ཅོག་མྱི།
དེ་རིང་ཁོ་བོས་སྐུ་ཞབས་ཐུབ་བསྟན་སྦྱིན་པའི་ཐོས་དྲ་༼Twitter༽ནས་རྒྱ་གར་གྱི་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་གནས་བབ་སྐོར་གྱི་ཆེད་རྩོམ་ཞིག་བཀླགས་པ་ཡིན། རང་ཉིད་ལ་མཚོན་ན་རྒྱ་གར་ལ་འགྲོ་མ་མྱོང་མོད་དེ་ནི་བོད་ལ་དྲིན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་གདོན་མི་ཟ་བར་སྙམ་ཡོད། ཡིན་ནའང་འཛམ་གླིང་གི་རྒྱལ་ཁབ་སྔོན་ཐོན་ཅན་ནམ་འཕེལ་རྒྱས་ཅན་དེ་དག་གིས་རང་ཉིད་ཀྱི་རྒྱལ་ཁབ་སྐྱབས་བཅོལ་ལ་ཡོང་བའི་བཙན་བྱོལ་བར་སྤྲད་པའི་ཐོབ་ཐང་དང་བསྡུར་ན། རྒྱ་གར་ནི་ཁོང་ཚོས་ཁས་འཆའ་བ་ནང་བཞིན་གྱི་རྒྱལ་ཁབ་ངོ་མཚར་བྱམས་བརྩེ་ཅན་ཞིག་མིན་པ་ངས་རྟོགས་སོང་།
རྒྱལ་ཁབ་དེའི་གཤིས་རྒྱུད་དང་སྲོལ་རྒྱུན་གྱིས་ངེད་ཅག་གི་གནས་དེར་བཙན་བྱོལ་ལ་བྱིན་པའི་སྤུན་ཟླ་རྣམ་པར་རྒྱལ་ཁབ་སྤྱི་འབངས་ཤིག་གི་བརྩི་མཐོང་དང་ཐོབ་ཐང་མ་སྤྲད་པར་སྤྱི་ཚོགས་དེའི་དགུ་ཞབས་ཞིག་ན་བྲན་གཡོག་ནང་བཞིན་འཚོ་ཡོད།
རྒྱ་གར་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༼རྒྱལ་སྤྱིའི་བཙན་བྱོལ་བའི་སྤྱི་ཆིངས།༽ནང་དུ་ཞུགས་མེད་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན་ཕྱིན། སྤྱི་ཆིངས་དེའི་བཙན་བྱོལ་བའི་ཐོབ་ཐང་སྐོར་གྱི་བླ་ན་མེད་པའི་གཏན་འཁེལ་མང་བོ་ཞིག་རྒྱ་གར་གཞུང་བས་བརྩི་སྲུང་བྱེད་ཀྱིན་མེད། ང་ཚོས་གཤེད་མ་ནང་བཞིན་ལྟ་བའི་རྒྱ་ནག་དམར་གཞུང་དེ་ཡང་༼སྤྱི་ཆིངས།༽དེའི་ནང་དུ་༡༩༨༢ ལོར་ཞུགས་ཟིན། དེས་རྒྱ་ནག་གི་བཙན་བྱོལ་བ་ལ་རྒྱ་གར་གྱི་བཙན་བྱོལ་བ་ལས་ཡན་པའི་ཐོབ་ཐང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་དགའ་ཞེན་ཡོད་པའི་བཙན་བྱོལ་བ་རྒྱ་ནག་ལ་ཐོན་ན་རྒྱ་ནག་སྤྱི་འབངས་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་དེ་བསྟན་ཡོད། དེ་མིན་རྒྱ་གར་ལ་རིགས་དང་རུས་འདེད་པའི་གོམས་སྲོལ་བཤད་སྲོལ་མེད་པ་དེ་ད་ལྟ་བར་དུ་དར་ཤུགས་ཆེ་བའི་དབང་གིས། བཙན་བྱོལ་ལ་འབྱོར་བའི་ཡུལ་གྱེར་བ་ཞིག་ལ་རང་ཉིད་དང་འདྲ་མཉམ་གྱི་ཁྲིམས་ལུགས་ཀྱི་ཐོབ་ཐང་སྤྲོད་མི་སྲིད་པ་དེ་ནི་ཁྱིས་རུས་ཀོག་གཞན་ལ་སྤྲོད་མི་སྲིད་པ་ནང་བཞིན་ནོ།།
