བོད་གཞུང་ཕྱི་དྲིལ་ལས་ཁུངས་དང་ལྡི་ལི་སྐུ་ཚབ་དོན་གཅོད། རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་བཅས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་བའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ། ཕྱི་ཚེས་༢༦ནས་༣༠བར་རྒྱ་གར་གཞུང་མང་ཡོངས་ལ་བོད་གཞིས་བྱེས་གཉིས་ནས་ཐུགས་རྗེའི་ལེགས་གསོལ་ཆེད། མི་ལོ་༥༠རིང་བོད་པ་སྐྱབས་བཅོལ་པ་ཚོས་སྐྱིད་སྡུག་གི་འཚོ་བ་རོལ་བའི་དྲན་གསོའི་འགྲེམས་སྟོན་མཛད་སྒོ་ཞིག་ཚོགས་ཡོད་པ་དེར་གུས་བ་བོད་ཀྱི་མི་སེར་དཀྱུས་མ་ཞིག་གི་ངོས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
མི་ལོ་ལྔ་བཅུའི་རིང་གི་བོད་མིའི་ཆོས་རིག་གི་བསྟི་གནས་དགོན་སྡེ་ཁག་དང་སློབ་གྲ་ཁག གཞན་གཞིས་ཆགས་ཁག ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་སོགས་ཕྱོགས་གང་ལ་བལྟས་་ན་ཡང་རྒྱ་གར་གཞུང་དམངས་གཉིས་ཀ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་ནི་སྨྲོས་མེད་རེད།
དེ་ཡང་ཞིབ་དུ་བསམ་ན། བཀའ་དྲིན་ཆེན་པོ་ཡིན་པ་ངོ་འཕྲོད་པའི་སྒོ་ནས་དྲིན་ཆེན་ལ་དྲིན་གཟོ་བྱེད་རྒྱུ་ནི་མཛད་སྒོ་འཚོགས་པ་དང་ཁ་གཡང་སྒྲོག་པ། བཀའ་དྲིན་ཆེན་པོ་ཡིན་ཞེས་ཡིག་ཐོག་ལ་ཕབ་རྒྱུ་གཅིག་པོ་མིན་པ་འདྲ། དེ་ལས་ལྷག་པའི་བཀའ་དྲིན་ལ་དྲིན་གཟོ་བྱེད་སྟངས་ཤིག་ང་ཚོས་ངེས་པར་དུམཁྱེན་དགོས་ཀྱི་འདུག་ལ་དེའི་ཕྱོགས་སུ་ཕྱག་ལས་ཀྱང་གནང་དགོས་ཀྱི་འདུག རྒྱ་གར་གཞུང་མང་གཉིས་ཀ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་འདི་འབྱུང་འགྱུར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སུ་ངེས་པར་དུ་འགོད་དགོས་བ་ཞིག་ཡིན་པར་མ་ཟད་འགོད་རིན་ཡོད་པ་ཞིག་ཀྱང་ཡིན། རྒྱ་གར་གཞུང་མང་གཉིས་ཀ་བཀའ་དྲིན་ཆེན་པོ་ཡིན་པ་འདི་བཤད་རྒྱུ་ཞིག་དང་འབྲི་རྒྱུ་ཞིག་ཡིན་ན། བཤད་མི་ཚར་བ་དང་བྲིས་མི་ཚར་བ་ཞིག་ཡོད།
