པདྨ་ཚེ་དབང་ཤཱསྟྲིས་༢༠༡༩ ཟླ་༤ ཚེས་༡༡ ལ།
Tum ko dekha to ye khayaal aaya
Zindagi dhoop tum ghana saaya
ཁྱོད་ཉིད་མཐོང་བས་བློ་ལ་འདི་ལྟར་འཁོར།།
མི་ཚེ་ཚ་གདུང་ཁྱོད་ནི་གྲིབ་བསིལ་སྣུམ།།
Aaj phir dil ne ek tamanna ki
Aaj phir dil ko humne samjhaaya
Zindaji dhoop tum ghana saaya
Tum ko dekha to ye khayaal aaya
ད་རིང་ཡང་སྐྱར་བློ་ལ་འདོད་འདུན་སྐྱེས།།
ད་རིང་ཡང་སྐྱར་བློ་ལ་སློབ་གསོ་བརྒྱབས།།
མི་ཚེ་ཚ་གདུང་ཁྱོད་ནི་གྲིབ་བསིལ་སྣུམ།།
ཁྱོད་ཉིད་མཐོང་བས་བློ་ལ་འདི་ལྟར་འཁོར།།
Tum chale jaaoge to sochenge
Humne kya khoya humne kya paaya
Zindagi dhoop tum ghana saaya
Tum ko dekha to ye khayaal aaya
ཁྱོད་ཉིད་ཕྱིན་ན་ང་ལ་བསམ་རྒྱུ་ནི།།
ང་ཡིས་ཅི་ཞིག་ཐོབ་ནས་ཅི་ཞིག་བརླག།།
མི་ཚེ་ཚ་གདུང་ཁྱོད་ནི་གྲིབ་བསིལ་སྣུམ།།
ཁྱོད་ཉིད་མཐོང་བས་བློ་ལ་འདི་ལྟར་འཁོར།།
Hum jise gunguna nahin sakte
Waqt ne aisa geet kyun gaaya
Zindagi dhoop tum ghana saaya
Tum ko dekha to ye khayaal aaya
ང་ཡིས་མངོན་གསལ་གྱེར་དུ་མི་ཆོག་པའི།།
གླུ་འདི་དུས་ཀྱིས་ཅི་ཕྱིར་བླངས་པ་རེད།།
མི་ཚེ་ཚ་གདུང་ཁྱོད་ནི་གྲིབ་བསིལ་སྣུམ།།
ཁྱོད་ཉིད་མཐོང་བས་བློ་ལ་འདི་ལྟར་འཁོར།།
པདྨ་ཚེ་དབང་ཤཱསྟྲིས་འགྲིག་སོང་།