Kabhi kabhi mere dil mein khayaal aata hai
Ki jaise tujhko banaya gaya hai mere liye
Tu abse pehle sitaaron mein bas rahi thi kahin
Tujhe zameen pe bulaya gaya hai mere liye
སྐབས་རེ་སྐབས་རེར་བདག་གི་སེམས་ལ་འདི་ལྟར་ཤར།།
བདག་གི་ཆེད་དུ་ཁྱོད་ནི་བསྐྲུན་པར་གྱུར་སྙམ་དྲན།།
ད་ལྟའི་སྔོན་ལ་ཁྱོད་ནི་སྐར་ཚོགས་ཁྲོད་དུ་གནས།།
བདག་གི་ཆེད་དུ་ཁྱོད་ནི་ས་ལ་་བོས་པ་འདྲ།།
Kabhi kabhi mere dil mein khayaal aata hai
Ki ye badan ye nigaahein meri amaanat hain
Ye kesuon ki ghani chhaon hain meri khatir
Ye honth aur ye baahein meri amaanat hai
སྐབས་རེ་སྐབས་རེར་བདག་གི་སེམས་ལ་འདི་ལྟར་ཤར།།
སྐུ་གཟུགས་འདི་དང་སྤྱན་མིག་དག་ནི་ངའི་གཅེས་ནོར།།
སྣག་ཅིང་སྣུམ་པའི་དབུ་སྐྲའི་གྲིབ་བསིལ་ངའི་ཆེད་དུ།།
ཞལ་མཆུ་འདི་དང་ཕྱག་ཟུང་འདི་དག་ངའི་གཅེས་ནོར།།
Kabhi kabhi mere dil mein khayaal aata hai
Ki jaise bajti hain shehnaaiyaan si raahon mein
Suhaag raat hain ghoonghat utha raha hoon main
Simat rahi hai tu sharama ke apni baahon mein
སྐབས་རེ་སྐབས་རེར་བདག་གི་སེམས་ལ་འདི་ལྟར་ཤར།།
སྲང་ལམ་ཐོག་ཏུ་རྒྱ་གླིང་སྒྲ་སྙན་སྒྲོག་པ་འདྲ།།
གཉེན་སྒྲིག་མཚན་མོར་གདོང་གི་སེང་རས་བཏེགས་དུས་དེར།།
ངོ་ཚའི་རྐྱེན་པས་ཁྱོད་ནི་བདག་གི་པང་དུ་འཁོར།།
Kabhi kabhi mere dil mein khayaal aata hai
Ki jaise tu mujhe chaahegi umr bhar yoohin
Uthegi meri taraf pyaar ki nazar yoohin
Main jaanta hoon ki tu geir hai magar yoohin
སྐབས་རེ་སྐབས་རེར་བདག་གི་སེམས་ལ་འདི་ལྟར་ཤར།།
མི་ཚེ་ཡོངས་རྫོགས་ཁྱོད་ཀྱིས་ང་ལ་འདི་ལྟར་འདོད།།
ང་ཡི་ཕྱོགས་སུ་བརྩེ་དུངས་སྤྱན་མིག་འདི་ལྟར་གཡོ།།
ཁྱོད་ནི་ངོ་འདྲིས་མེད་ཀྱང་སྙིང་ནས་ཉེ་བ་་བདག་གིས་ཤེས།།
Kabhi kabhi mere dil mein khayaal aata hai
Kabhi kabhi mere dil mein khayaal aata hai
སྐབས་རེ་སྐབས་རེར་བདག་གི་སེམས་ལ་འདི་ལྟར་ཤར།།
སྐབས་རེ་སྐབས་རེར་བདག་གི་སེམས་ལ་འདི་ལྟར་ཤར།།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༧ ཚེས་༣༠ ཉིན།
པདྨ་ཚེ་དབང་ཤཱསྟྲི་སྒྱུར་རྩོམ་འདིའི་རིགས་ཀྱིས་ཁ་བརྡ་ལྟ་འདོད་མེད་པར་གྱུར་སོང་།
པདྨ་ཚེ་དབང་ལགས་ཀྱིས་རྒྱ་གར་གྱི་གྲགས་ཆེ་བའི་གློག་བརྙན་ནང་གི་སྙན་འཇེབས་ཡིད་དབང་འཕྲོག་པའི་གཞས་ཚིག་རྣམས་བོད་ཡིག་གི་ཐོག་ཕབ་བསྒྱུར་གནང་བ་ནི་རྒྱ་གར་གློག་བརྙན་དེ་རིགས་ལྟ་མྱོང་བ་དང་གཞས་ལ་དགའ་ཞེན་ཡོད་ཀྱང་ནང་དོན་ཇི་བཞིན་མ་ཤེས་པ་རྣམས་བྲོ་བ་གསར་པ་ཞིག་སྦྱིན་ཞིང་། ལྷག་དོན་ཡིག་སྒྱུར་གྱི་ཐབས་བརྩལ་ལ་ཡང་བློ་སྐྱེད་གཏེར་ཐུབ་པ་ཞིག་འདུག་སྙམ། ཐུགས་རྗེ་ཆེ།
བསྒྱུར་ཡ་སྦྱང་གིན་ཡོད་ན་ནི་ཨོའུ་ཟིག་རེད་མ་གཏོགས་དངོས་གནས་བྱས་ན་འགྱུར་ལ་བྲོ་བ་མི་འདུག
རྒྱ་གར་གྱི་གཞས་རྣམས། གདང་དབྱངས་སྙན་འཇེབས་ལྡན་པ་ཡོད་པའི་དབང་གིས། མི་རྣམས་དགའ་བོ་བྱེད་མོད། ཚིག་དོན་ལ་བྲོ་བ་དེ་ཙམ་མེད་པ་དངོས་གནས་རེད། དེས་ན་ཚིག་སྒྱུར་ཁོ་ན་མིན་པར་དོན་སྒྱུར་བྱས་ཏེ། བྲོ་བ་ཅུང་ཟད་ཡོད་པ་བཟོ་རྒྱུར་སྒྱུར་པ་པོའི་རྣམ་དཔྱོད་ཀྱི་རྩལ་འདོན་རྒྱུ་གལ་ཆེན་པོ་ཡིན་པ་འདྲ།
དཔེར་ན།
སྐབས་འགར་གངས་དཀར་སེམས་ཀྱི་སྣང་ངོ་ལ།།
བར་སྣང་ཁམས་ཀྱི་རྒྱུ་སྐར་བདག་པོ་ཚོས།།
ཁྱོད་ཉིད་ང་ཡི་དཔལ་དུ་ལེགས་བསྐྲུན་ཏེ།།
ས་འདིར་བདག་ལ་མངགས་པ་ལོས་ཡིན་དྲན། །
ལྟ་བུ།
ཚིག་རྐང་ཐ་མ། ཡང་མིན་ན། ས་འདིར་བདག་གི་མགྲོན་དུ་བོས་སྙམ་དྲན།།