པདྨ་ཚེ་དབང་ཤཱསྟྲིས་ ༢༠༢༡ ཟླ་༢ ཚེས་ ༡༢ ལ།
རྒྱ་གར་གློག་བརྙན་(Mere Huzoor)་ངའི་ལྕམ་སྐུ་ལགས་ཞེས་པའི་གླུ་ཞིག
Apne rukh par nigaah karne doo
Khoobsurat gunaah karne doo
Rukh se parda hataao jaane hayaa
Aaj dil ko tabaah karne do
རང་གི་བཞིན་ལ་མིག་ལྟ་བྱེད་དུ་ཆུག
ཤིན་ཏུ་མཛེས་པའི་ཉེས་པ་བྱེད་དུ་ཆུག
གདོང་གི་འགེབ་རས་ཕྱེས་ཤིག་ཡིད་འཕྲོག་མ།
ད་རིང་སྙིང་འདི་དུམ་བུར་འགྲོ་རུ་ཆུག
Rukh se zara naqaab utha do, mere huzoor
Jalwaa phir ek baar dikha do mere huzoor
གདོང་གི་འགེབ་རས་ཕྱེས་དང་ལྕམ་སྐུ་ལགས།
བཞིན་རས་ཐེངས་གཅིག་སྟོན་དང་ལྕམ་སྐུ་ལགས།
Woh marmari se haath
Who mekha huwa badan
Takraaya mere dil se
Muhabbat ka ek chaman
Mere bhi dil ka phool khila do mere huzoor
ཀ་མ་རུ་པ་ལྟ་བུའི་ཕྱག་ཟུང་དང་།
དྲི་ཞིམ་ཙན་དན་འདྲ་བའི་སྐུ་གཟུགས་དེ།
བདག་གི་ལུས་ལ་བརྩེ་བའི་སྐྱེད་ཚལ་འདྲ།
བདག་སྙིང་མེ་ཏོག་ཁ་ཕྱེས་ལྕམ་སྐུ་ལགས།
Rukh se zara naqaab utha do, mere huzoor
Jalwaa phir ek baar dikha do mere huzoor
གདོང་གི་འགེབ་རས་ཕྱེས་དང་ལྕམ་སྐུ་ལགས།
བཞིན་རས་ཐེངས་གཅིག་སྟོན་དང་ལྕམ་སྐུ་ལགས།
Husn-o-jamaal aapka
Sheeshe mein dekhkar
Madhosh ho chukka hu main jalwon ki raah par
Gar ho sake toh hosh mein laa do mere huzoor
མཛེས་སྡུག་ལང་ཚོ་རྒྱས་པ་ཁྱོད་ཀྱི་གཟུགས།
དྭང་བའི་མེ་ལོང་ནང་དུ་གསལ་བའི་སྐབས།
ཡིད་འོང་ལམ་དུ་ང་ནི་དྲན་མེད་བརྒྱལ།
བྱུང་ན་གསོ་ཐབས་བྱོས་དང་ལྕམ་སྐུ་ལགས།
Rukh se zara naqaab utha do, mere huzoor
Jalwaa phir ek baar dikha do mere huzoor
གདོང་གི་འགེབ་རས་ཕྱེས་དང་ལྕམ་སྐུ་ལགས།
བཞིན་རས་ཐེངས་གཅིག་སྟོན་དང་ལྕམ་སྐུ་ལགས།
Tum hamsafar mile ho mujhe is hayaat mein
Mil jaaye jaise chaand koyi sooni raat mein
Jaaoge tum kahaan yeh
Baata do mere huzoor
ཁྱོད་ཉིད་བདག་གི་ཚེ་འདིའི་འགྲུལ་རོགས་སུ།
མུན་ནག་དཀྱིལ་ན་ཟླ་འོད་རྙེད་དང་མཚུངས།
དེས་ན་ཁྱོད་ནི་གང་དུ་སྐྱོད་མིན་དེ།
བདག་ལ་ཤོད་དང་ངའི་ལྕམ་སྐུ་ལགས།
Rukh se zara naqaab utha do, mere huzoor
Jalwaa phir ek baar dikha do mere huzoor
གདོང་གི་འགེབ་རས་ཕྱེས་དང་ལྕམ་སྐུ་ལགས།
བཞིན་རས་ཐེངས་གཅིག་སྟོན་དང་ལྕམ་སྐུ་ལགས།
