རྒྱ་གར་གློག་བརྙན་(Chandini) ཟླ་འོད་ཅེས་པའི་གླུ་ཞིག
Tere mere hotoon pe meethe meethe geet mitwa,
Agghe agghe chale hum, piche piche preet mitwa,
ཁྱོད་དང་ང་ཡི་མཆུ་རྩེ་ལ་སྙན་ཞིང་འཇེབས་པའི་གླུ་ཞིག་གདའ།
མདུན་ནས་མདུན་དུ་སྐྱོད་པའི་ངང་རྒྱབ་ནས་བརྩེ་དུངས་ཡོང་ངེས་རེད།
Pehle pehle pyaar ki, pehli raat yaad rehen gi
Phoolon ki is shehar ki, mulakaat yaad rahen gi,
Kash yahi sari umar, yunhi jaye beet mitwa
Aaghe aaghe chale hum, piche piche preet mitwa,
བརྩེ་དགར་རོལ་བའི་ཐོག་མ་ཡི་མཚན་དེ་དྲན་པའི་ཡུལ་དུ་གནས།
མེ་ཏོག་བཞད་པའི་གྲོང་ཁྱེར་འདིར་ཐུག་འཕྲད་བྱུང་བ་དྲན་གྱི་རེད།
མི་ཚེ་ཆ་ཚང་གནས་འདི་རུ་རྫོགས་པར་གྱུར་ན་དགའ་བ་ལ།
མདུན་ནས་མདུན་དུ་སྐྱོད་པའི་ངང་རྒྱབ་ནས་བརྩེ་དུངས་ཡོང་ངེས་རེད།
Aakhiyo mein tu bus ja, aakhiya mein bandh kar lun,
Pehle in aakhinyon se, baatein main chandh kar lun,
Tere inhi baton ne, diya mujhe geet mitwa.
Aaghe aaghe chale hum, piche piche preet mitwa.
མིག་གི་ནང་དུ་ཁྱོད་སྡོད་དང་མིག་གི་ནང་དུ་འཇོག་གི་ཡིན།
ཐོག་མར་སྤྱན་མིག་འདི་དག་ལ་སྐད་ཆ་ཚིག་གསུམ་ཤོད་པར་འདོད།
ཁྱོད་ཀྱི་གླེང་མོལ་འདི་དག་གིས་ང་ལ་གླུ་ཡི་སྐུལ་མ་ཐེབས།
མདུན་ནས་མདུན་དུ་སྐྱོད་པའི་ངང་རྒྱབ་ནས་བརྩེ་དུངས་ཡོང་ངེས་རེད།
Chote chote din raat, lambi lambi batein hai,
Jaldi hai kis baat ki, bari mulakatein hai,
Baaton mulakaton mein, umar jayein beet mitwa,
Aaghe aaghe chale hum, piche piche preet mitwa,
ཉིན་དང་མཚན་གྱི་དུས་ཚོད་ཐུང་ལབ་གླེང་མང་པོ་བྱེད་རྒྱུ་ལུས།
བྲེལ་བ་བྱེད་པའི་དགོས་པ་ཅི་ ཐུག་འཕྲད་ལན་མང་ད་དུང་ཡོད།
ཕན་ཚུན་གླེང་མོལ་གྱི་ལམ་ནས་མི་ཚེ་ཕྱིན་ན་དགའ་བ་ལ།
མདུན་ནས་མདུན་དུ་སྐྱོད་པའི་ངང་རྒྱབ་ནས་བརྩེ་དུངས་ཡོང་ངེས་རེད།
Tere mere hotoon pe meethe meethe geet mitwa,
Aaghe aaghe chale hum, piche piche preet mitwa.
