པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༢ ཚེས་༧ ལ།
རྒྱ་གར་གློག་བརྙན་(Sholay) མེ་རླབས་ཞེས་པའི་གླུ།
Yeh dosti hum nahin todenge
Todegen dum magar
Tera saath na chhodenge
འདི་ལྟའི་གྲོགས་འབྲེལ་འདི། ངས་ནམ་ཡང་གཅོད་ཀྱི་མིན།
རང་སྲོག་ནི་འདོར་དགོས་ཀྱང་།
ཁྱོད་དང་མཉམ་འགྲོགས་མཚམས་མི་གཅོད།
Arre meri jeet teri jeet
Teri haar meri haar
Sunn aye mere yaar
Tera gham mera gham
Meri jaan teri jaan
Aaisa apna pyar
Jaan pe bhi khelenge
Tere liye le lenge
Sabse dushmani
Yeh dosti hum nahin todenge
Todenge dum magar
Tera saath na chhodenge
ང་རྒྱལ་ན་ཁྱོད་རྒྱལ་རེད།
ཁྱོད་ཕམ་ན་ང་ཕམ་རེད།
མཛའ་གྲོགས་ཁྱོད་གསན་གནང་དང་།
ཁྱོད་སྡུག་ན་ང་སྡུག་རེད།
ངའི་སྲོག་ནི་ཁྱོད་སྲོག་རེད།
འདི་འདྲ་བའི་བརྩེ་དུངས་ཡོད།
རང་སྲོག་ནི་ཡལ་དོར་ནས།
ཁྱོད་ཉིད་ཀྱི་ཆེད་དུ་ངས།
ཚང་མ་ཡང་དགྲར་བསྟེན་ཐུབ།
འདི་ལྟའི་གྲོགས་འབྲེལ་འདི། ངས་ནམ་ཡང་གཅོད་ཀྱི་མིན།
རང་སྲོག་ནི་འདོར་དགོས་ཀྱང་།
ཁྱོད་དང་མཉམ་འགྲོགས་མཚམས་མི་གཅོད།
Logo ko aate hain do nazar
Hum magar dekho do nahin
Arre ho judaa ya khafa
Aye khuda hain dua aaisa ho nahin
Khaana peena saath hain
Marna jeena saath hain
Saari zindagi
Yeh dosti hum nahin todenge
Todenge dum magar
Tera saath na chhodenge
གཞན་དག་ཚོར་གཉིས་མཐོང་ཀྱང་།
ངེད་གཉིས་ནི་དེ་ལྟར་མིན།
ཁ་བྲལ་དང་ཁ་རྩོད་སོགས།
མི་ཡོང་བའི་སྨོན་ལམ་ཡོད།
བཟའ་བཏུང་གང་ཡོད་མཉམ་དུ་བྱེད།
འཆི་དང་གསོན་ཡང་མཉམ་དུ་ཡིན།
མི་ཚེ་འདི་ཡོངས་རྫོགས་རིང་།
འདི་ལྟའི་གྲོགས་འབྲེལ་འདི། ངས་ནམ་ཡང་གཅོད་ཀྱི་མིན།
རང་སྲོག་ནི་དོར་དགོས་ཀྱང་།
ཁྱོད་དང་མཉམ་འགྲོགས་མཚམས་མི་གཅོད།
རྒྱ་གར་གློག་བརྙན་(Rakhwala) སྐྱོབ་པ་པོ་ཞེས་པའི་གླུ་ཞིག
Mere dil ne jo manga mil gaya
Maine jo kuch bhi chaha mil gaya
Ho gayi pyar ki har tamanna jawa
ངའི་ཡིད་ཀྱིས་གང་སྨོན་ལྷུན་གྲུབ་བྱུང་།
ངའི་སེམས་ལ་གང་ཤར་ཐོབ་ནས་བྱུང་།
བརྩེ་དུངས་ཀྱི་མངོན་འདོད་གཞོན་དུ་སོང་།
Muh chupa kar gaya hai andhera
Mere jiwan ka aaya sawera
