པདྨ་ཚེ་དབང་ཤཱསྟྲིས།
རྒྱ་གར་གློག་བརྙན་(Ek Mahal Ho Sapno Ka) རྨི་ལམ་གྱི་ཕོ་བྲང་ཞིག་ཡོང་བར་སྨོན་ཞེས་པའི་གླུ།
Dil mein kisi ke pyaar kaa jalataa huaa diyaa
Duniyaa ki aandhiyon se bhalaa ye bujhegaa kyaa
སེམས་ནང་གང་གི་བརྩེ་དུང་སྒྲོན་མེ་འབར་བཞིན་འདི།།
འཇིག་རྟེན་རླུང་འཚུབ་ལྡང་བས་ཇི་ལྟར་འཇོམས་ནུས་སམ།།
Saanson ki aanch paa ke bhadakataa rahegaa ye
Sine mein dil ke saath dhadakataa rahegaa ye
Dhadakataa rahegaa ye
Vo naqsh kyaa huaa jo mitaaye se mit gayaa
Vo dard kyaa huaa jo dabaaye se dab gayaa
Dil mein kisi ke pyar kaa jalataa huaa diyaa
Duniyaa ki aandhiyon se bhalaa ye bujhegaa kyaa
འདི་ནི་འབྱུང་རྔུབ་ཡོལ་སྒོ་ཐོབ་ནས་འགུལ་བཞིན་སྡོད།།
འདི་ནི་བྲང་ནང་སྙིང་དང་ལྷན་དུ་འཕར་བཞིན་གནས།།
འདི་ནི་འཕར་བཞིན་གནས།
གསུབ་ནས་ཟུབ་པའི་རི་མོ་ཡིན་ན་ཕན་པ་ཅི།།
མནན་ནས་ནོན་པའི་ན་ཟུག་ཡིན་ན་ཕན་པ་ཅི།།
སེམས་ནང་གང་གི་བརྩེ་དུང་སྒྲོན་མེ་འབར་བཞིན་འདི།།
འཇིག་རྟེན་རླུང་འཚུབ་ལྡང་བས་ཇི་ལྟར་འཇོམས་ནུས་སམ།།
Ye zindagi bhi kyaa hai amaanat unhin ki hai
Ye shaayari bhi kyaa hai inaayat unhin ki hai
Inaayat unhin ki hai
Ab vo karam Karen ki sitam un kaa faisalaa
Ham ne to dil mein pyaar kaa sholaa jalaa liya
Dil mein kisi ke pyaar kaa jalataa huaa diyaa
Duniyaa ki aandhiyon se bhalaa ye bujhegaa kyaa
མི་ཚེ་འདི་འདྲའང་ཅི་ཡིན་ཁོང་གི་གཅེས་ནོར་རེད།།
སྙན་ངག་འདི་འདྲའང་ཅི་ཡིན་ཁོང་གི་བཀའ་དྲིན་རེད།།
ཁོང་གི་བཀའ་དྲིན་རེད།
ད་ནི་བཟང་ངན་ཅི་བྱུང་ཐག་གཅོད་ཁོང་གིས་བྱེད།།
ངས་ནི་སེམས་ནང་བརྩེ་དུང་མེ་ལྕེ་སྦར་བ་ཡིན།།
སེམས་ནང་གང་གི་བརྩེ་དུང་སྒྲོན་མེ་འབར་བཞིན་འདི།།
འཇིག་རྟེན་རླུང་འཚུབ་ལྡང་བས་ཇི་ལྟར་འཇོམས་ནུས་སམ།།
རྒྱ་གར་གློག་བརྙན་(Jiwan- Mritu) འཆི་གསོན་ཞེས་པའི་གླུ་ཞིག
Jhilmil Sitaron ka aangan hoga
Rimjim barasta saawan hoga
Aisa sundar sapna apna jiwan hoga
Jhilmil sitaron ka aangan hoga
Rimjim barasta saawan hoga
ཆེམ་ཆེམ་སྐར་མའི་སྒོ་ར་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
འདི་འདྲའི་རྨི་ལམ་མཛེས་པའི་མི་ཚེ་ཡོང་།
ཆེམ་ཆེམ་སྐར་མའི་སྒོ་ར་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
Prem ki gali main ak chota sa ghar banayege
Prem ki gali main,
Prem ki gali main ak chota sa ghar banayege
Kaliyan na mile na sahi kanton se sajayege
Bagiyan se sundar woh ban hoga
Rimjim barasta saawan hoga
Jhilmil sitaron ka aangan hoga
Rimjim barasta saawan hoga
བརྩེ་དུང་གི་སྲང་ལམ་སྟེང་དུ་ཁང་ཆུང་ཞིག་ནི་བཟོ་གི་ཡིན།
བརྩེ་དུང་གི་སྲང་ལམ་སྟེང་དུ།
བརྩེ་དུང་གི་སྲང་ལམ་སྟེང་དུ་ཁང་ཆུང་ཞིག་ནི་བཟོ་གི་ཡིན།
མེ་ཏོག་མ་བྱུང་ཚེར་མས་རྒྱན་པར་བྱེད་ཀྱི་ཡིན།
སྐྱེད་ཚལ་ལས་མཛེས་ལྡུམ་ར་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