ཁྱོད་དང་ང་ཡི་མཆུ་རྩེ་ལ་སྙན་ལ་འཇེབས་པའི་གླུ་ཞིག་གདའ།
མདུན་ནས་མདུན་དུ་སྐྱོད་པའི་ངང་རྒྱབ་ནས་བརྩེ་དུངས་ཡོང་ངེས་རེད།
རྒྱ་གར་གློག་བརྙན་(Charitraheen) སྤྱོད་ངན་ཞེས་པའི་གླུ་ཞིག
Dil se dil milne kaa koyee karan hoga
Bina karan koyee baat nahee hotee
Dil se dil milne kaa koyee karan hoga
Bina karan koyee baat nahee hotee
Dil se dil milne kaa koyee karan hoga
སེམས་དང་སེམས་མཐུན་པ་ལ་རྒྱུ་རྐྱེན་ཞིག་ནི་ཡོད་འགྲོ།
རྒྱུ་རྐྱེན་བྲལ་བ་ཡིན་ན་གླེང་མོལ་ཡོང་རྒྱུ་སྤྲོས་བྲལ།
སེམས་དང་སེམས་མཐུན་པ་ལ་རྒྱུ་རྐྱེན་ཞིག་ནི་ཡོད་འགྲོ།
རྒྱུ་རྐྱེན་བྲལ་བ་ཡིན་ན་གླེང་མོལ་ཡོང་རྒྱུ་སྤྲོས་བྲལ།
སེམས་དང་སེམས་མཐུན་པ་ལ་རྒྱུ་རྐྱེན་ཞིག་ནི་ཡོད་འགྲོ།
Waise toh ham dono ek duje se hain abhee anjane
Waise toh ham dono ek duje se hain abhee anjanee
Koyee agar dekhe toh kahe barso key hain mit purine
Kuchh hai tum me ham me warna iss mausam me
Phulo kee aisee barat nahee hotee
Dil se dil milne kaa koyee karan hoga
ད་ལྟ་ངོ་འདྲིས་མེད་ན་ཡང་ང་གཉིས་གཅིག་ལ་གཅིག་བརྟེན།
ད་ལྟ་ངོ་འདྲིས་མེད་ན་ཡང་ང་གཉིས་གཅིག་ལ་གཅིག་བརྟེན།
ཕན་ཚུན་གྲོགས་འདྲིས་ཡུན་རིང་ཞེས་གཞན་གྱིས་མཐོང་ན་དེ་ལྟར་བརྗོད།
ང་གཉིས་དབར་ལ་གཅིག་ཡོད་འགྲོ་དེ་མིན་གནམ་གཤིས་འདི་འདྲ་ལ།
མེ་ཏོག་བསྟར་ལ་བསྒྲིགས་པའི་བག་མ་བསུ་ལེན་བྱེད་མི་སྲིད།
སེམས་དང་སེམས་མཐུན་པ་ལ་རྒྱུ་རྐྱེན་ཞིག་ནི་ཡོད་འགྲོ།
Janey kahan se aaye ho tum, ham aaye kahan se janey
Janey kahan se aaye ho tum, ham aaye kahan se janey
Tumko khabar naa hamko pata, dil kaise mile divane
Shayad ham dono kaa, han ek hee rasta hoga
Warna hamaree mulakaat nahee hotee
ཁྱོད་ནི་གང་ནས་ཡོང་བ་ཡིན་ང་ནི་གང་ནས་སླེབས་པ་ཡིན།
ཁྱོད་ནི་གང་ནས་ཡོང་བ་ཡིན་ང་ནི་གང་ནས་སླེབས་པ་ཡིན།
མྱོས་པའི་སེམས་གཉིས་མཐུན་པ་འདི་ཁྱོད་དང་ང་ལ་ཤེས་རྟོགས་མེད།
ཕལ་ཆེར་ང་དང་ཁྱོད་གཉིས་ཀྱི་ལམ་ནི་མཐུན་པ་ཡིན་ཀྱང་སྲིད།
དེ་མིན་ང་གཉིས་ཐུག་འཕྲད་ཀྱི་སྐལ་པ་ཨེ་ཡོད་བསམ་གྱིན་འདུག
Dil se dil milne kaa koyee karan hoga.
