པདྨ་ཚེ་དབང་ཤཱསྟྲིས
Sher ka husn ho
Sher ka husn ho nagme ki jawani ho tum
Ek dhadakti hui Shabab kahani ho tum
Sher ka husn ho
ཁྱོད་ནི་སྙན་པའི་ངག་གི་ཉམས་འགྱུར་ཉིད།
ཁྱོད་ནི་སྙན་ངག་གཟུགས་དང་གླུའི་ན་གཞོན།།
ཁྱོད་ནི་གཞོན་ཤ་ཆགས་ལ་འཕར་ལྡིང་བྱེད་པའི་གཏམ་རྒྱུད་ཅིག །
ཁྱོད་ནི་སྙན་པའི་ངག་གི་ཉམས་འགྱུར་ཉིད།
Aankh aisi ke kaval tumse nishani mange
Zulf aisi ke ghata sharam se pani mange
Jis taraf se bhi nazar dale Suhani ho tum
Sher ka husn ho
སྤྱན་མིག་འདི་འདྲ་པདྨས་ཁྱོད་ལ་དྲན་རྟེན་སློང་།།
དབུ་སྐྲ་འདི་འདྲ་སྤྲིན་པ་སྐྱེངས་ཏེ་ཆར་ཆུ་སློང་།།
ག་ནས་བལྟས་ཀྱང་ཁྱོད་ནི་མཛེས་སྡུག་ཕུང་པོ་ཉིད།།
ཁྱོད་ནི་སྙན་པའི་ངག་གི་ཉམས་འགྱུར་ཉིད།
Jism aisa ajanta ka amal yaad aaye
Sangemarmar me dhala tajmahal yaad aaye
Pighle pighle huye rango ki ravani ho tum
Sher ka husn ho
སྐུ་གཟུགས་འདི་འདྲ་ཨ་ཇན་ཏའི་མཛེས་སྡུག་དྲན།།
ཀ་མ་རུ་པ་ལས་གྲུབ་ཏཱཇ་མཧལ་གྱི་དྲན་གསོ་བྱེད།།
ཚོན་ལས་འཁྲུངས་འདྲའི་ཟིལ་པའི་མདངས་ཀྱི་རྦ་རླབས་ཉིད།།
ཁྱོད་ནི་སྙན་པའི་ངག་གི་ཉམས་འགྱུར་ཉིད།
Dhadkne bunti hai jisko wo tarana ho tum
Sach kaho kis ke mukaddar ka khazana ho tum
Mujhpe mahir ho ke dushman ki diwani ho tum
Sher ka husn to nagme ki jawani ho tum
Sher ka husn ho
ཁྱོད་ནི་སྙིང་གི་འཕར་ལྡིང་ལྷས་པའི་དབྱངས་སྙན་རེད།།
ཁྱོད་ནི་སུ་ཡི་བསོད་ནམས་ལས་འཁྲུངས་གཏེར་མཛོད་ཡིན།།
ཁྱོད་ནི་དགྲ་བོའི་མཛའ་གྲོགས་ཡིན་པ་ང་ཡིས་ཤེས།།
ཁྱོད་ནི་སྙན་ངག་གཟུགས་དང་གླུའི་ན་གཞོན།།
ཁྱོད་ནི་སྙན་པའི་ངག་གི་ཉམས་འགྱུར་ཉིད།།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༤ ཚེས་༡༨ ལ།།
ལོ་རྒྱུས་ནང་བོད་ཡིག་ལ་འགྱུར་བ་ཆེན་པོ་གཉིས་བྱུང་ཡོད།
སྔོན་དུས་བོད་ཡིག་གིས་བརྡ་ཡག་པོ་འཕྲོད།
ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད།
དེང་དུས་བོད་ཡིག་གིས་བརྡ་ཡག་པོ་མི་འཕྲོད།
གནས་སྟངས་ཀྱིས་གསལ་བཤད་བྱས་ཡོད།
བོད་ཡིག་ལ་སྐྱོན་ཆ་མང་།