ཆེམ་ཆེམ་སྐར་མའི་སྒོ་ར་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
Teri aankhon se sara sansar mein dekhunge
Teri aankhon se
Teri aankhon se sara sansar mein dekhunge
Dekhunge is paar ya us paar mein dekhunge
Nenon ko tera hi darshan hoga
Rimjim barasta saawan hoga
Jhilmil sitaron ka aangan hoga
Rimjim barasta saawan hoga
ཁྱོད་ཀྱི་སྤྱན་བརྒྱུད་འཇིག་རྟེན་ཡོངས་རྫོགས་ལྟ་གི་ཡིན།
ཁྱོད་ཀྱི་སྤྱན་བརྒྱུད།
ཁྱོད་ཀྱི་སྤྱན་བརྒྱུད་འཇིག་རྟེན་ཡོངས་རྫོགས་ལྟ་གི་ཡིན།
ངས་ནི་ཕ་རོལ་ཚུ་རོལ་གཉིས་ཀར་ལྟ་གི་ཡིན།
མིག་ལ་ཁྱོད་ཉིད་ཁོ་ན་གསལ་བར་སྨོན།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
ཆེམ་ཆེམ་སྐར་མའི་སྒོ་ར་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
Phir to mast hawaon ke ham jhoke ban jayege
Phir to mast hawaon ke
Phir to mast hawaon ke ham jhoke ban jayege
Nena sundar sapnon ke jharonkhe ban jayege
Man aashaon ka darpan hoga
Rimjim barasta saawan hoga
Aisa sundar sapna apna jiwan hoga
Jhilmil sitaron ka aangan hoga
Rimjim barasta saawan hoga
ང་ནི་སྐྱི་སེར་རླུང་པོ་ཡི་རླུང་ཤུགས་ངོ་བོར་འགྱུར་གྱི་ཡིན།
ང་ནི་སྐྱི་སེར་རླུང་པོ་ཡི།
ང་ནི་སྐྱི་སེར་རླུང་པོ་ཡི་རླུང་ཤུགས་ངོ་བོར་འགྱུར་གྱི་ཡིན།
རྨི་ལམ་མཛེས་པའི་མིག་དག་གི་སྒེའུ་ཁུངས་ངོ་བོར་འགྱུར་གྱི་ཡིན།
སེམས་ནི་རེ་བའི་མེ་ལོང་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
འདི་འདྲའི་རྨི་ལམ་མཛེས་པའི་མི་ཚེ་ཡོང་།
ཆེམ་ཆེམ་སྐར་མའི་སྒོ་ར་ཡོང་གི་རེད།
སིམ་སིམ་ཆར་འབེབས་དབྱར་དུས་ཤར་གྱི་རེད།
པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༡ ཚེས་༢༥ ཉིན།
ཁྱི་སྐྱག་རང་རེད། རྒྱ་གར་བ་སྙན་ནའང་བོད་སྐད་ལ་སྙན་པོ་རྩ་བ་ནས་མི་འདུག
རྒྱ་གར་གློག་བརྙན་(Ek Mahal Ho Sapno Ka) རྨི་ལམ་གྱི་ཕོ་བྲང་ཞིག་ཡོང་བར་སྨོན་ཞེས་པའི་གླུ།
Dil mein kisi ke pyaar kaa jalataa huaa diyaa
Duniyaa ki aandhiyon se bhalaa ye bujhegaa kyaa
སེམས་ནང་གང་གི་བརྩེ་དུང་སྒྲོན་མེ་འབར་བཞིན་འདི།།
འཇིག་རྟེན་རླུང་འཚུབ་ལྡང་བས་ཇི་ལྟར་འཇོམས་ནུས་སམ།།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒྱ་གར་གློག་བརྙན་(Ek Mahal Ho Sapno Ka) རྨི་ལམ་གྱི་ཕོ་བྲང་ཞིག་ཡོང་བར་སྨོན་ཞེས་པའི་གླུ།
Dil mein kisi ke pyaar kaa jalataa huaa diyaa
Duniyaa ki aandhiyon se bhalaa ye bujhegaa kyaa
མི་ཞིག་གི་སེམས་ནང་གི་བརྩེ་སེམས་ཀྱི་མར་མེ་དེ།
ཛམ་གླིང་གི་རླུབ་འཚུབ་ག་འདྲ་ཞིག་གི་ཀྱང་གསོད་ཐུབ་བམ།
་
ཀརྡོས།
ཇ་མ་ལགས། སྡིག་དམོད་མ་གནང་། བོད་ཡིག་ཙམ་འབྲི་བཞིན་པར་གུས་བརྩི་ཞིག་གནང་རོགས། ང་ཚོས། ཡིག་སྒྱུར་བ་ཁོང་གི་འགྱུར་ཡིག་ལ་གོ་རྒྱུ་མི་འདུག་ལབ་པའི་ཞར་ལ། ཁོང་གི་བརྩོན་འགྲུས་ལ་ཡི་རང་བྱེད་བྱེད་དགོས་པར་མཐོང་། ནམ་ཞིག་ཁོང་དང་ཁོང་འདྲ་བ་ཚོས་བོད་ཡིག་ནང་ལ་གོ་རྒྱུ་ཡོད་པའི་ཚིག་གྲུབ་དེ་འདྲ་སྤེལ་ཐུབ་པ་ཞིག་ཡོང་བའི་རེ་བ་བྱེད།