་ལ་སེམས་བསྲེགས་པས།
ད་གཟོད་སྨིན་མའི་གྲིབ་བསིལ་འདི་ཐོབ།
གཟུགས་ལ་འཚེར་མའི་མདའ་ཟུག་སྐབས།
ཁྱོད་ཀྱིས་དེ་དུས་སྐེ་ལ་འཁྱུད་བྱུང་།
ཨོ། སྙིང་ཉེའི་གྲོགས་པོ་འགྲོ་འགྲོ་སྡོད་ཅིག
ལམ་གྲོགས་མུ་མཐུད་སྐྱོད་སྐྱོད་བསྡད་པ་ཡིན།
ཅི་འདྲའི་གཅེས་པའི་དམ་བཅའ་འདི།
ཆེས་མཛེས་པའི་སྤྱན་མིག་དག་གི་རེད།
རྩེད་དགའི་ཉམས་འགྱུར་འདིའི་ནང་།
ཅི་བྱ་དགོས་མི་ཤེས་ང་སྐྱོར་དང་།
Rooz utha ke ye nayanva
Chhua karungi tora manwa
Jaise pahali baar chaha
Sadaa chahungi mai sajanwa
Hay tere naina mere nainaa
Phir kya kahanaa hay
Kya kya na maine paa liyaa
Kitana pyara wada hai
Inn matavali ankhon kaa
Is masti mein sujhe naa
Kya kar daalun haal mohe sambhal
ཞོགས་སྟར་ལངས་རྗེས་མིག་འདི་ཡིས།
ཁྱོད་ཀྱི་སེམས་ལ་རེག་གི་ཡིན།
འདོད་པ་དང་པོར་བྱུང་བ་བཞིན།
བྱམས་པ་ཁྱོད་ལ་རྟག་ཏུ་འདོད།
ཝེ་ཁྱོད་ཀྱི་མིག་དང་ང་ཡི་མིག
ཡང་སྐྱར་བརྗོད་དགོས་ཅི་ཞིག་འདུག
གང་གང་ང་ལ་ཐོབ་ནས་བྱུང་།
ཅི་འདྲའི་གཅེས་པའི་དམ་བཅའ་འདི་།
ཆེས་མཛེས་པའི་སྤྱན་མིག་དག་གི་རེད།
རྩེད་དགའི་ཉམས་འགྱུར་འདིའི་ནང་།
ཅི་བྱ་དགོས་མི་ཤེས་ང་སྐྱོར་དང་།
རྒྱ་གར་གློག་བརྙན་(Paisa Ya Pyar) པད་ཤག་གམ་བརྩེ་དུངས་ཞེས་པའི་གླུ་ཞིག
Mil le mil le mil le mujhe chhu nahi waise hi mil le
Dil le dil le dil le mere sine se lag mera dil le
ཐུག་དང་ཐུག་དང་ཐུག་དང་ང་ལ་མ་རེག་ངང་ནས་ཐུག་དང་།
སྙིང་རྐུས་སྙིང་རྐུས་སྙིང་རྐུས་ང་ཡི་བྲང་ལ་སྦྱར་ནས་སྙིང་རྐུས།
Jab bhi mujhe tera hath lage
Mere tan me ajib si aag lage
Itna hasin tera sath lage
Sari dharti pe chhaya suhag lage
Mil le mil le mil le mujhe chhu nahi waise hi mil le
Dil le dil le dil le mere sine se lag mera dil le
ཁྱོད་ཀྱི་ལག་པ་ང་ལ་ནམ་ཐུག་ཀྱང་།
ང་ཡི་ལུས་ལ་ཁྱད་མཚར་མེ་ཞིག་འབར།
ཁྱོད་དང་ལྷན་དུ་འདི་འདྲའི་སྐྱིད་ཉམས་ལ།
ས་ཁྱོན་ཡོངས་ལ་ཁྱབ་པའི་ལྷ་གནས་བཞིན།
ཐུག་དང་ཐུག་དང་ཐུག་དང་ང་ལ་མ་རེག་ངང་ནས་ཐུག་དང་།
སྙིང་རྐུས་སྙིང་རྐུས་སྙིང་རྐུས་ང་ཡི་བྲང་ལ་སྦྱར་ནས་སྙིང་རྐུས།
Matwale bhawaro ko dekh zara
Kaise kaliyon ko liptake pyar kare
Sharmili kaliyon ko dekh zara
Kaise simti bahane hazar kare
Mil le mil le mil le mujhe chhu nahi waise hi mil le
Dil le dil le dil le mere sine se lag mera dil le
ཡིད་མྱོས་པའི་བུང་བ་ལ་མིག་ལྟོས་དང་།
ཐེའུ་ལ་འཁྱུད་དེ་བརྩེ་དུངས་ཅི་འདྲ་བྱེད།
ངོ་ཚ་དམན་པའི་ཐེའུ་ལ་མིག་ལྟོས་དང་།
ཅི་འདྲ་བའི་ཁ་གཡར་སྟོང་ཕྲག་བྱེད།
ཐུག་དང་ཐུག་དང་ཐུག་དང་ང་ལ་མ་རེག་ངང་ནས་ཐུག་དང་།
སྙིང་རྐུས་སྙིང་རྐུས་སྙིང་རྐུས་ང་ཡི་བྲང་ལ་སྦྱར་ནས་སྙིང་རྐུས།
Wo milna kya milna hai jisme sada ka sath na ho
Tan se tan bhi chhu na sake tan se tan bhi chhu na sake
Lab se lab ki baat na ho mil le mil le mile
Mujhe chhu nahi waise hi mil le
Dil le dil le dil le mere sine se lag mera dil le
དུས་རྟག་ཏུ་མཉམ་དུ་མེད་པ་ཡི་ཐུག་འཕྲད་དེ་ཅི་འདྲའི་ཐུག་འཕྲད་རེད།
ལུས་དང་ལུས་དབར་རེག་པ་བྲལ་ལུས་དང་ལུས་དབར་རེག་པ་བྲལ།
མཆུ་དང་མཆུ་དབར་གླེང་བ་བྲལ་ཐུག་དང་ཐུག་དང་ཐུག་དང་།
ང་ལ་མ་རེག་ངང་ནས་ཐུག་དང་།
སྙིང་རྐུས་སྙིང་རྐུས་སྙིང་རྐུས་ང་ཡི་བྲང་ལ་སྦྱར་ནས་སྙིང་རྐུས།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༩ ཚེས་༤ ལ།།
༄༅། ཧིན་གཞས་བོད་སྐད་ཐོག་བྲིས་པ་དེ་ལ་བྲོ་བ་ཅང་མི་འདུག་
དཔེ་ཡག་པོ་བྲིས་འདུག དཀའ་ལས་བརྒྱབས་ནས་བྲིས་པར་ཕན་ཐོག་འདུག བཀྲིན་ཤིན་ཏུ་ཆེ།
ཡིག་སྒྱུར་ལ་སྦྱོང་བ་བྱེད་ཀྱིན་པ་འདྲ་བས། ཡར་སྐྱེད་ཀྱི་རེ་བ་ཡོད།