ཆབ་མདོ་ངག་ཕུན།
བདག་ཅན་སྟོན་པ་འཁྲུངས་ཡུལ་འཕགས་པའི་ལྗོངས།།
གཞན་གྱི་འོག་ནས་རང་དབང་བདེ་སྐྱིད་ཡོངས་སུ་ཐུབ།།
ལམ་བཟང་དམངས་གཙོའི་འཕགས་ཡུལ་བདེ་སྐྱིད་འོད་སྣང་འབར།།
འཕགས་ཡུལ་འགོ་དམངས་དགའ་བའི་འཛུམ་རླབས་དགུང་ལ་འཕྱུར།།
ཆབ་དཔལ་རིག་གསུམ་མངའ་ཐང་རིམ་པར་དགུང་ལ་འཕེལ།།
འཚེ་མེད་ཞི་བའི་ལྟ་གྲུབ་འབྱུང་སའི་གནས་ཀྱི་མཆོག།
གྲུབ་མཐའ་རིས་མེད་ཞི་བར་གནས་ཤིང་བག་ཕེབས་འཚོ།།
དགའ་སྐྱིད་དུས་བཟང་ཤར་ཞིང་མུན་པ་ཕར་མཐའ་བྲོས།།
སྐལ་བཟང་ཉིན་འདིར་ལྷག་བསམ་དར་ཆེན་དཀར་པོར་སྒྲོན།།
གཏན་དུ་བདེ་སྐྱིད་འོད་སྣང་འབར་བའི་འཚམས་འདྲི་ཞུ།།
དམག་གིས་རུ་དར་སྒྲིག་ཅིང་བརྗིད་ཉམས་རབ་ཏུ་ལྡན།།
དེང་རབས་འཕྲུལ་ཆས་ངོ་མཚར་ཆེ་ལ་དོན་སྙིང་ལྡན།།
སྟོབས་འབྱོར་མངའ་ཐང་ངོམས་ཤིང་བརྗིད་ཉམས་ཡོངས་སུ་སྟོན།།
དེ་དག་མཐོང་དུས་ཡིད་སེམས་དབང་མེད་ཡོངས་སུ་འཕྲོག།།
ལུང་པོ་སོ་སོའི་གནའ་བོ་གོམས་སྲོལ་གསོན་ཉམས་ལྡན།།
དགའ་སྤྲོའི་བྲོ་གར་ཁྲབ་བཞིན་གུས་འདུད་བྱེད་བཞིན་རྒྱུ།།
མི་དམངས་བརྒྱ་ཕྲག་དུ་མའི་དགའ་བའི་འཛུམ་རླབས་འཕྱུར།།
ནམ་མཁའི་ལྷ་མོ་དགའ་སྤྲོ་རབ་ཏུ་ལྡན་པའི་བསུ་བར་ཕེབས།།
ས་གཞི་ཐལ་རྡུལ་མེད་པའི་མེ་ཏོག་སིམ་སིམ་བབས།།
གྲོང་ཁྱེར་ཡོངས་རྫོགས་སྨུག་པོ་ལང་ལོང་དགུང་ལ་འཕྱུར།།
སྔོན་མེད་གྲོང་ཁྱེར་གཟི་ཉམས་རྣམ་པར་གོང་དུ་འཕག།།
རྒྱ་གར་སྲིད་འཛིན་ཕུག་འདུན་མཁྱེན་རབ་རྣམ་དཔྱོད་དང་།།
ཆེ་འདོད་མེད་ཅིང་མི་དམངས་བདེ་འདོད་ཁོ་ནར་བརྩོན།།
སྟོབས་ཆེན་ཨ་རིའི་སྲིད་འཛིན་ཡིན་ཡང་ཡིད་དབང་འཕྲོག།།
གངས་ལྗོངས་ཞིང་ལ་དམར་པོས་དུག་གིས་མེ་ལྕེ་འབར།།
གངས་རི་དཀར་པོ་སྟོད་སྨད་ཡོངས་རྫོགས་ཁྲག་དམར་བསྒྱུར།།
གངས་ཕྲུག་སྡོད་བློ་མ་བཟོད་འཕགས་པའི་ཡུལ་ལ་བསྙེགས།།
བརྩེ་བའི་གནས་ཚང་གཡར་ཞིང་བཀའ་དྲིན་བླ་མེད་བསྐྱངས།།