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༦ ཉིན།
རྒྱ་གར་གློག་བརྙན་(Mahal)རྒྱལ་ཁང་ཞེས་པའི་གླུ་ཞིག
Ankhon ankhon mein hum tum ho gaye deewane
Baaton baaton mein dekha ban gaye afsaneh
ལྟ་བཞིན་ལྟ་བཞིན་ང་གཉིས་མཛའ་བོར་གྱུར།
ཤོད་ཀྱིན་ཤོད་ཀྱིན་བརྩེ་བའི་གཏམ་རྒྱུས་གྲུབ།
Yaad karo yeh sabne kaha tha
Dil jo diya toh yeh haal hoga
Chain na aayega, neend na aayegi
Kisi ka kaha hum tum maane nahi maane
Ankhon ankhon mein hum tum ho gaye deewane
དྲན་པར་གྱིས་དང་རྨི་ལམ་གྱིས་བཤད་པ།
སེམས་པ་ཤོར་ན་ཡོང་རྒྱུ་འདི་རང་རེད།
ཞི་བ་བྲལ་ལ་གཉིད་ཀྱང་བྲལ་བར་གྱུར།
གཞན་བཤད་ང་དང་ཁྱོད་ཀྱིས་ཉན་མི་ཉན།
ལྟ་བཞིན་ལྟ་བཞིན་ང་གཉིས་མཛའ་བོར་གྱུར།
Hum ajnabi the, tum the paraaye
Ek doosre ke dil mein samaaye
Hum aur tum mein uff yeh mohabbat
Kaise ho gayi hum tum jaane nahin jaane
Baaton baaton mein dekha ban gaye afsaneh
ང་ནི་ཕྱི་མི་ཁྱོད་ནི་རྒྱུས་མེད་ཀྱང་།
ཕན་ཚུན་སྙིང་གི་དབུས་སུ་སྙིང་འཐིམ་པ།
ང་དང་ཁྱོད་ཀྱི་བརྩེ་དུངས་ངོ་མཚར་ཆེ།
ང་གཉིས་འདི་ལྟར་མཛའ་བ་སུས་ཤེས་སམ།
ཤོད་ཀྱིན་ཤོད་ཀྱིན་བརྩེ་བའི་གཏམ་རྒྱུས་གྲུབ།
Kitni haseen yeh tanhaaiyan hain
Tanhaaiyon mein ruswaaiyan hain
Ruswaaiyon se darte nahin hum chhodo pyaar ki baatein
Chhodo yeh bahaane
Ankhon ankhon mein hum tum ho gaye deewane
Baaton baaton mein dekha ban gaye afsaneh
ཁེར་རྐྱང་འདི་ནི་ཅི་འདྲའི་ཡིད་འོང་ཞིག
ཁེར་རྐྱང་ནང་དུ་ངན་གྲགས་འབྲེལ་ནས་ཡོད།
མིང་ཆད་དེ་ལ་ང་ནི་འཇིགས་ཀྱི་མེད།
བརྩེ་བའི་གཏམ་དང་ཟོག་རྫུ་དོར་ནས་ཞོག །
ལྟ་བཞིན་ལྟ་བཞིན་ང་གཉིས་མཛའ་བོར་གྱུར།
ཤོད་ཀྱིན་ཤོད་ཀྱིན་བརྩེ་བའི་གཏམ་རྒྱུས་གྲུབ།
རྒྱ་གར་གྱི་གློག་བརྙན་(Janwar) དུད་འགྲོ་ཞེས་པའི་གླུ་ཞིག
Meri mohabbat jawan rahegi
Sada rahi hai, sada rahegi
Tarap tarap kar yahi kahegi
Sada rahi hai, sada rahegi
ང་ཡི་བརྩེ་དུངས་གཞོན་ནུར་གནས་ཀྱི་རེད།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
འདར་བཞིན་འདར་བཞིན་འདི་རང་ཤོད་ཀྱི་རེད།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
