ཐེ་བོ་སངས་རྒྱས།
༡ བ་ལང་གི་ཤ་ཟ་བའམ་རྡུང་རྡེག་རིགས་ལ་འཛེམ་དགོས། ཧིན་ངྷིའི་ཆོས་ལུགས་ལས་བ་ལང་དག་ལྷ་ལ་བཀུར་བས་སོ།།
༢ གང་སར་ཆང་རག་བཏུང་བའམ་ཐ་མག་འཐེན་ན་ཉེས་ཆད་ཕོག་ངེས། སྐྱུར་དད་ཅན་ཚོས་ཆང་ཕོར་ཚགས་པར་གྱིས་བཏུམས་ནས་ལྐོག་ལྐོག་སུད་སུད་ཀྱིས་འཐུང་བར་བྱེད།
༣ རྒྱ་གར་གྱི་བུད་མེད་རྣམས་ལ་ཕྱག་འཇུ་གཏོང་མི་རུང་ལ། མེ་འཁོར་དང་། སྤྱི་སྤྱོད་རླངས་འཁོར་སོགས་སུ་བུད་མེད་སྡོད་སར་གང་བྱུང་དུ་བསྡད་མི་ཆོག
༤ ཁྱོད་ཀྱི་རྐང་པ་མི་གཞན་པ་སུ་ལའང་ཁེལ་མི་རུང་། རྐང་པ་ནི་ལུས་ཀྱི་ཆ་ཤས་དམའ་ཤོས་སུ་སོང་བས་ཁོ་པ་ཅག་ལ་མ་གུས་པར་བརྩི། དེར་བརྟེན་ལྷ་ཁང་ནང་ལྷམ་ཕུད་ནས་འགྲོ་བ་དང་། སཱིག་གི་ལྷ་ཁང་དག་ཏུ་མགོ་བོ་རས་ཀྱིས་བཏུམས་ནས་འགྲོ་དགོས།
༥ ཆུ་རས་མ་གྱོན་པར་ཁྲུས་རྫིང་ནང་ཁྲུས་བྱ་མི་རུང་ལ། འདག་ཆལ་ལ་སོགས་པ་བེད་སྤྱོད་གཏོང་མི་ཉན།
༦ རྒྱ་གར་བ་རྣམས་ཀྱིས་ལས་དོན་དུས་ཐོག་ཏུ་བསྒྲུབ་པ་ནི་སྲིད་མཐའ་ཙམ་ཡིན། ཁ་ནས་སྐར་མ་ལྔའི་ནང་ཚུན་དུ་འགྲུབ་རབས་སོགས་བཤད་མོད་ཡིད་ཆེས་མི་རུང་།
༧ ཁྱོད་ས་ཆ་གསར་པ་ཞིག་ཏུ་སླེབས་ན། ཆ་མེད་རྒྱུས་མེད་དག་འཚང་ཁ་བརྒྱབ་ནས་ཁྱོད་ལ་མགྲོན་ཁང་ཨེ་དགོས། ཁྱོད་གང་ནས་ཡིན། གང་དུ་འགྲོ། བྱ་བ་ཅི་ཡོད་ལྟ་བུ་འདྲི་བ་ནི་རྒྱུན་ལྡན་ཡིན་པས་འཚབ་ཤ་ལངས་མི་རུང་།
༨ གླ་འཁོར་གྱི་གོང་ཚད་ཡག་པོ་མ་གཏམ་ན་ཁྱོད་ཀྱི་མགོ་རྡུང་ཞིང་། ཐ་ན་གླ་ཆ་བབས་རྗེས་བྲོས་འགྲོ་བའང་སྲིད། དེ་བཞིན་ཟས་རིན་མ་དྲིས་པར་བཟའ་བཏུང་མི་བྱའོ།།
༩ བཟའ་བཏུང་ཕལ་མོ་ཆེ་མངར་ཤས་ཆེ་བའམ། ཁ་ཚ་བ། སྐྱུར་དྲགས་པ། ཚོན་རྩི་བྱུགས་པ་ལྟ་བུར་སོང་། རང་རེ་བོད་རྒན་དག་ལ་འཚམ་པ་རག་དཀའ།
༡༠ ལག་པ་གཡས་པས་ཁ་ཟས་བཟའ་དགོས་པ་ལས། ལག་པ་གཡོན་པས་ཟོས་ན་འཕྱ་བར་བྱེད། (གསང་སྤྱོད་ནང་གཙང་ཤོག་བེད་སྤྱོད་གཏོང་སྲོལ་མེད།)
