པདྨ་ཚེ་དབང་ཤཱསྟྲིས།
ཤེལ་རིགས་ཡིན་དང་སྙིང་ཡིན། མཐའ་མར་གས་རྒྱུ་ངེས་ཅན་རེད།
གས་རྒྱུ་ངེས་ཅན་རེད།
མཆུ་རྩེར་མ་སླེབས་སྔ་རོལ་དུ། རྒྱ་མཚོ་ལག་ནས་ཤོར་འགྲོ་ལོ།
ལག་ནས་ཤོར་འགྲོ་ལོ།
ཤེལ་རིགས་ཡིན་དང་སྙིང་ཡིན། མཐའ་མར་གས་རྒྱུ་ངེས་ཅན་རེད།
མངོན་འདོད་ལྷག་མ་ཅི་ཡང་མེད། ཅི་ཞིག་ཐོབ་པ་སླ་བའང་མིན།
འཇིག་རྟེན་གྱི་དཀའ་ངལ་རེད། བསོད་ནམས་ཀྱང་དགོས་ངེས་རེད།
དགྲ་བོ་ནི་འདི་ལྟ་ཡིན་ངེས་རེད། གཉི་ག་ནི་ཚིམ་ཐབས་ཅི་འདྲ།
གཅིག་ལ་ངོ་བསུའི་ཐབས་བྱས་ན། གཅིག་ཤོས་ཁོང་ཁྲོ་ལངས་ཀྱི་རེད།
ཁོང་ཁྲོ་ལངས་ཀྱི་རེད།
ཤེལ་རིགས་ཡིན་དང་སྙིང་ཡིན། མཐའ་མར་གས་རྒྱུ་ངེས་ཅན་རེད།
གྲུ་པ་ཡི་བརྡ་ཐབས་ལ་བརྟེན་ནས། མཚོ་མཐའ་རུ་སླེབས་ཐབས་བྱས་ཏེ།
ངས་རང་གི་མངོན་འདོད་དང་འབྲེལ་ཏེ། ཆར་རླུང་དང་རོལ་རྩེད་བྱས་པས།
ང་ལ་འདི་ཤེས་རྟོགས་མ་བྱུང་། སུ་ཞིག་གིས་མཉམ་འགྲོགས་མི་བྱེད།
སུ་ཞིག་གིས་མཉམ་འགྲོགས་མི་བྱེད།
གྲུ་པས་ནི་བློས་གཏོང་བྱེད་ཀྱི། གྲམ་པ་ནི་ཐག་རིང་དུ་བོར་སོང་།
ཐག་རིང་དུ་བོར་སོང་།
ཤེལ་རིགས་ཡིན་དང་སྙིང་ཡིན། མཐའ་མར་གས་རྒྱུ་ངེས་ཅན་རེད།
འཇིག་རྟེན་ནི་ལྟད་མོ་ཞིག་རེད། རེ་བ་དང་རེ་བྲལ་ཡང་རེད།
ཕྲན་བུ་མེ་ཏོག་ཡོད་ལ་ཚེར་མ་ཡོད། དེ་ནི་ལས་དབང་གིས་བགོས་པ་རེད།
རང་རང་གི་བགོ་སྐལ་རེད་ལ། རང་རང་གི་གནད་དོན་རེད།
རེ་ཞིག་ནི་ཇག་པས་བཅོམ་འགྲོ རེ་ཞིག་ནི་ཇག་པས་བཅོམ་འགྲོ།
ཇག་པས་བཅོམ་འགྲོ།
ཤེལ་རིགས་ཡིན་དང་སྙིང་ཡིན། མཐའ་མར་གས་རྒྱུ་ངེས་ཅན་རེད།
གས་རྒྱུ་ངེས་ཅན་རེད།
མཆུ་རྩེར་མ་སླེབས་སྔ་རོལ་དུ། རྒྱ་མཚོ་ལག་ནས་ཤོར་འགྲོ་ལོ།
ལག་ནས་ཤོར་འགྲོ་ལོ།
ཤེལ་རིགས་ཡིན་དང་སྙིང་ཡིན། མཐའ་མར་གས་རྒྱུ་ངེས་ཅན་རེད།།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༤ ཚེས་༩ ལ།།
Shisha ho ya dil ho, aakhir tut jata hai/
Tut jata hai……
Lab tak aate aate hathon se sagar chut jata hai/
Chut jata hai……
Shisha ho ya dil ho, aakhir tut jata hai/
Baki ab arman nahi, kuchh milna aasan nahi/
Duniya ki majburi hai, phir taqdir jaruri hai/
Yeh jo dushman hai aise, dono razi ho kaise/
Ek ko manao to duja ruth jata hai/
Ruth jata hai…….
Shisha ho ya dil ho, aakhir tut jata hai/
Baithe the kinare pe, maujo ke ishare pe/
Ham khele tufano se, is dil ke armano se/
Hamko ye maalum na tha, koyi sath nahi deta/
Koyi saath nahi deta/
Maajhi chod jata hai, saahil chut jata hai/
Chut jata hai……..
Shisha ho ya dil ho, aakhir tut jata hai/
Duniya ek tamasha hai, aasha aur nirasha hai/
Thode phul hai kante hai, jo taqdir ne bante hain/
Apna apna hissa hai, apna apna kissa hai/
Koi lut jata hai, koi lut jata hai/
Lut jata hai………….
Shisha ho ya dil ho, aakhir tut jata hai/
Tut jata hai…….
Lab tak aate aate hathon se sagar chut jata hai/
Chut jata hai……….
Shisha ho ya dil ho, aakhir tut jata hai/པདྨ་ཚེ་དབང་ཤཱསྟྲིས་