ད་མང་པོ་མི་བཤད། དེ་ལས་སོ་སོའི་རྨོངས་འཆར་གྱི་སྒང་ལ་འབབ།
སྤྱིར་ང་ཚོ་རང་དབང་རང་བཙན་ལྡན་པའི་རྒྱལཁབ་ཞིག་ཡིན་ན། ང་ཚོས་ཀྱང་རྒྱ་གར་གཞུང་མང་གཉིས་ལ་དཔལ་འབྱོར་དང་མི་ཤུགས་ཀྱིས་ཐུགས་རྗེ་ལེགས་གསོལ་ཞུ་དགོས་བའི་དུས་ལ་སླེབས་ཡོད་མོད།
འོན་ཀྱང་། ང་ཚོ་ནི་ད་དུང་ཡང་སྐྱབས་བཅོལ་བའི་ངོ་བོར་གནས་ཡོད་རྐྱེན། དཔལ་འབྱོར་གྱི་ཐུགས་རྗེ་ལེགས་གསོལ་ཞུ་ཐུབ་རྒྱུ་ཕར་ཞོག ད་དུང་ཡང་ཚུར་དཔལ་འབྱོར་གྱི་རོགས་རམ་ལེན་བཞིན་ཡོད། ངེད་ཀྱི་གོ་ཐོེས་ནོར་མེད་ན་རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ལ་ལོ་རེར་རྒྱ་སྒོར་འབུམ་དྲུག་བརྒྱའི་རོགས་རམ་བྱེད་ཀྱི་ཡོད་པ་རེད་ཟེར།
མི་ཤུགས་ཀྱི་ཕྱོགས་ནས་ནི་ང་ཚོར་རྒྱ་གར་གཞུང་ལ་སྲི་ཞུ་རླབས་ཆེན་སྒྲུབ་ཐུབ་མཁན་གྱི་ཆེད་མཁས་མེད་ལ་ཉུང་ཤས་ཤིག་ཡོད་པ་དེ་ཡང་ཁ་འཐོར་ནས་ཡོད།
འོ་ན། ང་ཚོའི་ངོས་ནས་རྒྱ་གར་གཞུང་ལ་ངག་ཐོག་དང་ཡིག་ཐོག་མ་ཡིན་པའི་དྲིན་གཟོའི་རིགས་ཅི་ཞིག་བྱེད་ཐུབ་བམ།
ངེད་ཀྱི་བསམ་པར། བོད་གཞུང་གིས་ད་ལོ་ནས་བཟུང་ཏེ་རྒྱ་གར་དྲིན་གཟོའི་ཉིན་མོ་ཞིག་གཏན་འབེབ་བྱས་ཏེ་ལོ་རེ་བཞིན་རྒྱ་གར་དྲིན་གཟོའི་ཉིན་མོ་སྲུང་བརྩི་བྱེད་དགོས།
བཙན་བྱོལ་བོད་གཞུང་དང་ཚོགས་པ་སྒེར་བ་ཁག་མཉམ་འབྲེལ་ལམ་ཡང་ནས་སོ་སོའི་ངོས་ནས་རྒྱ་གར་གཞུང་མང་ལ་ཕན་ཐོགས་པའི་ལས་གཞི་འདྲ་མིན་སྤེལ་དགོས།
དཔེར་ན། བོད་གཞུང་སྨན་རྩིས་ཁང་དང་དེའི་ཡན་ལག་སྨན་ཁང་ཁག་བརྒྱུད་ནས་རང་ཉིད་རྟེན་གཞིའི་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་དབུལ་བོའི་རིགས་ལ་ལོ་རེར་སྨན་གྱི་སྦྱིན་པའི་ལས་འགུལ་སྤེལ་ཐུབ་ན་ཡག་པོ་འདུག