Aaj kadmo me jhukne laga aasmaa
Ho gayi pyar ki har tamanna jawa
Mere dil ne jo manga mil gaya
Maine jo kuch bhi chaha mil gaya
Ho gayi pyar ki har tamanna jawa
མུན་ནག་ཁ་སྐྱེངས་ཏེ་བྲོས་ཕྱིན་སོང་།
ངའི་མི་ཚེའི་སྐྱ་རེངས་ཤར་སླེབས་བྱུང་།
ད་རིང་ནམ་མཁས་ཀྱང་རྐང་པར་འདུད།
བརྩེ་དུངས་ཀྱི་མངོན་འདོད་གཞོན་དུ་སོང་།
ངའི་ཡིད་ཀྱིས་གང་སྨོན་ལྷུན་གྲུབ་བྱུང་།
ངའི་སེམས་ལ་གང་ཤར་ཐོབ་ནས་བྱུང་།
བརྩེ་དུངས་ཀྱི་མངོན་འདོད་གཞོན་དུ་སོང་།
Dhire dhire mere sapne ek naya rang ankho me laye
Mithe mithe koi nagme dil ke viran vadi me gaye
Dekhte dekhte kaisa badla sama
Ho gayi pyar ki har tamanna tamanna jawa
Mere dil ne jo manga mil gaya
Ho gayi pyar ki har tamanna tamanna jawa
ག་ལེར་ག་ལེར་རྨི་ལམ་གྱིས་མིག་ལ་འཇའ་ཚོན་གསར་པ་བསྩལ།
སྙན་ལ་འཇེབས་པའི་གླུ་ཆུང་གིས་སྙིང་གི་དབེན་གནས་ཁྱབ་པར་བྱས།
ལྟ་གིན་ལྟ་གིན་གནམ་གཤིས་ཀྱི་འགྱུར་ལྡོག་ཡིད་དུ་འོང་བ་དེས།
བརྩེ་དུངས་ཀྱི་མངོན་འདོད་གཞོན་དུ་སོང་།
ངའི་ཡིད་ཀྱིས་གང་སྨོན་ལྷུན་གྲུབ་བྱུང་།
བརྩེ་དུངས་ཀྱི་མངོན་འདོད་གཞོན་དུ་སོང་།
Ye naya mod hai jindagi ka
Chha raha hai nasha bekhudi ka
Ab to phulo me hoga mera aashiya
Ho gayi yar ki har tamanna tamanna jawa
Mere dil ne jo manga mil gaya
Maine jo kuch bhi chaha mil gaya
Ho gayi pyar ki har tamanna tamanna jawa
འདི་མི་ཚེའི་ཀྱོག་ལམ་གསར་པ་རེད།
དྲན་མེད་ཀྱི་ངང་ནས་མྱོས་བཞིན་གདའ།
ངའི་རེ་འདོད་ལ་མེ་ཏོག་བཞད་ཀྱི་རེད།
མཛའ་གྲོགས་ཀྱི་མངོན་འདོད་གཞོན་དུ་སོང་།
ངའི་ཡིད་ཀྱིས་གང་སྨོན་ལྷུན་གྲུབ་བྱུང་།
ངའི་སེམས་ལ་གང་ཤར་ཐོབ་ནས་བྱུང་།
བརྩེ་དུངས་ཀྱི་མངོན་འདོད་གཞོན་དུ་སོང་།
པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༢ ཚེས་༧ ལ།
པདྨ་ཚེ་དབང་གི་རྩོམ་ཡིག་དང་བསྒྱུར་རྩོམ་གང་ཡིན་ཡང་སྡེབ་སྦྱོར་མི་ཚང་བས་སྙན་པོ་གཏན་ནས་མིན་འདུག དགོངས་དག
ཡར་རྒྱས་ཀྱི་རེ་བ་ཡོད་པ་ཞིག་ཏུ་མཐོང་གི་ཡོད། མུ་མཐུད་ཤུགས་བརྒྱབ་ན། ནམ་ཞིག་གོ་རྒྱུ་ཡོད་པའི་གསར་རྩོམ་དང་སྒྱུར་རྕོམ་ངེས་པར་གནང་ཐུབ་ཀྱི་རེད།