སེམས་དང་སེམས་མཐུན་པ་ལ་རྒྱུ་རྐྱེན་ཞིག་ནི་ཡོད་འགྲོ།
རྒྱ་གར་གློག་བརྙན་(Daag) དྲི་ནོག་ཅེས་པའི་གླུ་ཞིག
Jab bhi ji chahe nai duniya basa lete hain log
Ek chehre pe kai chehre laga lete hain log
ག་དུས་འདོད་ཀྱང་འཇིག་རྟེན་གསར་པ་བསྐྲུན་གྱི་ཡོད།
ངོ་གདོང་གཅིག་ལ་ངོ་གདོང་དུ་མ་གཡོགས་ཀྱི་ཡོད།
Yaad rehta hai kise guzre zamaane ka chalan
Yaad rehta hai kise
Sard pad jaati hai chahat haar jaati hai lagan
Ab mohabbat bhi hai kya, ek tijarat ke siwa
Hum bhi naadan the jo odha beeti yaadon ka kafan
Warna jeene ke liye sab kuchh bhula dete hain log
Ek chehre pe kai chehre laga lete hain log
འདས་པའི་དུས་ཀྱི་ཀུན་སྤྱོད་དྲན་མཁན་སུ་ཞིག་ཡོད།
དྲན་མཁན་སུ་ཞིག་ཡོད།
གྲང་ངར་ཉེ་བར་སླེབས་པ་དང་འདོད་པ་ཕམ་ཉེས་འགྲོ་གི་རེད།
ད་ཆ་བརྩེ་དུངས་ཟེར་ན་ཡང་ཚོང་ལས་ཞིག་ལས་གཞན་དུ་ཅི།
ང་ཡང་དྲན་པའི་རོ་གོས་ལ་བརྟེན་པའི་མདོ་མེད་བུ་མོ་ཞིག
དེ་མིན་འཚོ་བའི་ཆེད་དུ་ནི་ཅི་ཡང་བརྗེད་དུ་འཇུག་གི་རེད།
ངོ་གདོང་གཅིག་ལ་ངོ་གདོང་དུ་མ་གཡོགས་ཀྱི་ཡོད།
Janne woh kya log the jinko wafa ka paas tha
Jaane woh kya log the
Doosre ke dil pe kya guzregi yeh ehsaas tha
Ab hain patthar ke sanam jinko ehsaas na ho
Woh zamana ab kahan jo ehi-e-dil ko raas tha
Ab to matlab ke liye naam –e-wafa lete hain log
བརྩེ་བའི་ཆོག་མཆན་ལྡན་པ་ཡི་འཇིག་རྟེན་པ་དག་སུ་ཡིན་ནམ།
འཇིག་རྟེན་པ་དག་སུ་ཡིན་ནམ།
གཞན་གྱི་སེམས་ལ་ཅི་མྱོང་བའི་ཚོར་བ་དེ་ལ་ཡོད་དམ་ཅི།
ད་ཆ་ཚོར་མེད་རྡོ་གཟུགས་ཀྱི་སྙིང་ཉེ་མ་དང་གཉིས་སུ་མེད།
སྙིང་ལ་གཅེས་ཤིང་འཛིན་པ་ཡི་དུས་ཚོད་ད་ཆ་གང་དུ་ཡོད།
ད་ནི་ཁེ་བཟང་ལེན་པའི་ཕྱིར་བརྩེ་བ་མིང་ཙམ་ཆེད་དུ་གནས།
Jab bhi ji chahe nai duniya basa lete hain log
Ek chehre pe kai chehre laga lete hain log
ག་དུས་འདོད་ཀྱང་འཇིག་རྟེན་གསར་པ་བསྐྲུན་གྱི་ཡོད།
ངོ་གདོང་གཅིག་ལ་ངོ་གདོང་དུ་མ་གཡོགས་ཀྱི་ཡོད།
རྒྱ་གར་གློག་བརྙན་(Upkaar) བཀའ་དྲིན་ཞེས་པའི་གླུ་ཞིག
Har khushi ho wahan Tu jahaan bhi rahe
Zindagi ho wahaan tu jahaan bhi rahe
ཁྱོད་ནི་གང་དུ་ཡོད་ས་དེར་བདེ་དགའ་འཛོམས་པོ་ཡོང་བར་ཤོག
ཁྱོད་ནི་གང་དུ་ཡོད་ས་དེར་མི་ཚེ་སྐྱིད་པོ་ཡོང་བར་ཤོག
Ye andhere mujhe is liye hain pasand
In mein saaya bhi apna dikhaayi na de
Roshni ho wahaan tu jahaan bhi rahe
Zindagi ho wahaan tu jahaan bhi rahe
Har khushi ho wahaan tu jahaan bhi rahe
མུན་པའི་ནང་དུ་རང་ཉིད་ཀྱི་གྲིབ་མ་ཡང་ནི་མི་གསལ་བས།
དེ་ཕྱིར་ང་ནི་མུན་པ་འདིར་དགའ་བ་བརྗོད་ཅི་ག་ལ་དགོས།
ཁྱོད་ནི་གང་དུ་ཡོད་ས་དེར་འོད་ཀྱིས་ས་གཞི་ཁྱབ་པར་ཤོག
ཁྱོད་ནི་གང་དུ་ཡོད་ས་དེར་མི་ཚེ་སྐྱིད་པོ་ཡོང་བར་ཤོག
ཁྱོད་ནི་གང་དུ་ཡོད་ས་དེར་བདེ་དགའ་འཛོམས་པོ་ཡོང་བར་ཤོག
Chand dhundhalaa sahi gham nahin hai mujhe
Teri raaton pe raaton ka saaya na ho
Chandini ho wahaan tu jahaan bhi rahe
Zindagi ho wahaan tu jahaan bhi rahe
Har khushi ho wahaan tu jahaan bhi rahe.