Na tum sa kohi zamane bhar mein
Tumhi ko chaha meri nazar ne
Tumhe chuna hai, tumhe chunegi
Sada rahi hai, sada rahegi
ཁྱེད་རང་ལྟ་བུ་འཇིག་རྟེན་ཁྱོན་ལ་མེད།
ང་ཡི་མིག་གིས་ཁྱེད་རང་ཁོ་ན་འདོད།
ཁྱེད་རང་བདམས་པ་ཡིན། ཁྱེད་རང་འདེམས་ཀྱི་ཡིན།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
Meri mohabbat jawan rahegi
Sada rahi hai, sada rahegi
ང་ཡི་བརྩེ་དུངས་གཞོན་ནུར་གནས་ཀྱི་རེད།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
Jo aag dil mein lagi huhi hai
Yahi toh manzil ki roshni hai
Na yah buji hai, na yah bujegi
Sada rahi hai, sada rahegi
མེ་རླབས་གང་ཞིག་སྙིང་ལ་འབར་བཞིན་པ།
འདི་ནི་དམིགས་ཡུལ་དེ་ཡི་འོད་སྣང་རེད།
ནམ་ཡང་ཤི་མེད་ལ། ནམ་ཡང་མི་འཆི་ངེས།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
Meri mohabbat jawan rahegi
Sada rahi hai, sada rahegi
ང་ཡི་བརྩེ་དུངས་གཞོན་ནུར་གནས་ཀྱི་རེད།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
Tumhare pehlu mein gar mare ham
Toh moot kitni hasin hogi
Chita mein jal kar bhi na mitegi
Sada rahi hai, sada rahegi
གལ་ཏེ་ཁྱོད་ཀྱི་པང་དུ་ང་ཤི་ན།
འཆི་བ་དེ་ནི་ཅི་འདྲ་ཡིད་དུ་འོང་།
མེ་ཡིས་འཚིག་ཀྱང་མ་ཟུབ་སྡོད་ཀྱི་རེད
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
Meri mohabbat jawan rahegi
Sada rahi hai, sada rahegi
ང་ཡི་བརྩེ་དུངས་གཞོན་ནུར་གནས་ཀྱི་རེད།
རྟག་ཏུ་གནས་པ་རེད། རྟག་ཏུ་གནས་ཀྱི་རེད།
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༡ ཟླ་༣ ཚེས་༧ ཉིན།
རྒྱ་གར་གློག་བརྙན་(Maan Ki Aankhen) སེམས་ཀྱི་མིག་ཅེས་པའི་གླུ་ཞིག
Dil kahe ruk ja re ruk ja, yahin pe kahi
Jo baat iss jagah mein, hai kahin pe nahi
གནས་འདིར་སྒུག་དགོས་སྒུག་དགོས་སེམས་ཀྱིས་ཟེར།
མཛེས་སྡུག་གང་ཞིག་འདིར་ཡོད་གཞན་དུ་མེད།
Parbat upar khidaki khule, jhanke sundar bhor
Chale pavan suhani
Nadiyon ke yeh rag rasile, jharano ka yeh shor
Bahe jhar jhar pani
Mad bhara mad bhara sama, ban dhula-dhula
Har kali sukh pali yahen, ras ghula-ghula
Toh Dil kahe ruk ja re ruk ja………..
