ཨཱ་ཨཱ་ཨ་ཨཱ།
ཝེ་ང་ཡི་ལུང་པའི་མི་མང་ཚོ།
འབོད་སྒྲ་སྐད་ཤུགས་ཆེ་ཙམ་སྒྲོགས།
འདི་ང་ཚོའི་ཤིས་པའི་ཉི་མ་རེད།
མདོག་གསུམ་ཅན་གྱི་རྒྱལ་དར་གནམ་ལ་འཆོར།
ས་མཚམས་སུ་ཡོད་མཁན་མ་བརྗེད་ཨང་།
དཔའ་བོས་རང་སྲོག་དོར་ནས་གདའ།
ཁོང་ཚོའང་དྲན་ལམ་འཇོག་གནང་མཛོད།
རང་ཁྱིམ་དུ་ཕྱིར་ལོགས་མ་ཐུབ་ཚོ།
ཝེ་ང་ཡི་ལུང་པའི་མི་མང་ཚོ།
མིག་ནང་དུ་འཆི་མ་འཁོར་བར་གྱིས།
རྒྱལ་ཁབ་ཆེད་རང་སྲོག་དོར་བ་ཚོའི།
བློས་གཏོང་དག་མ་བརྗེད་དྲན་པར་གྱིས།
ཁྱེད་ཚོས་ཁོང་རྣམ་མི་བརྗེད་པའི།
ཆེད་དུ་གཏམ་རྒྱུད་འདི་ལ་ཉོན།
ཧི་མ་ལ་ཡ་རྨས་པའི་དུས་སྐབས་འདིར།
རང་དབང་ལ་ཉེན་ཁ་སླེབས་དུས་འདིར།
སྲོག་མ་ཤོར་བར་དུ་ཁོང་ཚོས་འཛིངས།
རང་ཉིད་ཀྱི་ཕུང་པོ་ས་ལ་བཀྲམས།
རྩེ་གྲི་ལ་དཔྲལ་བ་གཏུགས་བྱས་ཏེ།
འཆི་མེད་ཀྱི་དཔའ་བོ་གཉིད་དུ་ཡུར།
རྒྱལ་ཁབ་ཆེད་རང་སྲོག་དོར་བ་ཚོའི།
བློས་གཏོང་དག་མ་བརྗེད་དྲན་པར་གྱིས།
ཕ་ཡུལ་དུ་དྷི་ཝཱ་ལི་སྲུང་བའི་སྐབས།
ཁོང་ཚོ་ནི་ཧོ་ལི་རྩེད་བཞིན་མཆིས།
ང་ཚོ་ནི་ཁྱིམ་ནང་ལྷོད་སྡོད་སྐབས།
ཁོང་ཚོ་ནི་མདེའུས་བཅོམ་བཞིན་གནས།
ང་ཚོ་ཡི་དམག་མི་དྲིན་ཅན་གྱི།
དཔའ་བོ་དར་མ་དེ་ཚོ་བཀའ་དྲིན་ཆེ།
རྒྱལ་ཁབ་ཆེད་རང་སྲོག་དོར་ཚོའི།
བློས་གཏོང་དག་མ་བརྗེད་དྲན་པར་གྱིས།
འགའ་ཞིག་སིཁ་དང་ཇཱཊ་མ་རཱ་ཋ།
འགའ་ཞིག་གོར་ཥ་འགའ་ཞིག་མདརཱསི།
གཡུལ་ངོ་ལ་རང་སྲོག་དོར་མཁན་གྱི།
དཔའ་བོ་དག་བྷ་རཏའི་ཡུལ་མི་རེད།
རི་མགོ་རུ་ཁྲག་རྒྱུན་ཟག་པ་ཡི།
ཁྲག་དེ་ཧིན་དུའི་ཡུལ་མིའི་རེད།
རྒྱལ་ཁབ་ཆེད་རང་སྲོག་དོར་བ་ཚོའི།
བློས་གཏོང་དག་མ་བརྗེད་དྲན་པར་གྱིས།
གཟུགས་པོ་ཁྲག་གིས་ཁྱབ་གྱུར་ཀྱང་།
ད་དུང་མེ་མདའ་ཡར་སྐྱག་སྟེ།
གཅིག་གིས་བཅུ་ཕྲག་སྲོག་རྩ་ཕྲོག
དེ་ནས་དྲན་པ་འཐོར་ཏེ་འགྱེལ།
ཚེ་ཡི་འདུ་བྱེད་སྟོངས་ཁ་དེར།
ད་ཕྱི་མའི་ལམ་དུ་འགྲོ་གིན་ཟེར།
བརྩེ་བའི་ཡུལ་མི་སྐྱིད་ཤོག་ཟེར།
ད་ང་ནི་ཕྱི་མར་འགྲུལ་བྱེད་ཟེར།
རྒྱལ་ཞེན་གྱིས་མྱོས་པའི་དཔལ་ཐུལ་ཚོ།
ཅི་འདྲའི་སྤོབས་ཉམས་ཆེ་བ་ལ།
རྒྱལ་ཁབ་ཆེད་རང་སྲོག་དོར་བ་ཚོའི།
བློས་གཏོང་དག་མ་བརྗེད་དྲན་པར་གྱིས།
ཁྱོད་ཚོས་ཁོང་རྣམས་དྲན་པར་གྱིས།
དེ་ཕྱིར་གཏམ་རྒྱུད་འདི་བཤད་པ་ཡིན།
རྒྱལ་ཁབ་ཆེད་རང་སྲོག་དོར་བ་ཚོའི།
བློས་གཏོང་དག་མ་བརྗེད་དྲན་པར་གྱིས།
ཧིཎྜ་རྒྱལ་གྱུར་ཅིག ཧིཎྜ་རྒྱལ་གྱུར་ཅིག ཧིཎྜ་གྱི་དཔུང་དམག་རྒྱལ་གྱུར་ཅིག
ཧིཎྜ་རྒྱལ་གྱུར་ཅིག ཧིཎྜ་རྒྱལ་གྱུར་ཅིག ཧིཎྜ་རྒྱལ་གྱུར་ཅིག
པདྨ་ཚེ་དབང་ཤཱསྟྲིས་༢༠༢༢ ཟླ་༢ ཚེས་༡༠ ཉིན་འཕགས་ཡུལ་གྱི་གྲགས་ཅན་གཞས་མ་ལ་ཏ་མངྐེཤ་ཀཱར་སྐུ་ཚེའི་ཕན་པ་རྫོགས་པའི་མྱ་ངན་གུས་བཏུད་མཚོན་ཕྱིར་བསྒྱུར།
མཁས་དབང་པད་ཚེ་ལགས་ཧ་ཅང་སྙན་པོ་འདུག་བཀའ་དྲིན་ཆེ།