པདྨ་ཚེ་དབང་ཤཱསྟྲིས།
Phool tumhe bheja hai khat mein
Phool nahi mera dil hai
Priytam mere tum bhi likhna
Kya ye tumhare kabil hai
འཕྲིན་ནང་ཁྱོད་ལ་མེ་ཏོག་བསྐུར་ཡོད་།།
མེ་ཏོག་མ་རེད་ང་ཡི་བློ་སྙིང་།།
སྙིང་གྲོགས་ཁྱོད་ཀྱང་ཡི་གེ་འདི་ལྟར།།
ང་ལ་འབྲི་རྒྱུའི་ནུས་པ་ཨེ་འདུག།
Pyar chipa hai khat me itna
Jitne saagar mein moti
Chum hi leta haath tumhara
Paas jo tum mere hoti
མཚོ་ནང་མུ་ཏིག་ཇི་ཙམ་གནས་པ།།
དེ་བཞིན་འཕྲིན་ནང་བརྩེ་བར་གཏིམས་ཡོད།།
གལ་ཏེ་ཁྱོད་ནི་འགྲམ་ལ་ཡོད་ན།།
ཁྱོད་ཀྱི་ལག་པར་འོ་ཞིག་བྱས་ཆོག །
Phool tumhe bheja hai khat mein
འཕྲིན་ནང་ཁྱོད་ལ་མེ་ཏོག་བསྐུར་ཡོད་།།
Neend tuhhe to aati hogi
Kya dekha tummne sapna
Aankh khuli toh tanhai thi
Sapna ho na saka apna
ཁྱོད་ཀྱིས་གཉིད་ནི་ཁུག་གི་ཡོད་འགྲོ།།
ཁྱོད་ལ་རྨི་ལམ་ཅི་ཞིག་བཏང་བྱུང་།།
གཉིད་ལས་སད་སྐབས་ཁེར་རྐྱང་ལུས་གདའ།།
ང་ཡི་རྨི་ལམ་དོན་གྲུབ་མ་བྱུང་།།
Tanhai hum dur karege
Le aao tum shahnai
Preet bada kar bhul na jana
Preet tumhi ne sikhlayi
ཁེར་རྐྱང་གནས་བབ་རིང་དུ་བོར་ཆོག
ཁྱོད་ཀྱིས་རྒྱ་གླིང་འཁྱེར་ནས་ཤོག་དང་།།
བརྩེ་དུང་སྤེལ་ནས་བརྗེད་པ་མ་གནང་།།
བརྩེ་དུང་བྱེད་སྟངས་ཁྱོད་ཀྱིས་བསླབས་བྱུང་།།
Phool tumhe bheja hai khat mein
Phool nahi mera dil hai
འཕྲིན་ནང་ཁྱོད་ལ་མེ་ཏོག་བསྐུར་ཡོད།།
མེ་ཏོག་མ་རེད་ང་ཡི་བློ་སྙིང་།།
Khat se ji bharta hi nahi
Aab nain mile toh chain mile
Chand hamare angna utre
Koi toh aisi rain mile
འཕྲིན་གྱིས་སྙིང་ལ་ཚིམས་པ་མི་སྟེར།།
ངོ་འཕྲད་བྱུང་ན་ཞི་བདེ་ཡོང་བ།།
ཟླ་བ་ང་ཚོའི་སྒོ་རར་བབས་པའི།།
དུས་ར་དེ་འདྲ་ཡོང་གི་ཡོད་འགྲོ།།
Milna ho toh kaise mile hum
Milne ki surat likh do
Nain bichaye baithe hai hum
Kab aaoge khat likh do
ཐུག་འཕྲད་བྱས་ན་ཇི་ལྟར་བྱེད་དགོས།།
ཐུག་འཕྲད་བྱེད་སྟངས་དངོས་སུ་ཤོད་དང་།།
ང་ནི་ཁྱོད་ལ་སྒུག་ནས་བསྡད་ཡོད།།
ག་དུས་ཡོང་མིན་འཕྲིན་ཞིག་བྲིས་དང་།།
Phool tumhe bheja hai khat mein
Phool nahi mera dil hai
འཕྲིན་ནང་ཁྱོད་ལ་མེ་ཏོག་བསྐུར་ཡོད།།
མེ་ཏོག་མ་རེད་ང་ཡི་བློ་སྙིང་།།
པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༦ ཚེས་༡༨ ཉིན།