༧གོང་ས་མཆོག་གིས་རྒྱ་གར་ནི་ང་ཚོའི་དགེ་རྒན་དང་ང་ཚོ་ནི་དེའི་དགེ་ཕྲུག་ལྟ་བུ་ཡིན་ཞེས་བཀའ་སློབ་རིམ་བསྩལ་གནང་ཡོད་།
དེས་ན་། ང་ཚོའི་ངོས་ནས་ཀྱང་དགེ་རྒན་ལ་དྲིན་གཟོ་བྱེད་མ་ཐུབ་རུང་དགེ་རྒན་གྱི་རྐང་འདྲེན་བྱེད་མི་ཉན་པར་མ་ཟད་དགེ་རྒན་ལ་ཤུགས་ནས་གནོད་གཞིའི་ལས་རིགས་དེ་བས་ཀྱང་གཉེར་མི་ཉན། འོན་ཀྱང་། མཚམས་རེར་ང་ཚོའི་ངོས་ནས་རྒྱ་གར་ཡུལ་མིའི་ཆོས་རིག་གོམས་སྲོལ་དང་ཡུལ་ཁྲིམས་ལ་གནོད་གཞིའི་རིགས་དང་འགལ་རྐྱེན་ལ་འགྲོ་གཞིའི་རིགས་ཀྱི་འཚོ་ཐབས་གཉེར་ཀྱི་ཡོད་པར་མ་ཟད་། འཚོ་ཐབས་གཉེར་སྟངས་་དེའི་རིགས་ཀྱིས་རྒྱ་གར་ཡུལ་མི་དང་བོད་མིའི་དབར་ལ་གླེང་རྙོག་ཅི་སྙེད་ཅིག་བཟོས་ཡོད་པ་ཡང་ཉི་ཤར་སྤར་མོས་མི་ཁེབས།
དེ་ཡང་གནས་ཡུལ་རྒྱ་གར་གྱི་ཡུལ་ཁྲིམས་དང་ཡུལ་ཆོས་ལ་བརྩིས་མེད་དགོས་ལྐོག་ནས་གླང་ཤ་ཉོ་འཚོང་བྱེད་པ་དང་གཅིག བོད་པའི་ཚོང་ཁང་དང་ཟ་ཁང་སོགས་སུ་རྒྱ་གར་གྱི་མི་ཚང་དབུལ་བོའི་བྱིས་བ་གཡོག་པོར་ཉར་བ་དང་གཉིས། རྒྱ་གར་ས་གནས་སྐོར་སྲུང་བ་དང་ལྐོག་འབྲེལ་དགོས་ཁེ་ལས་གཉེར་བ་གསུམ་བཅས་ནི་བོད་མི་རྣམས་ཀྱིས་ངེས་པར་དུ་མཚམས་འཇོག་བྱེད་དགོས་བའི་རིགས་ཡིན་ལ་། འཚོ་ཐབས་གཉེར་སྟངས་འདིའི་རིགས་མཚམས་བཞག་པ་ཡིན་ན། ད་གཟོད་རྒྱ་གར་ལ་དྲིན་གཟོ་བྱེད་བདེ་བ་དང་གཙང་བ་ཡོད།
དེར་བརྟེན། བོད་མི་སྐྱབས་བ་བཅོལ་བ་ཚོས་ཉིན་རེ་ཉིན་རེའི་མི་ཚེ་སྐྱེལ་སྟངས་ཚུན་ནས་རྒྱ་གར་གཞུང་མང་གཉིས་ཀ་བཀའ་དྲིན་ཆེན་པོ་ཡིན་པ་ཧ་གོ་བའི་སྒོ་ནས་གནས་ཡུལ་རྒྱ་གར་ཡུལ་མིའི་ཆོས་རིག་དང་ཡུལ་ཁྲིམས་ལ་གནོད་གཞི་དང་འགལ་རྐྱེན་འགྲོ་གཞིའི་རིགས་ཀྱི་འཚོ་ཐབས་མི་གཉེར་རྒྱུ་ནི་ཧ་ཅང་ནས་གལ་ཆེ།