ཟླ་བ་མངོན་པར་མི་གསལ་ཡང་ང་ལ་སེམས་ཁྲལ་ཅི་ཡང་མེད།
ཁྱོད་ཀྱི་མཚན་ལ་མཚན་མོ་ཡི་གྲིབ་མ་དག་ཀྱང་མེད་པར་ཤོག
ཁྱོད་ནི་གང་དུ་ཡོད་ས་དེར་ཟླ་བའི་འོད་ཀྱིས་ཁྱབ་པར་ཤོག
ཁྱོད་ནི་གང་དུ་ཡོད་ས་དེར་མི་ཚེ་སྐྱིད་པོ་ཡོང་བར་ཤོག
ཁྱོད་ནི་གང་དུ་ཡོད་ས་དེར་བདེ་དགའ་འཛོམས་པོ་ཡོང་བར་ཤོག
རྒྱ་གར་གློག་བརྙན་(Aradhana) གསོལ་འདེབས་ཞེས་པའི་གླུ་ཞིག
Roop tera mastana pyaar mera diwana
Bhool koi hamse na hojaye
Roop tera mastana pyaar mera diwans
Bhool koi hamse na hojaye
ཁྱོད་ཀྱི་ཞལ་རས་འཛུམ་མེར་མེར་ང་ཡི་བརྩེ་དུངས་སྨྱོ་འཚུབ་འཚུབ།
ནོར་འཁྲུལ་གང་ཞིག་ངས་མི་ཤོར་བ་ཤོག
ཁྱོད་ཀྱི་ཞལ་རས་འཛུམ་མེར་མེར་ང་ཡི་བརྩེ་དུངས་སྨྱོ་འཚུབ་འཚུབ།
ནོར་འཁྲུལ་གང་ཞིག་ངས་མི་ཤོར་བ་ཤོག
Raat nasheeli mast sama hai
Aaj nashe mein sara jahan hai
Haan ye sharabi mausam behkaye
Roop tera mastana pyaary mera diwana
Bhool koi hamse na hojaye
མཚན་མོ་བཟི་འཐོམ་འཐོམ་གནམ་གཤིས་སྤྲོ་བོ་གདའ།
ད་རིང་འཇིག་རྟེན་ཡོངས་ཆང་གིས་བཟི་ནས་འདུག
བཟི་པོ་འདིས་གནམ་གཤིས་ལ་བརྒྱུད་སྐུལ་བྱེད་ཀྱི་འདུག
ཁྱོད་ཀྱི་ཞལ་རས་འཛུམ་མེར་མེར་ང་ཡི་བརྩེ་དུངས་སྨྱོ་འཚུབ་འཚུབ།
ནོར་འཁྲུལ་གང་ཞིག་ངས་མི་ཤོར་བ་ཤོག
Ankhon se ankhen milti hai aise
Bechain hoke toofan mein jaise
Mauj koi saahil se takraaye
Roop tera mastana pyaar mera diwana
Bhool koi hamse na hojaye
སྤྱན་མིག་དང་སྤྱན་མིག་ཐུག་འཕྲད་འདི་འདྲ་བྱེད།
རླུང་འཚུབ་ཀྱི་ནང་དུ་བཟོད་མ་བདེ་བྱུང་བ་བཞིན།
རྦ་རླབས་གྲམ་པ་ལ་ཤུགས་ཀྱིས་ཐུག་ནས་འདུག
ཁྱོད་ཀྱི་ཞལ་རས་འཛུམ་མེར་མེར་ང་ཡི་བརྩེ་དུངས་སྨྱོ་འཚུབ་འཚུབ།
ནོར་འཁྲུལ་གང་ཞིག་ངས་མི་ཤོར་བ་ཤོག
Rok raha hai ham ko zamana
Door hi rehena paas na aana
Kaise magar koi dil ko samjhaaye
Roop tera mastana pyaar mera diwana
Bhool koi hamse na hojayee
ང་ལ་འཇིག་རྟེན་གྱིས་བཀག་འགོག་བྱེད་བཞིན་འདུག