གངས་ལྗོངས་ལྷ་མིའི་མགོན་༸སྐྱབས་ཏཱ་ལའི་བླ་མ་མཆོག།།
སྐུ་མགྲོན་གཙོ་བོ་འཛིན་ཞིང་བླ་མེད་གོང་དུ་བཀུར།།
ག་ཕེབས་རང་དབང་ཕེབས་ཤིང་སྨྲ་བརྗོད་བཀག་འགོག་མེད།།
བཀའ་དྲིན་ཆེན་པོའི་སྐུ་ཡི་སྲུང་བྱ་ལ་སོགས་མཚོན།།
འཐུས་ཤོར་ཕྲ་མོ་མེད་པར་ཉིན་མཚན་དུས་དྲུག་སྲུང་།།
བཀའ་དྲིན་ཆེ་འོ་འཕགས་ཡུལ་མི་དམངས་ཐམས་ཅད་ལ།།
བཀའ་དྲིན་རྗེས་དྲན་སྙིང་ནས་ཡང་ཡང་གུས་འདུད་ཞུ།།
གངས་ལྗོངས་ན་གཞོན་བུང་བ་བརྒྱ་ཕྲག་དུ་མ་ལ།།
གནའ་དེང་ཤེས་ཡོན་སྦྱོང་ཆེད་འགྲོ་གྲོན་བླ་མེད་གནང་།།
གཞིས་ཆགས་ཁག་དང་དགོན་སྡེ་གྲྭ་ཚང་ལ་སོགས་ལ།།
མཐུན་འགྱུར་བླ་མེད་བཀའ་དྲིན་བརྩེ་བའི་རིམ་པ་བསྐྱངས།།
གང་འགྲོ་གང་སྡོད་ཡུལ་མི་གཅིག་མཚུངས་རང་དབང་གནང་།།
འཕགས་ཡུལ་འགོ་དམངས་ཡོངས་ལ་བཀའ་དྲིན་སྙིང་ནས་ཞུ།།
ཞེས་པ་འདི་ནི་བཀའ་དྲིན་བླ་མེད་དུ་ཆེ་བའི་འཕགས་ཡུལ་འགོ་དམངས་ཡོངས་ལ་དམངས་གཙོའི་དུས་ཆེན་དབུ་བརྙེས་པའི་ཉིན་མོ་འདིར་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་ཆབ་མདོ་ངག་ཕུན་གྱིས་ཟླ་ ༡ ཚེས་ ༢༦ ཉིན་མོར་འཇུག་རྫོགས་པར་བྱས་པའོ།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་།
ནོརབཅོས་ཞུ་དགོས་པ་དམངས་གཙོ་མ་རེད།
མང་གཙོ་རེད་Democracy) མང་གཙོ་།
དམངས་གཙོ་(.Proletarian) དེ་གཉིས་མ་ནོར་བ་་གལ་ཆེ།
རྒྱ་གར་མང་གཙོའི་རྒྱལ་ཁབ་རེད་།
རྒྱ་ནག་དམངས་གཙོའི་རྒྱལ་ཁབ་རེད་།
ཧ་ཧ་དེ་གཉིས་ནམ་ཡང་ནོར་མི་ཉན་་ནོ་།
བོད་པར།
རྒྱ་གར་སྟོན་པ་འཁྲུངས་ཡུལ་རེད། །
རྒྱ་གར་བོད་པའི་དགེ་རྒན་རེད། །
རྒྱ་གར་བཙན་བྱོལ་སྡོད་ས་རེད། །
རྒྱ་གར་ཕ་ཡུལ་གཉིས་པ་རེད། །
རྒྱ་གར་པར།
རྒྱ་གར་རྒྱ་གར་པ་ཡི་ཡུལ། །
རྒྱ་གར་རང་དབང་ཆེ་བའི་ཡུལ། །
རྒྱ་གར་ཆོས་ལུགས་རིས་མེད་ཡུལ། །
རྒྱ་གར་མང་གཙོ་རྒྱལ་ཁབ་ཡུལ། །
འཚེ་མེད་ཞི་བའི་ལྟ་གྲུབ་འབྱུང་སའི་གནས་མཆོག་ཐོག་མ་ནི།
