པད་མ་ཚེ་དབང་ཤཱསྟྲི།
རྒྱ་གར་གྱི་གློག་བརྙན་(Daag) དྲི་ནོག་ཅེས་པའི་གླུ་ཞིག
Ab chaahe maa ruthe ya baaba yaara maine to ha kar li
Ab chaahe sar phute ya maatha maine teri baah pakad li
Ho maine tujhpe neeyat dhar li, maine hanskar haami bhar li
Yaari chhute na, tute na, ha kar li to kar li
Ab chaahe maa ruthe ya………….
ད་ཨ་མ་ཁྲོས་ཀྱང་རུང་ཨ་ཕ། ངས་ནི་ཁྱོད་ཁས་བླངས་ཟིན།
ད་མགོ་བོ་གས་ཀྱང་རུང་ཀླད་པ། ངས་ནི་ཁྱོད་ཀྱི་ལག་བཟུང་ཡོད།
ཧོ་ངས་ནི་ཁྱོད་ལ་སེམས་པ་གཏད་ཡོད། ང་ཡིས་འཛུམ་བཅས་ཁས་ལེན་བྱས་ཡོད།
གྲོགས་འདྲིས་མི་འཐོར་ཤོག མི་ཆག་ཤོག ཁས་ཆོད་ནི་ཁས་ཆོད་རེད།
ད་ཨ་མ་ཁྲོས་ཀྱང་རུང་ཨ་ཕ། ངས་ནི་ཁྱོད་་་་་་་་་་་་་་་་་་་་་་་་་་་
Tu hai muddat se dil me samaayi, kab kaha maine main hu paraayi
Jab tujhe maine dekha tu bhaayi main, usi waqt kadmo me aayi
Farz ke farsh par, pyar ke arsh par
Ho chandini ke tale, jab mile the gale
Jism lahraye the honth tharraye the
Tab ye li thi kasam, ab na bichadenge ham
རིང་མོ་ཞིག་ནས་ཁྱོད་ནི་སེམས་ལ་ཡོད། རྒྱུས་མེད་ཡིན་ཅེས་ག་དུས་བཤད་བྱུང་ངམ།
ང་ཡིས་ཁྱོད་ནི་ཐོག་མར་མཐོང་མ་ཐག དེ་མ་ཐག་ཏུ་ཁྱོད་སར་ང་བསླེབས་ཡོད།
འགན་ཁུར་གྱི་ཞལ་ལའི་སྟེང་། བརྩེ་དུངས་ཀྱི་ཅོད་པཎ་སྟེང་།
ཟླ་གཞོན་གྱི་འོད་སྣང་འོག ཕན་ཚུན་ནི་མཁྱུད་སྐབས་དེར།
གཟུགས་པོ་ནི་རླབས་ལྟར་གཡོ། ཞལ་མཆུས་ནི་འདར་སིག་བརྒྱབ།
དུས་བརྟན་དུ་མི་བྲལ་བའི། མནའ་སྐྱེལ་དང་ཐོ་བཙུགས་བྱས།
Ab chaahe kaante mile ya kaliya yaara maine to ha kar li
Ab chaahe lag jaaye hatkadiya maine teri baah pakad li
Maine tujhpe neeyat dhar li, maine hanskar haami bhar li
Ho yaari chhute na, tute na, ha kar li so kar li
Ab chaahe maa ruthe ya………………
ད་ཚེར་མ་ཐོབ་ཀྱང་རུང་མེ་ཏོག། ངས་ནི་ཁྱོད་ཁས་བླངས་ཟིན།
ད་ལག་ལྕགས་བརྒྱབ་ཀྱང་རུང་རྐང་ལྕགས། ངས་ནི་ཁྱོད་ཀྱི་ལག་བཟུང་ཡོད།
ཧོ་ངས་ནི་ཁྱོད་ལ་སེམས་པ་གཏད་ཡོད། ང་ཡིས་འཛུམ་བཅས་ཁས་ལེན་ཞུས་ཡོད།