ལྷག་པར་དུ་བོད་མི་རྣམས་ཀྱིས་རང་ཉིད་སྐྱབས་བཅོལ་དུ་གནས་རིང་། བསམ་བློ་དཀྱེལ་ཡང་དང་བཟོད་སྒོམ་ཚུགས་བརྟན། ཕུགས་བསམ་རྒྱ་ཆེར་བཞེས་བའི་སྒོ་ནས་རྒྱ་གར་ཡུལ་མི་དང་འབྲེལ་ལམ་འཛུགས་པ་དང་མཐུན་ལམ་བསྐྲུན་པ།་ གཅིག་ཕན་གཅིག་རོགས་བྱེད་རྒྱུ་བཅས་ནི་དུས་སུ་བབ་བའི་དྲིན་གཟོ་བྱེད་སྟངས་དང་དྲིན་གཟོའི་ཆ་རྐྱེན་བསྐྲུན་སྟངས་ཀྱང་ཡིན་ནོ།
རྨོངས་འཆར་ཐུང་ཐུང་འདི་བསམ་ཚུལ་ཞིག་གི་ངོ་བོ་ནས་ཁ་སྔོན་ཀུན་གླེང་ལ་བསྐུར་བ་ཡིན་མོད། གཙོ་སྐྱོང་བས་ངེད་ཀྱི་བསམ་ཚུལ་འདི་དྲི་བ་ཆུང་ཆུང་ཞིག་བཟོས་འདུག
གང་ལྟར། བསམ་ཚུལ་བསམ་ཚུལ་དང་དྲི་བ་དྲི་བ་ཡིན་པ་མཁྱེན་རྟོགས་ཀྱི་ཆེད་དུ། དེ་རིང་འདིར་བཀོད་པ་ཡིན།
བཀྲ་ཤིས་བདེ་ལེགས།
ཀུན་གླེང་ཡིན་ན་དེས་ཅང་མི་འཇོན། བྱང་ཆུང་སྒྲོལ་མ་ཟེར་མཁན་དེར་ལྟོས་དང་། དྲི་བ་ཡག་པོ་ཞིག་ལ་འདོན་མི་ཤེས།
གང་ཤེས། དེའི་ནང་ན་ཞི་མོ་ཡག་མ་ཞིག་ཡོད། གསར་འགྱུར་བཤད་མཁན་དེ། དེའི་མིང་ལ་ཅི་ཟེར་ནི་རེད་གོ
དེ་སྒྲོལ་དཀར་ལགས་ཟེར་བ་དེ་མ་རེད་དམ། རྣམ་པ་གང་ཤེས་ཏེ་སྐད་གདངས་སྙན་པོ་ཞིག་འདུག
སྤོབས་པ་ལགས། སྒྲོལ་མ་འབུམ་སེམས་ཤོར་ས་དེ་སྒྲོལ་དཀར་ཨེ་ཡིན་ནམ། བུ་མོ་དེ་འཕྲིན་ལས་ཆོས་སྒྲོན་ཟེར་བ་དེ་མིན་ནམ། ཁོ་མོ་གསར་འགྱུར་བཤད་མཁན་ཧ་ཅང་ཡག་པོ་ཞིག་རེད་འདུག མི་འདི་དང་མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛིན་པ་ཚེ་སྒྲོན་གཉིས་འདྲ་སེ་འདུག་ག ཚེ་རིང་རྒྱུ་མ་གཉིས། ད་ཡིན་ན་ང་ཚོར་ཡང་གསར་འགྱུར་བཤད་མཁན་ཚད་ལྡན་རེ་གཉིས་ཡོད་སོང་ནས་རེད། ཁོ་མོ་གཉིས་ལ་བལྟ་བསྡུར་བྱེད་མཁན་འདྲ་ཡོད་ན་འོག་གི་ཡོའོ་ཏྲའོ་(YouTube)ནང་ལ་རྒྱུགས་དང་ལྟད་མོ་འདུག ཡིན་ནའང་མིག་ལ་སེམས་ཆུང་བྱོས། མིག་རིལ་ཐང་ལ་ཟེགས་ཡའི་ཉེན་ཁ་ཡོད་ལེ་རེད། ༡༽ མེ་ཏོག་གངས་ལྷ། ༢༠ 1/2 (雪莲花20) Golden Youth of Tibetan Children ༢༽ 03 27 09 ཀུན་གླེང་གསར་འགྱུར། Kunleng News