རི་རྩེའི་སྒེའུ་ཁུངས་གསར་པ་ཁ་ཕྱེས་ཏེ།
མཛེས་པའི་ཉི་ཟེར་གཞོན་ནུས་ལྟ་བཞིན་ངང་།
བསིལ་ལྡན་རླུང་གི་རེག་བྱས་སིམ་པ་སྟེར།
སྲེད་པའི་བཤེར་གྱིས་བརླན་པའི་རྒྱུགས་ཆུ་དང་།
སྐད་སྒྲ་རྣ་བར་འཇེབས་པའི་འབབ་ཆུ་དག །
ཤག་ཤག་ཤག་ལ་རྒྱུགས་པའི་ཆུ་མོ་མཛེས།།
ཡིད་ལ་སིམ་པ་སྟེར་བའི་ཞི་གནས་དང་།
སྔོ་ལྗང་ལོ་འདབ་རྒྱས་པའི་ནགས་ཚལ་མཛེས།
བདེ་བར་བསྐྱངས་པའི་ཐེའུའི་ཚོགས་དག་ཀྱང་།
མངར་མངར་བྲོ་བ་སྟེར་བའི་དཔལ་དུ་ཤར།
གནས་འདིར་སྒུག་དགོས་སྒུག་དགོས་སེམས་ཀྱིས་ཟེར་་་་་་་་་་་་་་
Ungche-ungche ped ghanere, chhanti jinse dhub
Khari banh pasare
Neeli neeli jil mein jalke neel gagan ka rup
Bahe rang ke dhare
Dali-dali cheriyon ki sada, sur mila-mila
Champai champai fiza, dil khila-khila
Toh dil kahe ruk ja re uk ja……….
མཐོ་མཐོ་དགུང་ལ་རེག་པའི་ཤིང་སྡོང་གིས།
ཚ་གདུང་ལས་སྐྱོབ་ཞི་བདེའི་གྲིབ་བསིལ་ཆེད།
ལག་པ་བརྐྱངས་ཏེ་འགྲེངས་ནས་སྡོད་པ་མཛེས།
སྔོ་ཞིང་དྭངས་བའི་མཚོ་མོའི་ཁ་དོག་ལས།
སྔོ་བསངས་ནམ་མཁའི་གཟུགས་བརྙན་རབ་འཆར་ནས།
ཚོན་གྱི་རྒྱུགས་ཆུ་ལྷུང་ལྷུང་རྒྱུགས་པ་མཛེས།
རྟག་ཏུ་ཤིང་རྩེར་བྱིའུ་ཆུང་བབས་པ་ཡི།
མཛེས་པའི་གསུང་སྙན་པི་ཝང་སྒྲོག་པ་བཞིན།
ཡིད་འོང་ཡིད་འོང་དཔྱིད་ཀྱི་དཔལ་མོ་འདིས།
ཡིད་ཀྱི་མེ་ཏོག་བཞད་པ་ཤིན་ཏུ་མཛེས།
གནས་འདིར་སྒུག་དགོས་སྒུག་དགོས་སེམས་ཀྱིས་ཟེར་་་་་་་་་་་་་་་་
Pariyon ke ye jamaghata, jinke fulon jaiese gaal
Sab shokh hatheli
Inme hai woh alhada jiski hirani jaiesi chal
Badi chel-chabeli
Manchali-manchali aada, chab jawan-jawan
Har ghari chad raha nasha, sudh rahi kahan
Toh dil kahe ruk ja re ruk ja……………
ཡིད་འོང་ལང་ཚོ་རྒྱས་པའི་སྤྲིན་ཕུང་ཚོགས།
དགའ་མའི་འགྲམ་ཆང་མེ་ཏོག་ཤར་དང་འདྲ།
སྦར་མོའི་སྟེང་དུ་མུ་ཏིག་བསྟར་འདྲ་བའི།
རི་དྭགས་མོ་བཞིན་གོམ་བགྲོད་མཛེས་པ་འདི།