རྒྱང་དུ་སྡོད་རོགས་བྱོས་འགྲམ་ལ་མ་ཡོང་རོགས།
འོན་ཀྱང་སེམས་ལ་སློབ་གསོ་སུ་ཡིས་བྱེད།
ཁྱོད་ཀྱི་ཞལ་རས་འཛུམ་མེར་མེར་ང་ཡི་བརྩེ་དུངས་སྨྱོ་འཚུབ་འཚུབ།
ནོར་འཁྲུལ་གང་ཞིག་ངས་མི་ཤོར་བ་ཤོག
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༡༩ ཟླ་༨ ཚེས་༢༥ ཉིན།
Tere mere hotoon pe meethe meethe geet mitwa,
Agghe agghe chale hum, piche piche preet mitwa,
ཁྱོད་དང་ང་ཡི་མཆུ་རྩེ་ལ་སྙན་ཞིང་འཇེབས་པའི་གླུ་ཞིག་གདའ།
ཁྱོད་དང་བདག་གི་མཆུ་ཡི་འདབས་མ་གླུ་དང་གར་གྱི་སྟེགས་བུར་གྱུར།
མདུན་ནས་མདུན་དུ་སྐྱོད་པའི་ངང་རྒྱབ་ནས་བརྩེ་དུངས་ཡོང་ངེས་རེད།
ད་དུང་མདུན་ནས་མདུན་དུ་སྐྱོད་དང་བརྩེ་བའི་རྒྱབ་ལྗོངས་ཡོང་བར་ངེས།།
Pehle pehle pyaar ki, pehli raat yaad rehen gi
Phoolon ki is shehar ki, mulakaat yaad rahen gi,
Kash yahi sari umar, yunhi jaye beet mitwa
Aaghe aaghe chale hum, piche piche preet mitwa,
བརྩེ་དགར་རོལ་བའི་ཐོག་མ་ཡི་མཚན་དེ་དྲན་པའི་ཡུལ་དུ་གནས།
བརྩེ་དགར་རོལ་བའི་མཚན་མོ་ཐོག་མ་དྲན་པའི་ཡུལ་ན་རྟག་ཏུ་གནས།
མེ་ཏོག་བཞད་པའི་གྲོང་ཁྱེར་འདིར་ཐུག་འཕྲད་བྱུང་བ་དྲན་གྱི་རེད།
མེ་ཏོག་བཞད་པའི་གྲོང་ཁྱེར་འདི་རུ་དངོས་སུ་ཐུག་པ་སུ་ཡིས་བརྗེད།།
མི་ཚེ་ཆ་ཚང་གནས་འདི་རུ་རྫོགས་པར་གྱུར་ན་དགའ་བ་ལ།
མི་ཚེ་ཆ་ཚང་འདི་རུ་རྫོགས་པའི་གསོལ་བ་སྨོན་ལམ་མཉམ་དུ་འདེབས།།
ད་དུང་མདུན་ནས་མདུན་དུ་སྐྱོད་དང་བརྩེ་བའི་རྒྱབ་ལྗོངས་ཡོང་བར་ངེས།།
བོད་ཡིག་ཅིག་བོད་སྐད་ལ་བསྒྱུར་ཡོད།
བོད་ཡིག་ནས་བོད་སྐད་ལ་བསྒྱུར་བ་ལེགས། ཡི་གེ་ནས་ཡི་གེ་ཙམ་ལ་ཕབ་རྒྱུ་ནི་དེ་ཙམ་གྱི་ཁག་པོ་མིན་པ་འདྲ། བོད་སྐད་དུ་བསྒྱུར་ཐུབ་པར་འབད་རྒྱུ་གལ་ཆེན་པོ་རེད། འདི་ལྟར་བསྒྱུར་རེས་བྱས་ན་ནམ་ཞིག་ཡི་གེ་ནས་ཡི་གེར་ཕབ་མཁན་ཚོས་ཀྱང་བོད་སྐད་དུ་བསྒྱུར་ཐུབ་པ་ཡོང་ངེས།
བཀུར་འོས་སྒྱུར་བ་པོ་ལགས། དེང་གྲགས་ཆེ་བའི་གཞས། ཏེརི་ མེརི་ ཀཱ་ཧཱ་ནི། ཞེས་པ་དེ་གཅིག་སྒྱུར་གྲོགས་གནོངས་དང་།