པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༣ ཚེས་༡༨ ཉིན།
Gori tera gaon bada pyara, main toh gaya maara, aake yahaan re,
Us par roop tera saada, chandrama jyon aadha, aadha jawaan re,
དཀར་མོ་ཁྱོད་ཀྱི་གྲོང་གསེབ་ཤིན་ཏུ་མཛེས་པ། ང་ནི་དྲན་པ་འཐོར་སོང་། འདི་གར་སླེབས་ནས་བཟུང་།
དེ་རུ་གནས་པའི་ཁྱོད་ཀྱི་བྱད་བཞིན་མཛེས་པ། ཟླ་བ་བཞིན་དུ་ཕྱེད་ཆ་དཀར། ཕྱེད་ཆ་གཞོན་ནུ་རེད།
Ji karta hai mor ke paon me payaliya pehna doon/
Kuhu kuhu gaati koyaliya ko phoolon ka gehna doon/
Yahin ghar apna banana ko panchi kare dekho tinke jama re/
Gori tera gaon bada pyara, main toh gaya maara, aake yahaan re,
རྨ་བྱ་ཡི་རྐང་པ་ལ་ཨེར་དྲིལ་འདོགས་འདོད་ཀྱི་འདུན་པ་ཧ་ཅང་ཆེ།
ཀུ་ཧུ་ཀུ་ཧུ་ཟེར་ཞིང་ཁུ་བྱུག་གི་སྐེ་ལ་མེ་ཏོག་རྒྱན་འདོད་ཡང་ཆེ།
འདི་གར་བྱིའུས་རྩ་ཧྲུག་སྒྲུག་ནས་རང་ཁྱིམ་བཟོ་རྒྱུའི་འདུན་པ་ཆེ།
དཀར་མོ་ཁྱོད་ཀྱི་གྲོང་གསེབ་ཤིན་ཏུ་མཛེས་པ། ང་ནི་དྲན་པ་འཐོར་སོང་། འདི་གར་སླེབས་ནས་བཟུང་།
Rang birange phool khile hain log bhi phoolon jaise/
Aa jay ek bar yahein jo jayega phir kaise/
Jhar jhar jharte hue jharne maan ko lage harne aisa kahaan re/
Us par roop tera saada, chandrama jyon aadha, aadha jawaan re/
སྣ་ཚོགས་པའི་མེ་ཏོག་འདི་གར་བཞད་ནས་སྐྱེ་བོ་རྣམས་ཀྱང་མེ་ཏོག་འདྲ་བ།
འདི་གར་ཐེངས་གཅིག་སླེབས་པ་སུ་ཡིན་ཡང་སླར་ཡང་ལྡོག་པ་མི་སྲིད་ཐག་གིས་ཆོད།
ལྷུང་ལྷུང་བབས་པའི་ཆུ་བོས་ཡིད་འཕྲོག་པ་འདི་འདྲ་ས་གནས་གཞན་པ་གང་དུ་ཡོད།
དེ་རུ་གནས་པའི་ཁྱོད་ཀྱི་བྱད་བཞིན་མཛེས་པ། ཟླ་བ་བཞིན་དུ་ཕྱེད་ཆ་དཀར། ཕྱེད་ཆ་གཞོན་ནུ་རེད།
Pardesi anjaan ko aise koi nahi apnaata/
Tum logon se jud gaya jaise janam janam ka naata/
Apni dhun mein magan dole, log yahaan bole, dil ki zabaan re/
Gori tera gaon bada pyara, main toh gaya maara, aake yahaan re,
Us par roop tera saada, chandrama jyon aadha, aadha jawaan re,
ཆ་རྒྱུས་མེད་པའི་ཕྱི་མི་ཞིག་ལ་འདི་འདྲའི་ནང་ཚགས་བྱེད་མཁན་དཀོན་པའི་གནས།
ཁྱེད་ཚོ་དང་ལྷན་དུ་ཚེ་རབས་ནས་ཚེ་རབས་ཀྱི་འབྲེལ་བ་མཐུད་པ་ལྟ་བུ་བྱུང་།
གྲོང་གསེབ་འདིའི་ནང་དུ་བསམས་ཚད་དབྱངས་ལ་དྲངས་འདྲའི་དྲང་གཏམ་ཁོ་ན་ཤོད་ཀྱི།
དཀར་མོ་ཁྱོད་ཀྱི་གྲོང་གསེབ་ཤིན་ཏུ་མཛེས་པ། ང་ནི་དྲན་པ་འཐོར་སོང་། འདི་གར་སླེབས་ནས་བཟུང་།
དེ་རུ་གནས་པའི་ཁྱོད་ཀྱི་བྱད་བཞིན་མཛེས་པ། ཟླ་བ་བཞིན་དུ་ཕྱེད་ཆ་དཀར། ཕྱེད་ཆ་གཞོན་ནུ་རེད།