Mere saamne wali khidki mein/
Ek chaand ka tukda rehta Hain/
Ab sooch ye hain ke vo humse/
Kuch ukhdaa ukhdaa rehta hain/
ང་ཡི་མདུན་དུ་ཡོད་པའི་སྒེའུ་ཁུང་ན།།
ཟླ་བའི་ཆ་ཤས་གཅིག་གིས་གནས་བཅས་འདུག །
ད་ནི་ང་ཡི་སེམས་ལ་འདི་ལྟར་འཁོར།།
མོ་ནི་ང་ལ་ཁྲོས་ཏེ་ཡོད་པ་མཐོང་།།
Mere saamne………….
ང་ཡི་མདུན་དུ་ཡོད་པའི་སྒེའུ་ཁུང་ན།།
ཟླ་བའི་ཆ་ཤས་གཅིག་གིས་གནས་བཅས་འདུག །
Jis roz se dekha hain usko/
Hum shama jalana bhool gaye/
Dil thaam ke aise baithe hain/
Kahin aana jaana bhool Gaye/
Ab aath pahar in aakhon mein/
Vo chanchal mukhudaa rehta hain/
དེ་ཉིད་མཐོང་བའི་ཉི་མ་དེ་ནས་བཟུང་།།
ངས་ནི་སྣང་གསལ་སྦར་རྒྱུ་བརྗེད་ཚར་འདུག །
སྙིང་གི་འཕར་ལྡིང་བཀག་ནས་སྡོད་པའི་དུས།།
གང་དུའང་འགྲོ་སྐྱོད་བྱེད་རྒྱུ་ངས་བརྗེད་འདུག །
ད་ཆ་མིག་གིས་བརྟོལ་བའི་ཡོལ་ངོས་སུ།།
རོལ་རྩེད་ཉམས་ལྡན་བཞིན་རས་དེ་རང་མཐོང་།།
Mere saamne………
ང་ཡི་མདུན་དུ་ཡོད་པའི་སྒེའུ་ཁུང་ན།།
ཟླ་བའི་ཆ་ཤས་གཅིག་གིས་གནས་བཅས་འདུག །
Barasaat bhi aakar chali gayi/
Baadal bhi garaj kar baras gaye/
Par uski ek jhalak ko hum/
Aye husn ke maalik taras Gaye/
Kab pyaas bujhegi aankhon ki/
Din raat ye dukhdaa rehta hain/
སྦྲང་ཆར་བབས་ནས་ཆར་ཐག་ཆོད་ཟིན་སོང་།།
སྤྲིན་གསེང་འབྲུག་སྐད་བསྒྲགས་ནས་ཐལ་ཚར་སོང་།།
འོན་ཀྱང་མཛེས་སྡུག་ལང་ཚོའི་བདག་ཉིད་ཅན།།
དེ་ནི་ཡུད་ཙམ་མཐོང་འདོད་ཆེ་རུ་སོང་།།
མིག་གི་སྐོམ་པ་ག་དུས་སེལ་སྙམ་པའི།།
ཉིན་མཚན་ལྟོས་མེད་ཟུག་རྔུ་ཡོང་བཞིན་འདུག །
Mere saamne…………..
ང་ཡི་མདུན་དུ་ཡོད་པའི་སྒེའུ་ཁུང་ན།།
ཟླ་བའི་ཆ་ཤས་གཅིག་གིས་གནས་བཅས་འདུག །
མཆན། འདི་ནི་རིང་འདྲིས་གྲོགས་མཆོག་དགེ་འདུན་རབ་གསལ་ལགས་ཀྱིས་བསྐུལ་ངོར་པད་མ་ཚེ་དབང་ཤཱསྟྲིས་བསྒྱུར་པའོ།།