Ye Reshmi zulfein ye sharbati aankhein/
Inhein dekkhkar jee rahe hain sabhi/
གནག་སྣུམ་ལན་བུ་མྱོས་འགྱུར་འདྲེན་བྱེད་ཟུང་།།
འདི་ལ་བལྟས་ནས་འདོད་ལྡན་འཚོ་བཞིན་གདའ།།
Jo ye aankhein sharam se jhuk jaayengee/
Saari baatein yahin bas rook jaayengee/
Chup raheina ki aapsaana koi inko naa batlaana /
Ke inhein dekkhkar pee rahe hain sabhi/
Ye Reshmi Zulfein ye sharbati aankhein/
Inhein dekkhkar jee rahe hain sabhi/
ངོ་ཚ་སྨིན་པས་མིག་ཟུང་སར་འབེབས་དུས།།
ཁ་བརྡ་ཚང་མ་དེ་མ་ཐག་ལ་ཆད།།
ཚང་མས་ངག་བཅད་གནང་སྟེ་ལོ་རྒྱུས་འདི།།
ཁོང་ལ་མ་ཤོད་ཁུ་སིམ་བཞུགས་རོགས་གནང་།།
ཁོང་ལ་བལྟས་ཏེ་ཚང་མས་འཐུང་བཞིན་གདའ།།
གནག་སྣུམ་ལན་བུ་མྱོས་འགྱུར་འདྲེན་བྱེད་ཟུང་།།
འདི་ལ་བལྟས་ནས་འདོད་ལྡན་འཚོ་བཞིན་གདའ།།
Zulfein maghroor itni ho jaayengee/
Dil ko tadpaayengee jee ko tarsaayengee/
Ye kar dengee deewaana koi inko naa batlaana/
Ke inhein dekkhkar jee rahe hain sabhi/
Ye reshmi zulfein ye sharbati aankhein/
Inhein dekkhkar jee rahe hain sabhi/
སྐྲ་ལོ་འདི་ལྟར་ཁེངས་པ་རྒྱས་གྱུར་ན།།
སྙིང་ལ་བསུན་གཙེར་ཡིད་ལ་ཟུག་གཟེར་སྟེར།།
འདིས་ནི་སྨྱོ་རུ་འཇུག་པ་ཐག་གིས་ཆོད།།
སུས་ཀྱང་ཁོང་ལ་གསུངས་པ་མ་གནང་རོགས།།
ཁོང་ལ་བལྟས་ཏེ་མི་རྣམས་འཚོ་བཞིན་གདའ།།
གནག་སྣུམ་ལན་བུ་མྱོས་འགྱུར་འདྲེན་བྱེད་ཟུང་།།
འདི་ལ་བལྟས་ནས་འདོད་ལྡན་འཚོ་བཞིན་གདའ།།
Saare inki shiqaayat karte hain/
Phir bhi inse mohabbat karte hain/
Ye kya jaadoo hai jaane phir chaak girebaan deewaane/
Inhein dekkhkar see rahe hain sabhi/
Ye reshmi zulfein ye sharbati aankhein/
Inhein dekkhkar jee rahe hain sabhi/
ཚང་མས་ཁོང་ལ་སྐྱོན་བརྗོད་བྱེད་བཞིན་གནས།།
འོན་ཀྱང་ཁོང་ལ་བརྩེ་དུངས་བྱེད་ཀྱིན་གདའ།།
འདི་ནི་སྒྱུ་འཕྲུལ་ཡིན་པ་སུས་ཤེས་སམ།།
བརྩེ་དུངས་ཀྱིས་སྨྱོས་གོང་བ་དབྲལ་པོ་དག །
ཁོང་ལ་བལྟས་ཏེ་ཚང་མས་འཚེམ་བཞིན་གདའ།།
གནག་སྣུམ་ལན་བུ་མྱོས་འགྱུར་འདྲེན་བྱེད་ཟུང་།།
འདི་ལ་བལྟས་ནས་འདོད་ལྡན་འཚོ་བཞིན་གདའ།།
ཕྱི་ལོ་༢༠༡༩ ཟླ་༣ ཚེས་༤ ཉིན།།
དེང་སང་ནི་མཁས་པ་ཚོའི་བོད་ཡིག་གིས་བོད་པ་ལ་བརྡ་འཕྲོད་རྒྱུ་ཅུང་དཀའ་སེར་འདུག་ཟེར་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་ཤིག་རེད། ད་ནི་མང་ཚོགས་ཀྱིས་བོད་ཡིག་སྦྱོང་དགོས་འདུག་མ་གཏོགས། མཁས་པ་ཚོ་གཅིག་པོ་ལྷག་འགྲོ་ས་རེད།