རྒྱ་གར་གློག་བརྙན་(Waqt)་དུས་ཚོད་ཅེས་པའི་གླུ་ཞིག
Aage bhi jaane na tu, peechhe bhi naane na tu
Jo bhi hai bas yahi ek pal hai
Aage bhi jaane na tu……
འདས་པ་ཡང་མི་ཤེས་ལ། མ་འོངས་ཀྱང་མི་ཤེས་སོ།
གང་ཡོད་པ་ནི་ད་ལྟའི་ཡུན་གཅིག་འདི་རེད།
འདས་པ་ཡང་མི་ཤེས་ལ། མ་འོངས་ཀྱང་མི་ཤེས་སོ།
གང་ཡོད་པ་ནི་ད་ལྟའི་ཡུན་གཅིག་འདི་རེད།
Anjaane saayo ka raaho mein dera hai
Andekhi baaho ne ham sabko ghera hai
Ye pal ujaala hai baaqi andhera hai
Ye pal gawaana na ye pal hi tera hai
Jaane waale soch le yahi waqt hai kar le puri aarzoo
Aage bhi naane na tu………..
ངོ་མི་ཤེས་པའི་གྲིབ་ནག་གིས་བགྲོད་ལམ་ནི་ཁེངས་བསྡད་འདུག
མི་མཐོང་བའི་ལག་པ་ཡིས་ངེད་ཚང་མར་བསྐོར་ནས་འདུག
ཡུན་འདི་ཉིད་ཉིན་མོ་དང་གཞན་ཚང་མ་ནག་ཁུང་རེད།
ཡུན་འདི་ནི་མ་བོར་ཤིགས་ཡུན་འདི་ནི་ཁྱོད་ཀྱི་རེད།
འགྲོན་པོ་རྣམས་མནོ་བསམ་ཐོངས། འདོད་པ་ཅི་ཡོད་སྒྲུབ་པའི་དུས་ནི་ད་ལྟ་རེད།
འདས་པ་ཡང་མི་ཤེས་ལ། མ་འོངས་ཀྱང་མི་ཤེས་སོ།
གང་ཡོད་པ་ནི་ད་ལྟའི་ཡུན་གཅིག་འདི་རེད།
Is pal ke jalwo ne mehfil sawaari hai
Is pal ki garmi ne dhadkan ubhaari hai
Is pal ke hone se duniya hamaari hai
Ye pal jo dekho to sadiya pe bhaari hai
Jeene waale soch le yahi waqt hai kar le puri aarzoo
Aage bhi jaane na tu………
ཡུན་འདི་ཡི་མཛེས་སྡུག་གིས་སྐྱིད་ཉམས་ཀྱི་རོལ་རྩེད་བརྒྱན།
ཡུན་འདི་ཡི་དྲོད་འཇམ་གྱིས་སྙིང་ཁ་ཡི་འཕར་ལྡིང་རྒྱས།
ཡུན་འདི་ཉིད་ཡོད་པས་ན་འཇིག་རྟེན་ནི་ང་ཚོར་བདག
ཡུན་འདི་ལ་བལྟས་གྱུར་ཚེ་བརྒྱ་ཕྲག་ཀྱང་ལྗིད་ཀྱིས་ནོན།
འཚོ་བཞིན་རྣམས་མནོ་བསམ་ཐོངས། འདོད་པ་ཅི་ཡོད་སྒྲུབ་པའི་དུས་ནི་ད་ལྟ་རེད།
འདས་པ་ཡང་མི་ཤེས་ལ། མ་འོངས་ཀྱང་མི་ཤེས་སོ།
གང་ཡོད་པ་ནི་ད་ལྟའི་ཡུན་གཅིག་འདི་རེད།
Is pal ke saaye mein apna thikaana hai
Is pal ke aage hi har shae fasaana hai
Kal kisne dekha hai kal kisne jaana hai