ང་ཚོའི་བོད་ཀྱི་རྒྱལ་ཁབ་དམུ་ཐག་དཀར་པོའི་ཞིང་ཁམས་ཡིན
ཁྲི་བདུན་འཚེ་མེད་ཞི་བའི་གཡུང་དྲུང་རྒྱལ་དར་གུང་ལ་འཕྱར།
གཡེམ་རྒྱུག་ཁ་བ་ཅན་པས་ད་དུང་མ་ཚོར་སེམས་འདི་སྐྱོ། །
ང་ཡི་བསྟན་པའི་སྙིང་པོ་དག །
བྱང་ནས་བྱང་དུ་བོད་ལ་དར། །
གསུངས་མཛད་བླ་ན་མེད་པ་ཁྱོད། །
འཁྲུངས་ཡུལ་རྒྱ་གར་མང་གཙོའི་ཡུལ། །
རྒྱ་གར་མང་གཙོ།
གའུ་ཏམ་ཁྱོད་ཀྱིས་མང་གཙོ་གསུངས། །
དགེ་འདུན་དུམ་ཕྱིར་མང་གཙོ་གསུངས། །
ཚུལ་འཆལ་དབྱུང་ཕྱིར་མང་གཙོ་གསུངས། །
འདུལ་བསྟན་བསྲུང་ཕྱིར་མང་གཙོ་གསུངས། །
མང་གཙོའི་ཁྲིམས་བཅས།
མང་གཙོ་གཞིར་བཅས་འདུལ་ཁྲིམས་བཅས། །
མང་གཙོ་དར་ཕྱིར་འདུལ་ཁྲིམས་བཅས། །
མང་གཙོར་ཕན་ཕྱིར་བྱང་ཁྲིམས་བཅས། །
མང་གཙོར་དད་ཕྱིར་སྔགས་ཁྲིམས་བཅས། །
མང་གཙོ།
མང་གཙོ་ལས་ལྷག་གདུལ་ཁྲིམས་མེད། །
མང་གཙོ་ལས་ལྷག་ཆོས་ཁྲིམས་མེད། །
མང་གཙོ་ལས་ལྷག་རྒྱལ་ཁྲིམས་མེད། །
མང་གཙོ་ལས་ལྷག་ཁྲིམས་ཅིག་མེད། །
རྒྱ་གར་མང་གཙོ་དར་བར་ལྟར། །
བོད་ནང་མང་གཙོ་དར་བ་རེད། །
བལ་ཡུལ་མང་གཙོ་དར་འགྱུར་ནས། །
རྒྱ་ནགའང་མང་གཙོ་དར་བར་ཤོག །
ཤཀྱཱས་འདུལ་ཁྲིམས་བསྟན་པའི་ཁུངས་བཙན་ལོ་རྒྱུས་གང་ན་ཡོད།
སེར་གོས་གྱོན་པའི་དགེ་འདུན་སྡེ་ཚོགས་ཧིན་རྡུའི་ཆོས་ལའང་འདུག།
ཐུབ་པ་འཁྲུངས་ས་རྒྱ་གར་ཡིན་ནམ་བལ་པོའི་རྒྱལ་ཁབ་ཡིན།
འཁོར་བ་མེ་འོབ་བཞིན་དུ་སྤངས་ནས་མང་གཙོའི་ཅི་ཞིག་བྱ། །
བོད་ཀྱི་མི་མང་ལངས་གླུ། མགོ་སེར་ཚོས།
https://www.facebook.com/video.php?v=328662667239690&set=vb.100002878774675&type=2&theater
# 10 BONPO་ལགས།
བོན་པོ་བོན་ཆོས་བྱུས་གཏོགས་གྱིས། །
ནང་ཆོས་ནང་པས་འཛིན་བགྱིད་རེད། །
བོན་ཆོས་བོན་པོས་ཁུངས་འཚོལ་ཅིག །
ནང་ཆོས་ནང་པས་ཁུངས་དག་ཤེས། །
འོ་ལེགས་སོ། ཀརྡོ་གཉེར་ཕྱག་པ་ལགས། །