དེས་ན་ང་ཚོས་འདི་ལས་ཤེས་དགོས་པ་ཇི་ཞིག་ཡིན་ཅེ་ན། རྒྱ་གར་ནས་ཡུན་ནས་གཏན་ཏུ་འདུག་མི་ཉེན་པ་དེ་ཡིན། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་ལྟར་ན། འོ་སྐོལ་གྱི་བླ་ན་མེད་པའི་བཙན་བྱོལ་སྲིད་གཞུང་ཡང་རྒྱ་གར་ནས་རང་བཞིན་ནུས་མེད་དུ་གྱུར་ཟིན། དེ་ནི་རྩོད་མེད་ཀྱི་ཁྲིམས་ལུགས་ཤེས་བྱ་རེད། ང་ཚོར་ལུས་ཡོད་པ་ནི་སྒྲིག་འཛུགས་ཁོ་ན་དེ་ཡིན། དེ་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་སྲིད་གཞུང་ཞིག་ལ་ངོས་འཛིན་པའི་རྒྱུ་མཚན་དང་འབེབས་ས་རྩ་བ་ཉིད་ནས་མེད་པས། བཙན་བྱོལ་སྒྲིག་འཛུགས་ཀྱི་༼འོས་ཤོག་འཕེན་པ༽སོགས་སྲིད་གཞུང་ལྟར་སྣང་གི་བྱ་བྱེད་དེ་ནི་ཟློས་གར་ཙམ་ལས་མ་འདས་སོ།
ང་ཚོས་ངེས་པར་དུ་ང་ཚོའི་ཁྲིམས་ལུགས་གནས་བབ་ལ་ཤེས་རྟོགས་ཡོད་དགོས། ང་ཚོའི་རྒྱ་གར་ན་ལུས་ཡོད་པའི་སྤུན་ཟླ་རྣམས་ལ་གཞན་དྲིང་མི་འཇོག་པའི་བཙན་བྱོལ་བའི་ཐོབ་ཐང་ཞིག་དགོས་ན་ང་ཚོ་ངེས་པར་དུ་རྒྱལ་ཁབ་བྱམས་བརྩེ་སྔོན་ཐོན་ཅན་ཞིག་ལ་སྐྱབས་བཅོལ་བྱེད་དགོས་པའམ་རྒྱ་གར་བའི་ཁྲིམས་དང་གོམས་གཤིས་ལ་སྒྱུར་བ་གཏོང་དགོས།
༼མུ་འགོད།༽
བོད་པར།
རྒྱ་གར་འཕགས་པའི་ཡུལ།
བོད་མིའི་བཙན་བྱོལ་ཡུལ།
ཚ་བ་གད་སྙིགས་ཡུལ།
དྲིན་ཆེན་ཞི་བདེའི་ཡུལ།
སི་པེན་གྱི་ཁྲིམས་ཁང་ནི། རྒྱལ་ཚོགས་ལས་ནུས་པ་ཆེ་བ་མི་འདུག་གམ། ལགས།
་་་་་་་་་ The Madrid-based Supreme Court has ordered arrest of Prime Minister Benjamin Netanyahu, ex-foreign minister Avigdor Lieberman, ex-defense minister Ehud Barak, then-deputy PMs Moshe Ya’alon and Eli Yishai, and then-state minister Benny Begin. Israel’s ex-Navy Commander Eliezer Marom is among the co-defendants found guilty by the Spanish judge. ་་་་་་་་་་
གསར་འགྱུར།
http://www.yenisafak.com/en/world/spanish-court-issues-arrest-warrant-for-israeli-pm-netanyahu-2340611
Netanyahu ནེ་ཏན་ཡ་ཧུ་ཡིjབདུག་རྩུབ།
…….. Israeli Prime Minister Benjamin Netanyahu warned Sunday that France’s parliament would be making a “grave mistake” if it recognises a Palestinian state in a vote on December 2 ………..