ཡག་པོ་འདུག ཅུང་ཕྱི་དྲགས་སོང་། ལོ་བཅུའི་གོང་ལ་འདི་འདྲ་ཞིག་ཡོད་ན་ལེགས། བོད་ཀྱི་གསར་འབྱོར་བ་རྣམས་ལ་ཕན་ངེས།
རྒྱ་གར་ནང་ཚར་ལོངས་བྱུང་བའི་བོད་པ་རྣམས་ལ་སློབ་གསོ་ཡག་པོ་མེད་རྐྱེན། མི་བྲལ་ནས་འབུད་པ་ལྟ་བུའི་མི་རིགས་ཉམས་ཐག་གཅིག་ལ་སོང་ཟིན་འདུག ཁོང་ཚོ་རྒྱ་གར་ལ་སྐྱེས། དེ་གར་ད་ལྟ་གསར་འབྱོར་བ་རྣམས་ཀྱིས་སྐྱོང་དགོས་ཀྱི་འདུག གདན་ས་ཁག་གི་འགན་འཁུར་བ་ཚང་མ་གསར་འབྱོར་བ་རེད། དགའ་ལྡན་ཕོ་བྲང་གི་གནད་ཡོད་མང་ཆེ་བ་གསར་འབྱོར་བ་རེད། སྨན་རྩིས་ཁང་གི་ད་ལྟའི་སྨན་པ་མང་ཆེ་བ་གསར་འབྱོར་བ་རེད། གསར་ཤོག་ཚང་མའི་རྩོམ་སྒྲིག་པ་གསར་འབྱོར་བ་རེད། བོད་དབྱིན་ཧིན་གསུམ་གྱི་ལོ་ཙ་བ་མང་ཆེ་བ་གསར་འབྱོར་བ་རེད། ད་རྒྱ་གར་ལ་འཚོ་བ་ཇི་ལྟར་སྐྱེལ་དགོས་པའི་སློབ་གསོ་གསར་འབྱོར་བས་སྤྲོད་དགོས་ཀྱི་འདུག ད་རྙིང་འབྱོར་བའི་མི་འདི་དག་ལ་གང་བྱས་པ་རས། ངོ་མ་གཅིག་འགྲིག་གི་མི་འདུག
རྒྱ་གར་་ནང་འགྲོ་ལུགས་སྡོད་སྟངས་ཟས་ལས་སྤྱོད་གསུམ་ཐོག་
ལམ་སྟོན་ཡག་པོ་གནང་འདུག་པ་བོད་ནས་གསར་དུ་འབྱོར་
མཁན་ཚོར་ཕན་ཐོག་ཡོང་རྒྱུ་ལས་སྔོན་འབྱོར་ཚོའི་ལག་ལེན་
ལྟར་མིན་མི་སོ་སོར་རག་ལས་པ་ལས་རྒྱ་གར་ཡུལ་མིའི་སྒོམ་
བཤིས་ཆ་ཚང་ཤེས་བཞིན་པ་བཅས་ཐུགས་རྗེ་ཆེ་བཀྲིན་ཆེ།
འདི་ནི་གནས་སྐོར་ལམ་ཡིག་ཁག་ཏུ་མི་གསལ་བའི་གནད་དོན་འགའ་ཡིན་པས། བོད་ནས་གསར་དུ་འབྱོར་བ་དག་ལ་ཕན་ཡང་སྲིད།
སྟོན་ཀ་ཡག་པོ་མི་འདུག མི་འདིས་སྐད་ཆ་མ་གཟབ་ནས་བཤད་གི་གདའ འདི་ལྟར་བཤད་ན་གཞན་ལ་ཕོག་འགྲོ་གི་རེད། རང་ཁམས་ཀློང་རོ་སྦྱོར་ཡིན་ས་རེད།
བཀའ་འདྲི་ཞུས་ཡག་ལ། དྲ་རྒྱའི་སྟེང་ནས་་་བོད་ཀྱི་དུས་བབ་དང་། བང་ཆེན་སོགས་ལྟ་ཀློག་བྱེད་ཐུབ་ཀྱིས་འདུག་་འོན་ཀྱང་༼་བོད་ཀྱི་དེ་ཕོ་༽ གསར་འགྱུར་ལྟ་ཀློག་བགྱིས་ནའང་་་གནས་ཚུལ་གསར་པ་བཀོད་མི་འདུག་་ཡང་ན་ང་ཡི་གློག་ཀླད་སྐྱོན་ཡིན་ནམ་་ཡང་ན་དེ་ལ་དེབ་སྐྱེལ་དགོས་ཡོད་ན་་་གང་ཡུན་ནམ་གསུངས་གནང་རོག་བཀྲིན་ཆེ།