བོནཔོ་ཁྱེད་ཀྱི་དྲི་བར་ངས་ལན་ཚུལ་བཞིན་མ་བཏབ་པར། ངས་བྱུས་གཏོགས་ལབ་པར་
ང་ངོ་ཚ་བྱུང་བས།
ཤཀྱཱས་འདུལ་ཁྲིམས་བསྟན་པའི་ཁུངས་བཙན་ལོ་རྒྱུས་གང་ན་ཡོད།
སེར་གོས་གྱོན་པའི་དགེ་འདུན་སྡེ་ཚོགས་ཧིན་རྡུའི་ཆོས་ལའང་འདུག།
ཐུབ་པ་འཁྲུངས་ས་རྒྱ་གར་ཡིན་ནམ་བལ་པོའི་རྒྱལ་ཁབ་ཡིན།
འཁོར་བ་མེ་འོབ་བཞིན་དུ་སྤངས་ནས་མང་གཙོའི་ཅི་ཞིག་བྱ། །
ལན་དུ།
ཤཀྱཱས་འདུལ་ཁྲིམས་བསྟན་པའི་ཁུངས་ལ་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀློགས། །
སེར་གོས་གྱོན་པའི་དགེ་འདུན་སྡེ་ཚོགས་ཧིན་ཆོས་ཡོད་པ་བདེན་ན་ཡང་། །
མུ་སྟེགས་མགོ་རིལ་སྐྲ་ཕུད་གཅོད་པའི་ལུགས་སྲོལ་མེད་པ་ད་ལྟའང་མཐོང་། །
འཁྲུངས་ས་རྒྱ་གར་པ་ཡི་རྒྱལ་པོ་སྲས་གཙང་སྲས་ཞེས་རླུང་ལྟར་གྲགས། །
བལ་པོའི་ངོ་གདོང་ནི། རྒྱ་གར་དང་བོད་རིགས་འདྲེས་མ་འདྲ་བ་མི་འདུག་གམ། ལགས། ལ་དྭགས་པ་བོད་རིགས་ཡིན་ན་ཡང་ད་ལྟ་རྒྱ་གར་མི་སེར་ཆགས་པ་དང་འདྲ། དེ་བཞིན་ལུམྦིནི་ཡང་། སྔར་རྒྱ་གར་རྒྱལས་སྲས་ཀྱི་མངའ་འབངས་དར་ལ། ད་ལྟ་བལ་ཁུངས་སུ་ཆགས་པ་ལ་འཁྲུལ་ནས། གཞོན་ནུ་དོན་གྲུབ་བལ་པོ་རེད་ཅེས་མ་ལབ་ཨ། དེ་འདྲ་ལབ་ན། མི་ཚང་མས་ཁྱོད་ལ། གད་མོ་བགད་བགྱིད་རེད་དོ།། །།
འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ཞེས་བྱ་བར།
བཀའ་ཡི་དང་པོ་བདེན་བཞིའི་ཆོས་ཚན་བསྐོར་བའི་ནང་།
སྟོན་པས་འདུལ་ཁྲིམས་སྡོམ་པ་གནང་རབས་མ་གསལ་པས།
ཤཀྱཱས་འདུལ་ཁྲིམས་གནང་སའི་འཁོར་དེ་སུ་ཡིན་ནམ། །
སངས་རྒྱས་ཀྱིས། ཐོག་མར་འདིར་ཤོག ཅེས་པའི་ཚིག་ཙམ་གྱིས་རབ་ཏུ་འབྱུང་བར་མཛད་པ་དང་། དེ་ནས་ཤམ་ཐབས་ཟླུམ་པོ་གྱོན་པར་བྱའོ། ཞེས་སོགས་རིམ་པས་གླེང་གཞི་ནམ་བྱུང་ལ་འདུལ་ཁྲིམས་རིམ་བཞིན་བཅས་པར་མཛད་པ་འདྲ། ང་ནི་འདུལ་བ་དང་རྒྱལ་རབས་ཀློག་པར་དགའ་བོ་གཏན་ནས་མེད་པ་ཅིག་གིས་འདི་ལྷག་བཤད་ཡ་མེད་དོ། །ཆོས་གྲོགས་བོན་པོ་ལགས།