པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༢༡ ཟླ་༡ ཚེས་༢༦ ཉིན།
Tu is tarah se meree jindagee mein shaamil hain
Jahaan bhee jaaoo ye lagataa hain teree mahafil hain
གང་ཉིད་འདི་ལྟར་ང་ཡི་མི་ཚེར་འདུས་བྱས་པ།།
གང་དུ་སྐྱོད་ཀྱང་ཁྱོད་ནི་སྙན་ངག་འདུ་འཛོམས་འདྲ།།
Ye aasamaan ye baadal ye raaste ye hawaa
Har ek cheej hain apanee jagah thhikaane se
Kaee dinon se shikaayat naheen jamaane se
Ye jindagee hain safar, tu safar kee manjil hain
ནམ་མཁའ་འདི་དང་སྤྲིན་ཕུང་བགྲོད་ལམ་རླུང་བཅས་པའི།།
དངོས་པོ་མཐའ་དག་རང་རང་གནས་སུ་འཁོད་ནས་གདའ།།
རིང་མོ་ཞིག་ནས་འཇིག་རྟེན་འདི་ལ་ལེ་འདེད་མེད།།
ཚེ་འདི་འགྲུལ་དང་འགྲུལ་གྱི་དམིགས་ཡུལ་ཁྱོད་ཉིད་ཡིན།།
Tu is tarah se meree jindagee mein shaamil hain
Jahaan bhee jaaoo ye lagataa hain teree mahafil hain
གང་ཉིད་འདི་ལྟར་ང་ཡི་མི་ཚེར་འདུས་བྱས་པ།།
གང་དུ་སྐྱོད་ཀྱང་ཁྱོད་ནི་སྙན་ངག་འདུ་འཛོམས་འདྲ།།
Tere bagair jahaan mein koee kamee see thee
Bhatak rahee thee jawaanee andheree raahon mein
Sukoon dil ko milaa, aake teree baahon mein
Main ik khoyee huyee mauj thi, tu saahil hain
གང་ཉིད་མེད་དུས་འཇིག་རྟེན་འདི་ན་གཅིག་མ་ཚང་།།
གཞོན་ནུའི་མི་ཚེ་མུན་པའི་ལམ་དུ་འཕྱན་འདྲ་བ་།།
ཁྱོད་ཀྱི་པང་དུ་སྙིང་ལ་སིམ་པའི་བདེ་བ་བྱུང་།།
ཇི་ལྟར་ལམ་ནོར་གྲུ་ལ་མཚོ་ཡི་འགྲམ་པ་བཞིན།།
Tu is tarah se meree jindagee mein shaamil hain
Jahaan bhee jaaoo ye lagataa hain teree mahafil hain
གང་ཉིད་འདི་ལྟར་ང་ཡི་མི་ཚེར་འདུས་བྱས་པ།།
གང་དུ་སྐྱོད་ཀྱང་ཁྱོད་ནི་སྙན་ངག་འདུ་འཛོམས་འདྲ།།
Har ek sheir hain mohabhat ke noor se roshan
Ye roshini jo na ho jindagee adhuree hain
Rahee wafaa mein tu hee hamsafar zaroori hain
Ye raasta kahin tanhaa kate to mushkil hain
དངོས་པོ་ཡོངས་ལ་བརྩེ་བའི་འོད་ཟེར་འཕྲོས་ནས་འདུག །
འོད་ཟེར་བྲལ་བའི་མི་ཚེ་འདི་ནི་ཡོངས་རྫོགས་མིན།།
དད་ལྡན་འགྲོན་པོར་ཁྱོད་ཀྱི་འགྲོ་རོགས་དགོས་ངེས་ཡིན།།
དེ་མིན་ལམ་འདི་གཅིག་པོར་བགྲོད་རྒྱུ་དཀའ་ངལ་རེད།།
Tu is tarah se meree jindagee mein shaamil hain
Jahaan bhee jaaoo ye lagataa hain teree mahafil hain
གང་ཉིད་འདི་ལྟར་ང་ཡི་མི་ཚེར་འདུས་བྱས་པ།།
གང་དུ་སྐྱོད་ཀྱང་ཁྱོད་ནི་སྙན་ངག་འདུ་འཛོམས་འདྲ།།
Tere Jamaal se roshan hain qaayanaat meree
Meree talaash teree dilkashee rahe baakee
Khudaa kare ke ye diwaanagee rahe baakee
Teree wafaa hee mere har khushee kaa hasil hain
ང་ཡི་འཇིག་རྟེན་གང་གི་མཛེས་པས་རབ་གསལ་ཏེ།།
ངའི་འཚོལ་སྙེགས་གང་གི་ཡིད་འཕྲོག་མ་ལུས་པའི།།
སྨྱོ་ཚུལ་འདི་ནི་རྟག་ཏུ་གནས་གྱུར་ཁུ་དྷཱ་ལགས།།
བདེ་དགའ་ཅི་ཐོབ་ཁྱོད་ཀྱི་བྱིན་རླབས་ཉག་ཅིག་ཡིན།།
Tu is tarah se meree jindagee mein shaamil hain
Jahaan bhee jaaoo ye lagataa hain teree mahafil hain
གང་ཉིད་འདི་ལྟར་ང་ཡི་མི་ཚེར་འདུས་བྱས་པ།།
གང་དུ་སྐྱོད་ཀྱང་ཁྱོད་ནི་སྙན་ངག་འདུ་འཛོམས་འདྲ།།