Is pal se paayega jo tujhko paana hai
Jeene waale soch le yahi waqt hai kar le puri aarzoo
Aage bhi jaane na tu
ཡུན་འདི་ཡི་གྲིབ་བསིལ་ན་རང་ཉིད་ཀྱི་སྡོད་གནས་མཆིས།
ཡུན་འདི་ཡི་ཕ་རོལ་ཏུ་ཆོས་ཐམས་ཅད་འཆིང་རྒྱ་རེད།
སང་སུ་ཡིས་མཐོང་ཡོད་དམ་སང་སུ་ཡིས་ཤེས་ཡོད་དམ།
གང་ཁྱོད་ལ་འཐོབ་རྒྱུ་དེ་ཡུན་འདི་ལས་ཐོབ་ཀྱི་རེད།
འཚོ་བཞིན་རྣམས་མནོ་བསམ་ཐོངས། འདོད་པ་ཅི་ཡོད་སྒྲུབ་པའི་དུས་ནི་ད་ལྟ་རེད།
འདས་པ་ཡང་མི་ཤེས་ལ། མ་འོངས་ཀྱང་མི་ཤེས་སོ།
གང་ཡོད་པ་ནི་ད་ལྟའི་ཡུན་གཅིག་འདི་རེད།
རྒྱ་གར་གློག་བརྙན་(Jo Jeeta Wohi Sikandar) སུ་རྒྱལ་བ་དེ་དཔའ་བོ་ཞེས་པའི་གླུ་ཞིག
Chaahe tum kuch na kaho
Maine sun liya
Ke saathi pyaar ka mujhe chun liya
Maine ne sun liya
ཁྱོད་ནི་ཁ་བཙུམས་བསྡད་གྱུར་ཀྱང་།
བརྩེ་བའི་གྲོགས་སུ་ང་བདམས་པ།
ངས་ནི་རྣ་བས་ཐོས་པར་གྱུར།
ངས་ནི་རྣ་བས་ཐོས་པར་གྱུར།
Pehla nasha pehla khumar
Naya pyaar hai naya intezaar
Kar loon main kya apna haal
Aye dil-e-bekaraar
Mere dil-e-bekaraar
Tu hi bata….
Pehla nasha pehla khumar
བཟི་དང་རོལ་རྩེད་དང་པོ་དང་།
བརྩེ་དང་རེ་སྒུག་གསར་པ་ཡིས།
ང་ཡི་གནས་སྟངས་ཇི་འདྲ་ཆགས།
ཉོན་དང་ཁ་ཁུ་སིམ་པའི་སྙིང་།
ང་ཡི་ཁ་ཁུ་སིམ་པའི་སྙིང་།
ཁྱོད་ཀྱིས་ཤོད་དང་ཇི་ལྟར་བྱེད།
བཟི་དང་རོལ་རྩེད་དང་པོ་དང་།
Udta hi phiroon in hawaon mein kahin
Ya main jhool jaun in ghataon mein kahin
Ek kar doon aasmaan aur zameen
Kaho yaaron kya karoon kya nahin
Pehla nasha pehla khumar……
རླུང་དང་ལྷན་དུ་གང་སར་འཕུར་འདོད་ཆེ།
ཡང་ན་སྤྲིན་དང་ལྷན་དུ་ཡོམ་འདོད་བྱེད།
གནམ་དང་ས་གཉིས་གཅིག་ཏུ་བཟོ་འདོད་ཆེ།
གྲོགས་ཚོས་ཤོད་དང་གང་བྱེད་གང་མི་བྱེད།
བཟི་དང་རོལ་རྩེད་དང་པོ་དང་།
Usne baat ki kuch aise dhang se
Sapne de gaya woh hazaaron rang ke
Reh jaun jaise main haar ke
Aur choome woh mujhe pyaar se
Pehla nasha pehla khumar……..