སྣང་བ་སྐྱིད་པའི་ཁྱད་ཆོས་དང་བཅས་ཏེ།
སྒེག་པའི་ཉམས་ཀྱི་སྒྲོས་ཤིག་འདི་ཚོར་ལྡན།
རྣམ་འགྱུར་ཡིད་འཕྲོག་ཡིད་འཕྲོག་དང་བཅས་ཏེ།
ལང་ཚོ་དར་མ་དར་མའི་ངོ་བོ་ཉིད།
རྟག་ཏུ་མྱོས་གྱུར་ཆང་གིས་བཟི་འཇུག་པའི།
སྣང་སོས་བདེ་བའི་གནས་གཞན་གང་དུ་ཡོད།
གནས་འདིར་སྒུག་དགོས་སྒུག་དགོས་སེམས་ཀྱིས་ཟེར་་་་་་་་་་་་་་་་་་་
པདྨ་ཚེ་དབང་ཤཱསྟྲིས་༢༠༢༡ ཟླ་༣ ཚེས་༡༠ ཉིན།
རྒྱ་གར་གྱི་གློག་བརྙན་(Piya ka Ghar) བྱམས་པའི་ཁྱིམ་ཞེས་པའི་གླུ་ཞིག
Ye jeevan hai,
Is jeevan ka
Yahi hai, yahi hai, yahi hai rang rup
ཚེ་འདི་ཡི། འདི་མི་ཚེ་རེད། འདི་རང་རེད། འདི་རང་རེད། མདོག་དང་གཟུགས་འདི་རང་རེད།
Thore gam hai, thori khushiyan
Yahi hai, yahi hai, dup chhaon
Ye jeevan hai
སྡུག་བསྔལ་ཕྲན་བུ་དང་བདེ་བའང་ཕྲན་བུ་ཡོད།
འདི་རང་རེད། འདི་རང་རེད། དྲོ་གྲང་བཞིན། འདི་མི་ཚེ་རེད།
Ye na socho ismein apni
Har hai ki jeet hai
Use apna lo jo bhi
Jeevan ki reet hai
Ye jidh choro, yung na toro
Har pal ek darpan hai
འདི་ལ་འདི་རང་མ་བསམས་ཤིག།
རྒྱལ་ཁ་ཡོད་དང་ཕམ་ཁ་ཡོད།
གང་ཡིན་བདག་གིར་བྱེད་པ་ནི།
མི་ཚེ་འདི་ཡི་འགྲོ་སྟངས་རེད།
ཨུ་ཚུགས་ཞོག་ལ་མ་གཅོག་ཅིག
སྐད་ཅིག་རེ་རེ་མེ་ལོང་རེ།
Ye jeevan hai
Is jeevan ka
Yai hai, yahi hai, yahi hai rang rup
ཚེ་འདི་ཡི། འདི་མི་ཚེ་རེད།འདི་རང་རེད། འདི་རང་རེད། མདོག་དང་གཟུགས་འདི་རང་རེད།
Dhan se na duniya se
Ghar se na dwar se
Sangson ki door bandhi hai
Pritam ke pyar se
Duniya chute par na tute
Ye kaisa bandan hai
འབྱོར་བ་ལས་མིན་འཇིག་རྟེན་མིན།
ཁྱིམ་ལས་མ་ཡིན་སྒོ་ལས་མིན།
དབུགས་ཀྱི་མདུད་པ་བརྒྱབ་ནས་ཡོད།
ཆུང་འདྲིས་བྱམས་པའི་བརྩེ་དུངས་ལ།
འཇིག་རྟེན་བྲལ་ཡང་འདི་མ་ཆད།
འདི་ནི་ཅི་འདྲའི་འབྲེལ་བ་རེད།
Ye jeevan hai
Is jeevan ka
Yahi hai, yahi hai, yahi hai rang rup
ཚེ་འདི་ཡི། འདི་མི་ཚེ་རེད། འདི་རང་རེད། འདི་རང་རེད། མདོག་དང་གཟུགས་འདི་རང་རེད།
