Kabhi ajnabi the zameen aasman ye/
Tera hath thama jo huye mehrba ye/
སྐབས་ཤིག་ཆ་མེད་རྒྱུས་མེད་གནམ་ས་གཉིས་པོ་འདི་ཡང་།།
ཁྱོད་ཀྱི་ལག་པ་བཟུང་བས་བཀའ་དྲིན་ཆེན་པོ་བྱུང་སོང་།།
Barsat ye pyar ki na rukegi/
Ab to ghata aur niche jhukegi/
Barso ki pyasi ye dil ki zameen hai/
Chal bhig jaye jannat yahi hai/
Kabhi ajnabi the zameen aasman ye/
Tera hath thama jo huye mehrba ye/
བརྩེ་དུངས་སྦྲང་ཆར་འདི་ཡང་བར་མཚམས་ཆད་བཟོ་མི་གདའ།།
ད་ཆ་སྤྲིན་ཕུང་དག་ཀྱང་དམའ་ནས་དམའ་རུ་སྒུར་ངེས།།
དུས་ཡུན་རིང་པོར་སྐོམ་པའི་འཛིན་མའི་སྙིང་ཁམས་འདི་ནི།།
རེ་ཞིག་བརླན་དུ་ཆུགས་དང་ཞིང་ཁམས་འདི་ལས་གཞན་ཅི།།
སྐབས་ཤིག་ཆ་མེད་རྒྱུས་མེད་གནམ་ས་གཉིས་པོ་འདི་ཡང་།།
ཁྱོད་ཀྱི་ལག་པ་བཟུང་བས་བཀའ་དྲིན་ཆེན་པོ་བྱུང་སོང་།།
Takdir ke faisle kaise kaise/
Shuru ho gaye silsile kaise kaise/
Aayi babare aane se tere/
Khile gul hajaro gulshan me mere/
Kabhi ajnabi the zameen aasman ye/
Tere hath thama jo huye mehrba ye/
ལས་དབང་ཐག་ཆོད་ཟེར་བ་ཅི་འདྲ་ཅི་འདྲ་ཡིན་ནམ།།
ཕན་ཚུན་འབྲེལ་བའི་འགོ་དེ་ཇི་ལྟར་ཇི་ལྟར་ཚུགས་སམ།།
ཁྱེད་རང་སླེབས་པའི་མོད་ལ་དཔྱིད་དཔལ་ཤར་དང་འདྲ་བྱུང་།།
ང་ཡི་སེམས་ཀྱི་ཚལ་ལ་མེ་ཏོག་སྟོང་ཕྲག་བཞད་སོང་།།
སྐབས་ཤིག་ཆ་མེད་རྒྱུས་མེད་གནམ་ས་གཉིས་པོ་འདི་ཡང་།།
ཁྱོད་ཀྱི་ལག་པ་བཟུང་བས་བཀའ་དྲིན་ཆེན་པོ་བྱུང་སོང་།།
Sajan mere hath thame hi chalna/
Rasta naya har kadam pe sambhalna/
Thokar lage to bhi kuch gham nahi hai/
Sath jo mere tu humnashi hai/
Kabhi ajnabi the zameen aasman ye/
Tera hath thama jo huye mehrba ye/
ང་དང་ལག་སྦྲེལ་གནང་སྟེ་ཕེབས་པ་གནང་རོགས་མཛའ་བོ།།
བགྲོད་ལམ་གསར་པ་ཡོངས་ལ་གཟབ་གཟབ་གནང་ནས་ཕེབས་རོགས།།
འགྱེལ་བ་ལ་སོགས་བྱུང་ཚེ་སེམས་ཁྲལ་ཅི་ཡང་མི་འདུག །
ང་དང་ལྷན་དུ་འགྲོགས་པའི་མཛའ་མོ་ཁྱོད་ནི་ཡོད་དོ།།
སྐབས་ཤིག་ཆ་མེད་རྒྱུས་མེད་གནམ་ས་གཉིས་པོ་འདི་ཡང་།།
ཁྱོད་ཀྱི་ལག་པ་བཟུང་བས་བཀའ་དྲིན་ཆེན་པོ་བྱུང་སོང་།།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༣ ཚེས་༢༦ ལ།