ཁོང་གིས་གླེང་མོལ་གནང་སྟངས་དེའི་ཤུགས་ཀྱིས།
འཇའ་ཚོན་སྟོང་དང་ལྡན་པའི་རྨི་ལམ་སྟེར།
ང་ནི་ཕམ་པ་ལྟར་དུ་ལྷག་གྱུར་ཀྱང་།
བརྩེ་བ་དང་བཅས་འོ་ནི་བྱས་པ་འདྲ།
བཟི་དང་རོལ་རྩེད་དང་པོ་དང་།
བརྩེ་དང་རེ་སྒུག་གསར་པ་ཡིས།
ང་ཡི་གནས་སྟངས་ཇི་འདྲ་ཆགས།
རྒྱ་གར་གློག་བརྙན་(Masoom) ལྷད་མེད་ཅེས་པའི་གླུ་ཞིག །
Tujse naraaz nahi jindagi hairaan hung main
Hairaan hung main
Tere masoom sawalon se pareshan hung main
Pareshan hung main
ཁྱོད་ལ་མི་ཚེས་ཁོང་ཁྲོ་མི་ལངས་པ། ང་ནི་ཡ་མཚན་བྱུང་།
ང་ནི་ཡ་མཚན་བྱུང་།
ཁྱོད་ཀྱི་ལྷད་མེད་དྲི་བ་དག་གིས། ང་ནི་ཞེ་བསུན་བྱུང་།
ང་ནི་ཞེ་བསུན་བྱུང་།
Jeene ke liye socha hi nahi
Dard sambhalne hoge
Muskuraye to, muskurane ke karz utarne hoge
Muskuraon kabhi to lagta hai
Jaise hotoon pe karz rakha hai
Tujse naraaz nahi jindagi hairaan hung main
Hairaan hung main
འཚོབའི་ཆེད་དུ་སྡུག་བསྔལ་མྱོང་དགོས་དང་།
འཛུམ་པའི་ཚབ་ཏུ་བུ་ལོན་འཇལ་དགོས་སོགས།
ཡིད་ལའང་མ་འཁོར་ཅི་འདྲའི་ཡ་མཚན་ཨང་།
མཚམ་རེ་འཛུམ་པའི་འབད་པ་བྱས་ན་ཡང་།
མཆུ་ཡི་སྟེང་དུ་བུ་ལོན་བཞག་དང་མཚུངས།
ཁྱོད་ལ་མི་ཚེས་ཁོང་ཁྲོ་མི་ལངས་པ། ང་ནི་ཡ་མཚན་བྱུང་།
ང་ནི་ཡ་མཚན་བྱུང་།
Jindagi tere gam ne hame
Rishte naye samjaya
Mile jo hame dhup mein
Mile chhaon ke thande saaye
Tujse naraaz nahi jindagi hairaan hung main
Hairaan hung main
མི་ཚེ་ཁྱོད་ཀྱི་སྡུག་བསྔལ་དེ་ནས།
འབྲེལ་བ་གསར་པའི་བསླབ་བྱ་ཐོབ་བྱུང་།
ཚ་བས་གདུང་བའི་དཀའ་སྡུག་ནང་དུ།
གྲང་ལ་བསིལ་བའི་གྲིབ་ནག་ཐོབ།
ཁྱོད་ལ་མི་ཚེས་ཁོང་ཁྲོ་མི་ལངས་པ། ང་ནི་ཡ་མཚན་བྱུང་།
ང་ནི་ཡ་མཚན་བྱུང་།
Aaj agar bhar aaie hai
Bunde baras jaegi
Kal kya pata kinke liye
Aankhen taras jaegi
Oh jaane kab gum hua, kahan khoya
Ek aankhsu chhupa ke rakha tha
Tujse naraaz nahi jindagi hairaan hung main
Hairaan hung main
Tere masoom sawalon se pareshan hung main
Pareshan hung main
གལ་ཏེ་མིག་ལ་མཆི་ཞག་འཁོར་ན།
མིག་ཆུའི་ཆར་པ་བབས་པ་ངེས།
སང་ཉིན་མིག་འདིས་སུ་ཡི་ཆེད་དུ།
རྔམ་ནས་བལྟ་བ་སུ་ཡིས་ཤེས།
སེམས་ཡེངས་སྡུག་བསྔལ་སེལ་བའི་ཆེད་དུ།
མིག་ཆུ་ཞིག་ནི་སྦས་ནས་ཉར།
ཁྱོད་ལ་མི་ཚེས་ཁོང་ཁྲོ་མི་ལངས་པ། ང་ནི་ཡ་མཚན་བྱུང་།
ང་ནི་ཡ་མཚན་བྱུང་།
ཁྱོད་ཀྱི་ལྷད་མེད་དྲི་བ་དག་གིས། ང་ནི་ཞེ་བསུན་བྱུང་།
ང་ནི་ཞེ་བསུན་བྱུང་།