པདྨ་ཚེ་དབང་ཤཱསྟྲིས་༢༠༢༡ ཟླ་༢ ཚེས་༡༢ ལ།
མདོ་སྨད་སྟག་འཚེ་ཡུལ་སུ་སྐུ་འཁྲུངས་པ། ཆུང་ཆུང་དགུང་ལོའི་ངང་ནས་ཁྲི་ལ་བཞུགས། སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཁྲི་ལ་བཞུགས། གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་རིང་ཤོག གོང་ས་ཏཱ་ལའི་བླ་མ་མཛད་འཕྲིན་རྒྱས་ཤོག ལྕགས་འབྲུག་ལོ་ལ་གོང་སའི་ཁྲི་མངའ་གསོལ་གནང༌། ནང་པའི་ཆོས་ཀྱི་རིམ་པར་རྩེ་སེམས་བརྩོན་ཡོད། བོད་ཀྱི་ཆབ་སྲིད་ཕྱོགས་ལ་ཕྱག་གིས་བཞེས་པ་
དཀའ་ངལ་ཆེ་བའི་དུས་ཀྱང་མདུན་དུ་མཛད་སོང༌། སྐྱབས་མགོན་ཡིད་བཞིན་ནོར་བུ་བརྟན་དུ་བཞུགས་ཤོག སྐྱབས་མགོན་ཡིད་བཞིན་ནོར་བུ་བརྟན་དུ་བཞུགས་ཤོག ཞི་བ་བདེ་བའི་གྲོས་མོལ་ཁོག་པའི་སྙིང། རྒྱ་ནག་གཙོ་སེམས་གྲོལ་མོལ་གནང་ན་ཡང༌། ཟླ་བ་གཟའ་ཡི་འཛིན་པའི་དཔེ་འདྲ་བ་ལ། སྐྱབས་མགོན་དཔེ་ཡི་མང་པོ་ཐབས་དང་ལྡན། གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་རིང་ཤོག གོང་ས་ཏཱ་ལའི་བླ་མ་མཛད་འཕྲིན་རྒྱས་ཤོག རྒྱལ་བ་བཞུགས་སྒར་རྡ་རམ་ས་ལ་བཞུགས་ཀྱང༌། བྱམས་པའི་བྱམས་བརྩེ་བོད་དང་བོད་མིར་མཉམ་གནས། བོད་མིའི་ཞི་བདེ་འབྱུང་བའི་ལམ་གསར་དེ་ལྷག་པ་དྲང་པོའི་ཞི་བདེའི་དགོངས་པ། སྐྱབས་མགོན་ཡིད་བཞིན་ནོར་བུ་བརྟན་དུ་བཞུགས་ཤོག སྐྱབས་མགོན་ཡིད་བཞིན་ནོར་བུ་བརྟན་དུ་བཞུགས་ཤོག
བོད་དམག་མང་གཟིགས་དགྲ་བོར་དགྱེས་བཞིན་གཟིགས། འཛམ་གླིང་ཕྱོགས་མཐའ་ཕྱོགས་སུ་ཞབས་བཅག་མཛད། ཆོས་ལུགས་གཅིག་མཐུན་བྱུང་བའི་ལམ་བཟང་བསྟོད། ཞི་བདེ་ཀུན་ལ་འབྱུང་བའི་བཀའ་སློབ་དང༌། གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་རིང་ཤོག གོང་ས་ཏཱ་ལའི་བླ་མ་མཛད་འཕྲིན་རྒྱས་ཤོག སྐྱབས་མགོན་ཡིད་བཞིན་ནོར་བུ་བརྟན་དུ་བཞུགས་ཤོག སྐྱབས་མགོན་ཡིད་བཞིན་ནོར་བུ་བརྟན་དུ་བཞུགས་ཤོག
འབྲུག་པའི་གཞས་པ་གཞས་མས་གཏང་བའི་སྐུ་མདུན་གྱི་སྐུའི་འཁྲུངས་སྐར་གཞས་ཚིགས་འགྲིག་ཡོད་མིན་གཟིགས་རོགས་གནང༌། འབྲི་འབར་རྒྱལ་ནས་ཕབ།