པདྨ་ཚེ་དབང་ཤཱསྟྲིས།
Kajra lagake gajra sajake bijuri gira ke jaiyo naa
Nain milake chain chura ke nindiya uda ke jaiyo naa
Kajra lagake
Gajra sajake
མིག་སྨན་བྱུགས་ནས། མེ་ཏོག་རྒྱན་ཏེ། གློག་འོད་འཁྱུག་ཅིང་མ་ཕེབས་རོགས།།
མིག་མདའ་འཕངས་ནས། བློ་སེམས་བརྐུས་ཏེ། གཉིད་འཇམ་དཀྲོགས་ཏེ་མ་ཕེབས་རོགས།།
མིག་སྨན་བྱུགས་ནས།
མེ་ཏོག་རྒྱན་ཏེ།
Mukhada naa dekho darpan me jhanko jara mere maan me
Aise Jiya pe chhayi ho jaise ghataye sawan me
Raat aur din tumbare bin mann me aur kaun hai
Abb Jid chhodo naa aage aage daudo dil naa mera todo
Ghunghata gira ke
Ghunghata gira ke mukhada chhipa ke bijuri gira ke jaiyo naa
Nain milake chain chura ke nindiya uda ke jaiyo naa
Kajra lagake
Gajra sajake
མེ་ལོང་ངོས་སུ་བཞིན་རས་མ་བལྟ་ང་ཡི་སེམས་ཀྱི་ནང་དུ་གཟིགས།།
ཇི་ལྟར་དབྱར་གྱི་ཆུ་འཛིན་བཞིན་དུ་ང་ཡི་ཡིད་ལ་འཁྲིགས་ཏེ་གནས།།
ཉིན་ནམ་མཚན་དུ་སེམས་ཀྱི་ནང་དུ་ཁྱེད་རང་མ་ཡིན་སུ་ཞིག་ཡོད།།
ཨུ་ཚུགས་སྤངས་ནས་སྔོན་ལ་མ་འགྲོ་ང་ཡི་སེམས་པ་མ་གསོད་ཅིག །
བླ་གོས་ཐུར་དུ་ཕབ་ནས།
བླ་གོས་ཐུར་དུ་ཕབ་ནས། བྱད་བཞིན་དེ་རུ་སྦས་ཏེ། གློག་འོད་འཁྱུག་ཅིང་མ་ཕེབས་རོགས།།
མིག་མདའ་འཕངས་ནས། བློ་སེམས་བརྐུས་ཏེ། གཉིད་འཇམ་དཀྲོགས་ཏེ་མ་ཕེབས་རོགས།།
མིག་སྨན་བྱུགས་ནས།
མེ་ཏོག་རྒྱན་ཏེ།
Chhodo meri kalayi ko sun lo meri duhayi ko
Chhodo meri kalayi ko Ho O julmi
Chhodo meri kalayi ko sun lo meri duhayi ko
Kyo chhedate ho raste me ladki kisi parayi ko
Mera nam ho badanam jo koyi dekh le
Chalo hato hao jiya naa dhadakao dekho baj aao
Apna bana ke sapna dikha ke nindiya uda ke jaiyo naa
Nain milake chain chura ke nindiya uda ke jaiyo naa
Kajra lagake
Gajra sajake
ང་ཡི་ལག་པ་གློད་རོགས། ང་ཡི་གསོལ་འདེབས་གསན་རོགས།།
ང་ཡི་ལག་པ་གློད་རོགས། ཝ་ཡེ་བཙན་པོ།
ང་ཡི་ལག་པ་གློད་རོགས། ང་ཡི་གསོལ་འདེབས་གསན་རོགས།།
རྒྱུས་མངའ་མེད་པའི་བུ་མོ་ལ་ལམ་སྟེང་བསུན་པོ་མ་བཟོ་རོགས།།
གལ་ཏེ་གཞན་གྱིས་མཐོང་གྱུར་ན་ང་ལ་མིང་ཆད་ཡོང་ཡང་སྲིད།།
ཕར་རྒྱུགས་བསུན་པོ་མ་བཟོ། ལྟོས་དང་གོ་བར་གྱིས་དང་།།
གྲོགས་སུ་བཀུག་ནས། རེ་བ་སྦྱིན་ཏེ། གཉིད་འཇམ་དཀྲོགས་ཏེ་མ་ཕེབས་རོགས།།
མིག་མདའ་འཕངས་ནས། བློ་སེམས་བརྐུས་ཏེ། གཉིད་འཇམ་དཀྲོགས་ཏེ་མ་ཕེབས་རོགས།།
མིག་སྨན་བྱུགས་ནས།
མེ་ཏོག་རྒྱན་ཏེ།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༥ ཚེས་༣༠ ལ།