རྒྱ་གར་གློག་བརྙན་(Jaani Dushman) སྲོག་གི་བཤེད་མ་ཞེས་པའི་གླུ་ཞིག
Saare rishte naate tod ke aagayi
Le main tere waste sab chhor ke aagayi
འབྲེལ་བ་མཐའ་དག་བཅད་ནས་ཡོང་བ་ཡིན།
ཁྱོད་ཀྱི་ཆེད་དུ་ཡོངས་རྫོགས་དོར་བ་ཡིན།
Likh deya tere naam pyaar bhari arzi
Dukh dena sukh dena aage tere marzi
བརྩེ་ཟིན་སྙན་ཞུ་ཁྱོད་ཀྱི་མིང་ཐོག་ཕུལ།
བདེ་སྡུག་ཇི་སྟེར་ཁྱོད་ཀྱི་ཐུགས་འདོད་མཛོད།
Tujhse nasib ko main jorke aagayi
Le main tere waste sab chhor ke aagayi
ཁྱོད་དང་བསོད་ནམས་སྦྱར་ནས་ཡོང་བ་ཡིན།
ཁྱོད་ཀྱི་ཆེད་དུ་ཡོངས་རྫོགས་དོར་བ་ཡིན།
Dono nahi jante dil ka lagana
Main bhi anjani thi tu bhi anjana
ཕན་ཚུན་བློ་གཏད་གཉིས་ཀས་མི་ཤེས་བདེན།
ངས་ཀྱང་མི་ཤེས་ཁྱོད་ཀྱིས་དེ་བས་མིན།
Phir bhi tere sang main jod ke aagayi
Le main tere waste sab chhor ke aagagyi
འོན་ཀྱང་ངས་ནི་ཁྱོད་དང་ལྷན་དུ་ཡོང་།
ཁྱོད་ཀྱི་ཆེད་དུ་ཡོངས་རྫོགས་དོར་བ་ཡིན།
Tune bulaya jab tune pukara
Rok na saki jag sara
ཁྱོད་ཀྱིས་ང་ལ་འབོད་འགུགས་བྱས་པའི་རྗེས།
འཇིག་རྟེན་ཡོངས་ཀྱིས་བཀག་འགོག་ཐུབ་མ་ཡོང་།
Sare jag se main mukh mod ke aagayi
Le main tere waste sab chhor ke aagagyi
འཇིག་རྟེན་ཡོངས་དང་བྲལ་ནས་ཡོང་བ་ཡིན།
ཁྱོད་ཀྱི་ཆེད་དུ་ཡོངས་རྫོགས་དོར་བ་ཡིན།
རྒྱ་གར་གློག་བརྙན་(Man Ki Aankhan) ཡིད་ཀྱི་འདྲེན་བྱེད་ཅེས་པའི་གླུ་ཞིག
Chala bhi aa, aaja Rasiya
Janewale aaja teri yaad sataaye
Khuabon ka gharonda kahin tut na jaye
ཆིབས་སྒྱུར་གནོངས་དང་། ཕེབས་རོགས་གནང་དང་འདོད་ལྡན་ཁྱོད།
གང་ཉིད་དྲན་ཏེ་འཚེར་པོ་འདུག་པས་མྱུར་ཤོག་དང་།
ཀུན་རྟོག་ཚང་འདི་འཐོར་ཞིག་གྱུར་ན་ཇི་ལྟར་བྱེད།
Murja chale hai armaan sare
Dhundala gaye hai sabhi ujle najaare
Kaise jiungi gamon ke sahare
Tarse nigahen meri tujho sadaye de, dharkan pukare
Chala bhi aa………….
མངོན་འདོད་མེ་ཏོག་སྙིད་ལ་ཉེ་བཞིན་འདུག
ཉིན་གྱི་ལྟད་མོ་མུན་པས་སྒྲིབ་བཞིན་འདུག
སྡུག་གིས་གནན་ཏེ་ཇི་ལྟར་འཚོ་ཐུབ་བམ།
ཁྱོད་ནི་རྟག་ཏུ་མཐོང་འདོད་ཆེ་བས་སྙིང་ནས་རེ་སྒུག་བྱེད་བཞིན་གནས།
ཆིབས་སྒྱུར་གནོངས་དང་།
Itna bata jaa teri jee main kya hai
La ke dorahe pe bicharna bura hai
Is jindagi ka tu hi aasara hai
Kya wo khata hai meri jis pe khafa hai, tu jiski saza hai
Chala bhi aa………….