http://www.businessinsider.com/afp-netanyahu-warns-of-grave-mistake-if-france-recognises-palestine-2014-11
ཕད་རི་སེའི་འཇིགས་སྐུལ་དོན་རྐྱེན་གྱི་གནས་ཚུལ་གནད་བསྡུས།
_འཇིགས་སྐུལ་པ་གཉིས་སྦེལ་ཇམ་རྒྱལ་སར་གནས་སྡོད་བྱེད་པའི་ཧྥ་རན་སིའི་མི་སེར་ཡིན་པ་དང།
_ཧྥ་རན་སིའི་མི་སེར་ཡིན་པའི་འཇིགས་སྐུལ་པའི་མིང་ལ་Omar Ismail Mostefai་ཟེར། ཁོ་ཧྥ་རན་སིའི་ནང་དུ་སྐྱེས་ཞིང་ཕ་མ་གཉིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ནཱ་ཇེ་རཱ་ཡིན་པ་དང་སྐྱབས་བཅོལ་ངོ་བོ་ཐོག་ནས་ཧྥ་རན་སི་མི་སེར་ཆགས་འདུག ཉེན་རྟོག་པས་ཁོ་རང་གི་ནང་མི་དང་གྲོགས་པ་འགའ་བཀག་ཉར་གྱིས་འདྲི་གཅོད་བྱེད་བཞིན་ཡོད་འདུག
_འཇིགས་སྐུལ་པས་བེད་སྤྱོད་བྱས་པའི་རླངས་འཁོར་གཅིག་ནང་Ak-47 མཚོན་ཆ་འགའ་ལག་གསོན་བྱུང་ཡོད་པ་དང་། འཇིགས་སྐུལ་པས་གྲོང་ཁྱེར་ནང་འཇིགས་སྐུལ་བྱས་རྗེས་རླངས་འཁོར་ནས་ས་གནས་བྲོས་པ་དེ་ནས་རླངས་འཁོར་བཞག་ཏེ་ས་གནས་གཞན་དུ་བྲོས་འདུག གང་ལྟར་ཉེན་རྟོག་པས་རླངས་འཁོར་དེའི་ནང་གི་འཇིགས་སྐུལ་པ་འགའ་བྲོས་ཡོད་ཚུལ་བརྗོད་འདུག
_ད་ལྟའི་ཆར་ཧྥ་རན་སིས་འཇིགས་སྐུལ་དོན་རྐྱེན་དང་འབྲེལ་བའི་མི་དྲུག་དང་སྦེལ་ཇམ་གྱིས་མི་བདུན་བཅས་འཛིན་བཟུང་བྱས་འདུག ཉེན་རྟོག་པས་འཇིགས་སྐུལ་དོན་རྐྱེན་ས་གནས་སུ་ཞིབ་འཇུག་བྱས་པའི་ཁྲོད་དུ་སི་རེ་ཡེའི་ཕྱི་སྐྱོད་ལག་འཁྱེར་གཅིག་དང་ཨི་ཇིབ་ཀྱི་ཕྱི་སྐྱོད་ལག་འཁྱེར་གཅིག ཌར་ཀེའི་ཕྱི་སྐྱོད་ལག་འཁྱེར་རྫུན་མ་གཉིས་རྙེད་འདུག
_ ཐེངས་འདིའི་འཇིགས་སྐུལ་པས་བེད་སྤྱོད་བཏང་བའི་འབར་རྫས་རྒྱལ་ཁབ་གཞན་དང་ས་ཐག་རིང་པོ་ནས་འཁྱེར་བ་ལ་ངོས་འཛིན་བྱེད་ཀྱི་མེད་པར་འབར་རྫས་ཀྱི་རྫས་དེ་རིགས་ཆེད་ལས་པས་སྲུང་སྐྱོབ་མེད་པར་ས་ཐག་རིང་པོ་འཁྱེར་འགྲོ་བར་དཀའ་ཁག་ཡོད་སྟབས། ཉེན་རྟོག་པས་འབར་རྫས་འདི་རྒྱལ་ས་ཕད་རེ་སིའི་རང་ནས་མཁོ་སྤྲོད་དང་བཟོ་སྒྲིག་བྱས་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག
_འཇིགས་སྐུལ་དོན་རྐྱེན་ཁྲོད་དུ། མི་ ༡༢༩ བསད་པ་དང་༢༥༣ རྨས་སྐྱོན། ༩༩ ལ་ཛ་དྲག་མྱུར་སྐྱོབ་བྱེད་ཀྱི་འདུག
_གཟའ་འཁོར་འདིའི་པ་སངས་ཉིན་ཡུ་རོབ་རྒྱལ་ཁབ་གྱི་མགོ་ཁྲིད་ཚོས་འཇིགས་སྐུལ་དོན་རྐྱེན་གནད་དོན་གཙོས་ཡུ་རོབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་ཚོགས་པར་ཇི་ལྟར་རྒོལ་ལན་ལོག་མིན་སྐོར་ལ་ཛ་དྲག་ཚོགས་འདུ་ཚོགས་འཆར་ཡོད་འདུག
མཆན། གུས་པས་ཁ་པར་ནང་དུ་གསར་འགོད་ཟིན་བྲིས་འདི་བྲིས་ཡོད་སྟབས།ཡིག་ནོར་བྱུང་ཡོད་ཚེ་དགོངས་དག་ཞུ
ཧ་ཅང་ཡག་སོང་། རྩོམ་ཡིག་འདི་བོད་ནང་ནས་སླེབས་པའི་ཆེད་མཁས་པས་བཙན་བྱོལ་གནས་སྟངས་ལ་འདི་ལྟར་ཞིབ་འཇུག་གིས་རྒྱུས་ལོན་བྱེད་པའི་འགོ་འཛུགས་ཡིན་པས། རིམ་པས་འཐུས་ཇེ་ཚང་དང་བོད་ནང་ལ་ངོ་འཕྲོད་པར་ཕན་ཐོགས་བླ་མེད་ཡོད་ངེས།