གྲོགས་འདྲིས་མི་འཐོར་ཤོག མི་ཆག་ཤོག ཁས་ཆོད་ནི་ཁས་ཆོད་རེད།
ད་ཨ་མ་ཁྲོས་ཀྱང་རུང་ཨ་ཕ། ངས་ནི་ཁྱོད་་་་་་་་་་་་་་་་་་་་་་་་་་་
Laakh pahre zamana bithaye, laakh deewaare duniya uthaye
Ab kadam piche hatne na paaye, pyar par koi tohmat na aaye
Chaahe dharti phate, ho chahe ambar phate
Bol tute na ab, oh saath chhute na ab
Jaan jaaye to kya, maut aaye to kay
Pyar zinda rahe, yaar zinda rahe
མི་ཚོས་བྱ་ར་འབུམ་ཕྲག་བྱས་ཀྱང་རུང་། མི་ཚོས་རྩིག་པ་འབུམ་ཕྲག་བསླངས་ཀྱང་རུང་།
ད་གོམ་བགྲོད་ཕྱིར་གཤིགས་རྒྱག་ཏུ་མ་འཇུག། བརྩེ་བར་བར་ཆད་མི་ཡོང་བ་ཤོག་ཅིག
ས་གཞི་གས་ཀྱང་རུང་། གནམ་མཁའ་འཐོར་ཡང་རུང་།
ད་ནི་བྲལ་རྒྱུ་མིན། ཨོ་ད་ནི་འཐོར་རྒྱུ་མིན།
སྲོག་ནི་ཤོར་ཀྱང་རུང་། འཆི་བ་སླེབས་ཀྱང་རུང་།
བརྩེ་དུངས་འཚོ་གནས་ཤོག མཛའ་གྲོགས་ཡུན་གནས་ཤོག
Ab chaahe ghar chhute ya sakhiya yaara maine to ha kar li
Wai wai!
Ab chaahe rab tuthe ya duniya maine teri baah pakad li
Maine tujhpe neeyat dhar li, maine hanskar haami bhar li
Ho yaari chhute na, tute na, ha kar li so kar li
ད་རང་ཁྱིམ་དང་ནི་གྲོགས་མོ་བྲལ་ཀྱང་རུང་། ངས་ནི་ཁྱོད་ཁས་བླངས་ཟིན།
ཝ་ཡི། ཝ་ཡི།
ད་སྐྱབས་གནས་དང་ནི་འཇིག་རྟེན་ཁྲོས་རུང་། ངས་ནི་ཁྱོད་ཀྱི་ལག་བཟུང་ཡོད།
ངས་ནི་ཁྱོད་ལ་སེམས་པ་གཏད་ཡོད། ང་ཡིས་འཛུམ་བཅས་ཁས་ལེན་བྱས་ཡོད།
གྲོགས་འདྲིས་མི་འཐོར་ཤོག མི་ཆག་ཤོག ཁས་ཆོད་ནི་ཁས་ཆོད།
Ab chaahe maa ruthe ya baaba
Ab chaahe sar phute ya maatha
Ab chaahe kaante mile ya kaliya
Ab chaahe lag yaaye hatkadiya
Ab chaahe ghar chhute ya sakhiya
Ab chaaye rab ruthe ya duniya
Ab chaaye maa ruthe ya baaba
Yaara maine to ha kar li
Ab chaaye sar phute ya maatha
Maine teri baah pakad li
ད་ཨ་མ་ཁྲོས་ཀྱང་རུང་ཨ་ཕ།
ད་མགོ་བོ་ཆག་ཀྱང་རུང་ཀླད་པ།
ད་ཚེར་མ་ཐོབ་ཀྱང་རུང་མེ་ཏོག
ད་ལག་ལྕགས་བརྒྱབ་ཀྱང་རུང་།
ད་ནང་ཁྱིམ་དང་ནི་གྲོགས་མོ་བྲལ་རུང་།
ད་སྐྱབས་ཡུལ་དང་ནི་འཇིག་རྟེན་ཁྲོས་རུང་།