ཁྱོད་ཀྱི་ཐུགས་ལ་ཅི་ཡོད་གསུང་གནོངས་དང་།
ཉིས་མདོ་ཞིག་ཏུ་འཁྲིད་དེ་གྱེས་ན་བཟང་རྟགས་མིན།
མི་ཚེ་འདི་ཡི་སྐྱོར་རོགས་དེ་ནི་ཁྱོད་ཉིད་ཡིན།
ཁྱོད་ནི་གང་གི་ཉེས་ཆད་ཡིན་པའི་ངའི་ཁྲོ་བ་ནོར་འཁྲུལ་ཞིག་ལ་ལྟ་ཕོད་དམ།
ཆིབས་སྒྱུར་གནོངས་དང་།
Meri lagan ko kahan tu ne jaanaa
Tere liye to mera dil hai diwana
Har saansa meri tera hi taraana
Ye jindagi kya hai teri kahani hai, tera fasaana
Tera mera wo hai rishte ke tute ji balaye bhi to tut na paye
ང་ཡི་སྤྲོ་སྣང་ཁྱོད་ཀྱིས་ག་དུས་ཤེས་གྱུར་རམ།
ཁྱོད་ཀྱི་ཆེད་དུ་ང་ཡི་སེམས་ནི་མྱོས་པ་བཞིན།
དབུགས་ཀྱི་རྒྱུ་བ་རེ་རེས་ཁྱོད་ལ་བསྟོད་པ་བྱེད།
ཁྱོད་ཀྱི་སྒྲུང་ངམ་མི་ཚེ་འདི་ནི་ཁྱོད་དང་ང་ཡི་གཏམ་རྒྱུས་རེད།
ཁྱོད་དང་ང་ཡི་འབྲེལ་བ་འདི་ནི་གཅོད་དགོས་བསམ་ཡང་ཆད་མི་སྲིད།
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༣༠ ཉིན།
https://www.youtube.com/watch?v=YCR6m-aZQLs
ལུས་ངག་ཡིད་གསུམ་པོ་ཉིན་མཚན་དུས་དྲུག་ཏུ་གླུ་དབྱངས་ལ་གླན་ནས་འཚོ་བའི་མྱི་དག་གིས་ཉོན་དང་། རྣམ་ཤེས་གང་ཞིག་ལ་འཁྲིད་འགྲོ།
https://www.youtube.com/watch?v=YCR6m-aZQLs
༄༅། ཧིན་གཞས་བོད་སྒྱུར་བྱས་པར་བྲོ་བ་ཅི་ཡང་མི་འདུག་ མ་འོངས་པར་དེ་ལྟར་བཤདསྒྱུར་གནང་མི་དགོས།
Hi, Jimme ལགས། ཁྱོད་ཀྱི་རྟག་པར་བྲོ་བ་ཅི་ཡང་མི་འདུག །ཟེར་བའི་ཚིག་ཆུ་ལྷབ་པ་འདི། ང་ཚོ་ལ་ཡང་བྲོ་བ་ཅི་ཡང་མི་འདུག །མ་འོངས་པར་དེ་ལྟར་འཆད་གནང་མི་དགོས།
ལྔ་ཚན་ལྔའི་དང་པོ། ཝཀྵ་ཏ། དུས་ཚོད་ཅེས་པ་འདི་ལེགས་པར་བསྒྱུར་ན། ཕྱག་རྫོགས་དང་ཕྱོགས་འདྲ་བ་ཞིག་འོང་བཟོ་འདུག །
https://youtu.be/LZ_YUOr-tYw
https://youtu.be/M64QdDmTM3Q
འགྱུར་ཡག་པོ་ཞིག་བྱུང་མེད་པ་ཡིན་ནའང་། བོད་ཡིག་ཙམ་འབྲི་བཞིན་པར་ཡི་རང་ཞུ་དགོས་པར་འདོད།
ནམ་ཞིག་ན། ཡར་རྒྱས་སོང་སྟེ་ཅུང་གོ་རྒྱུ་ཡོད་པ་ཞིག་འོང་བར་སྨོན་པ་ཡིན། ཐུགས་རྗེ་ཆེ་ཞུ།