ད་ཨ་མ་ཁྲོས་ཀྱང་རུང་ཨ་ཕ།
ངས་ནི་ཁྱོད་ཁས་བླངས་ཟིན།
ད་མགོ་བོ་ཆག་ཀྱང་རུང་ཀླད་པ།
ང་ཡིས་ཁྱོད་ཀྱི་ལག་བཟུང་ཡོད།
རྒྱ་གར་གློག་བརྙན་(Gambler) རྒྱན་རྩེད་བྱེད་པོ་ཞེས་པའི་གླུ་ཞིག
Apne honthon ki bansi bana le mujhe
Meri saanson mein teri saans ghul jaae
Arazu to hamaari bhi hai ye magar
Dar hai mausam kahi na badal jaae
གང་གི་ཞལ་མཆུའི་གླིང་བུ་ང་བཟོ་རོགས།།
ང་ཡི་དབུགས་ལ་ཁྱོད་ཀྱི་དབུགས་འདྲེས་ངེས།།
ང་ལའང་འདོད་པ་དེ་བཞིན་ཡོད་མོད་ཀྱང་།།
གནམ་གཤིས་འགྱུར་ལྡོག་འགྲོ་བའི་འཇིགས་སྣང་འདུག།།
Dekha tujhe, chadha ye kaisa nasha
Chali ye kaisi hawa, bhule ham ghar ka pata
Ab to nahin ham se hona juda
Apne baahon ka ghunghat odha de mujhe
Pyaar ki ye na doli nikal jaae
ཁྱོད་ནི་མཐོང་བས། ཇི་འདྲ་བཟི་གྱུར་བ།
རླུང་པོ་འདི་ཅི་འདྲའི་བསིལ་ལ། ངས་ཁྱིམ་གྱི་ཁ་བྱང་ཡང་བརྗེད་འདུག།
ད་ནི་ང་བྲལ་ཕོད་པ་སྤྲོས་བྲལ།
བག་མའི་ཁུར་འབྱམས་སྒོ་ནས་མ་ཐོན་སྔོན།
ཁྱོད་ཀྱི་ཕྱག་གི་མགོ་རས་ངར་གཡོག་དང་།
Ye to bata, kahan rakhun ye kawal
Jindagaani hai meri, ret ka ek mahal
Yaad jaise ho koi adhi gazal
Apni raaton ka dipak bana le mujhe
Ye sulagati huyi shaam dhal jaae
ཁྱོད་ཀྱིས་ཤོད་དང་། འདབ་བརྒྱ་འདི་གང་དུ་འཇོག་དགོས།
ང་ཡི་མི་ཚེ་འདི་ནི། བྱེ་མའི་ཕོ་བྲང་ཞིག་རེད།
སྙན་ངག་བསྟོད་ཚིག་ཕྱེད་ལས་མི་དྲན་བཞིན།
མེ་ཡིས་སྲེག་པའི་དགོང་མོ་འདི་ཡོལ་ཆེད་།
ཁྱོད་ཀྱི་མཚན་མོའི་སྒྲོན་མེ་ང་བཟོས་དང་།།
Paas to a, ye din mar jaane ka hai
Ye din kuchh khone ka hai, ye din kuchh paane ka hai,
Mausam ye ruthane manaane ka hai
Apni daaman ki khushbu bana le mujhe
Dil ke sune mein koi ful khil jaae
ཉེ་བར་ཤོག་དང་། ཉི་མ་འདིར་ཤི་ཡང་འགྱོད་མེད།།
ཉི་མ་འདིར་གཅིག་བརླག་པའི་ཉིན་རེད། ཉི་མ་འདིར་གཅིག་འཐོབ་པའི་ཉིན་རེད།
གནམ་གཤིས་འདི་ཁྲོས་རྒྱུ་དང་ངོ་བསུ་རྒྱུའི་དུས་རེད།
ང་ནི་ཁྱོད་ཀྱི་གཟུགས་པོའི་དྲི་ངད་དུ་སྒྱུར་གནང་དང་།།
སྙིང་གི་སྟོང་ཆ་དེར་མཛེས་པའི་མེ་ཏོག་ཅིག་བཞད་ངེས།།
རྒྱ་གར་གྱི་གློག་བརྙན་(Chirag) སྒྲོན་མེ་ཞེས་པའི་གླུ་ཞིག
Teri aankhon ke siva duniya me rakha kya hai
Ye uthe subah ho chale ye jhuke sham dale
Mera jina mera marna inhi palakon ke tale
Teri aankhon ke siva duniya me rakha kya hai
ཁྱོད་ཀྱི་མིག་ལས་མཛེས་པ་འཇིག་རྟེན་འདི་ན་སྲིད་པ་ཅི་ཡོད་དམ།
འདི་གདངས་ན་ཉི་མ་ཤར་འདྲ་བ་འདི་བཙུམས་ན་མུན་པ་རུབ་འདྲ་བ།
ང་ནི་འཚོའམ་ཡང་ན་འཆི་བ་ཅི་བྱུང་རྫི་མ་འདིའི་འོག་ཏུ་ཡོད།
ཁྱོད་ཀྱི་མིག་ལས་མཛེས་པ་འཇིག་རྟེན་འདི་ན་སྲིད་པ་ཅི་ཡོད་དམ།
Palkon ki galiyo me chehre baharon ke haste hue
Hai mere khwabo ke kya kya nagar inme baste hue
Ye uthe suba ho chale ye jhuke sham dale
Mera jina mera marna inhi palakon ke tale
རྫི་མའི་སྲང་ལམ་ཐོག་གི་ཞལ་གྱི་དཔྱིད་དཔལ་འཛུམ་པ་འདི།
ང་ཡི་རྨི་ལམ་ནང་གི་གྲོང་ཁྱེར་ཅི་ཅི་འདི་ན་གནས་བཅའ་ཞིང་།
འདི་གདངས་ན་ཉི་མ་ཤར་འདྲ་བ་འདི་བཙུམས་ན་མུན་པ་རུབ་འདྲ་བ།
ང་ནི་འཚོའམ་ཡང་ན་འཆི་བ་ཅི་བྱུང་རྫི་མ་འདིའི་འོག་ཏུ་ཡོད།
Inme mere ane wale Jamane ki tasvir hai
Chahat ke kajal se likhi hui meri takdir hai
Ye uthe suba ho chale ye jhuke sham dhale
Mera jina mera marna inhi palakon ke tale
འདི་ཡི་ནང་དུ་ང་ཡི་འབྱུར་འགྱུར་མི་ཚེའི་གཟུགས་བརྙན་ཡོད།
འདོད་པའི་མིག་སྨན་དག་ལས་བྲིས་པའི་ང་ཡི་བསོད་ནམས་ཡོད།
འདི་གདངས་ན་ཉི་མ་ཤར་འདྲ་བ་འདི་བཙུམས་ན་མུན་པ་རུབ་འདྲ་བ།
ང་ནི་འཚོའམ་ཡང་ན་འཆི་བ་ཅི་བྱུང་རྫི་མ་འདིའི་འོག་ཏུ་ཡོད།
Teri aankhon ke siva duniya me rakha kya hai
Ye uthe suba ho chale ye jhuke sham dale
Mera jina mera marna inhi palakon ke tale
Teri aankhon se siva duniya me rakha kya hai
ཁྱོད་ཀྱི་མིག་ལས་མཛེས་པ་འཇིག་རྟེན་འདི་ན་སྲིད་པ་ཅི་ཡོད་དམ།
འདི་གདངས་ན་ཉི་མ་ཤར་འདྲ་བ་འདི་བཙུམ་ན་མུན་པ་རུབ་འདྲ་བ།
ང་ནི་འཚོའམ་ཡང་ན་འཆི་བ་ཅི་འབྱུང་རྫི་མ་འདིའི་འོག་ཏུ་ཡོད།
ཁྱོད་ཀྱི་མིག་ལས་མཛེས་པ་འཇིག་རྟེན་འདི་ན་སྲིད་པ་ཅི་ཡོད་དམ།
ཕྱི་ལོ་༢༠༢༢ ཟླ་༡༠ ཚེས་༢༧ ཉིན།