ཞི་མོ་དེ་བློ་བབས་ནས་ཤི་ཐལ། ཁ་བྱང་མེད་ལ། ཁྱོའི་ཤ།
ཕལ་ཆེར་ང་རྩམ་པ་ཟ་མཁན་ཞིག་གིས་། ཞི་མོ་དེ་ཁུག་རྒྱུ་ཨི་ཡིན་ན།
ད་ཐེངས་དཀོན་མཆོག་གིས་རོགས་ཞིག་བྱོས་ར། རོགས་ཀ་ལོ་ལོ།
ཨོ། དཀོན་མཆོག་ཁྱོད་དེ་རིང་འདིར་སླེབས་འདུག ཁྱོད་ཀྱིས་མཆན་གཞན་ཞིག་ཏུ་ང་ལ་ཆབ་སྲིད་ཀྱི་སྐོར་གླེང་དགོས་པའི་སྐུལ་མ་དང་ངས་རྒྱལ་རིན་པོ་ཆེར་མི་དཀྱུས་མ་ཞིག་གི་འདུ་ཤེས་ལས་མེད་པར་སྣང་ཚུལ་གྱི་དོག་འདྲི་ཞིག་བྱས་འདུག་མོད་ངས་ཁྱོད་ལ་ལན་བརྒྱབ་མེད། འཚངས་ཁ་ཆེ་དུས་ཤིག་རེད་འདུག་པས་ཁྱེད་ཀྱི་མཐོང་མི་ཡོང་བསམ་པ་ཡིན།
ཆབ་སྲིད་ཀྱི་སྐོར་དེ་གླེང་འདོད་ཆེན་པོ་འདུག་ཀྱང་རྒྱ་ཆེན་པོ་ཞིག་གླེང་ཤེས་ཀྱིན་མི་འདུག རྒྱལ་བ་རིན་པོ་ཆེའི་སྐོར་དེ་ཏན་ཏན་མི་དཀྱུས་མ་ཞིག་གི་ལྟ་སྟངས་ཙམ་གཏན་ནས་མིན། ངའི་ཚེ་འདི་ཕྱིའི་སྐྱབས་གནས་ཡོད་ན་མེད་ན་དེ་ཡིན། གཅིག་བྱས་ན་མཚན་ནས་འབོད་སྟངས་ཀྱི་ཐད་ནས་ཁྱེད་ལ་རྣམ་རྟོག་ཅིག་བསླངས་པ་ཡིན་སྲིད། ངས་ཆེད་དུ་རྒྱལ་བ་རིན་པོ་ཆེ་ཞེས་འབོད་ཀྱིན་ཡོད། ངའི་ཕ་མ་ཚོས་ཀྱང་རྒྱལ་བ་རིན་པོ་ཆེ་ཞེས་གསོལ་བ་འདེབས་ཀྱི་རེད། ངས་ཀྱང་ཆུང་དུས་ནས་རྒྱལ་བ་རིན་པོ་ཆེ་ཞེས་གསོལ་བ་འདེབས་ཀྱི་ཡོད། རྒྱལ་བ་ཞེས་པ་དེ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག་ཡིན་སྟབས་བོད་བརྒྱུད་གསང་སྔགས་ཀྱི་ལུགས་ལ་བླ་མ་སངས་རྒྱས་སུ་ལྟ་བའི་ལྟ་གྲུབ་ཅིག་ཡོད་སྟབས་དེ་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ་གྱིན་འདུག འདི་ཕྱོགས་སུ་མི་ཕལ་མོ་ཆེས་༸གོང་ས་མཆོག་ཅེས་འབོད་ཀྱིན་འདུག་མོད་ངའི་བློ་ངོར་དེ་ཙམ་འཕྲོད་ཀྱི་མི་འདུག གོང་ས་ཞེས་པ་དེ་གོང་མ་ཞེས་པའི་དོན་ལས་ལྷག་ཅིག་མིན་པ་འདྲ། དེ་མིན་ན་རྒྱ་ནག་གོང་མ་དང་ས་སྐྱ་གོང་མ་སོགས་ཆབ་སྲིད་ཀྱི་གོ་གནས་ཀྱི་མིང་ཞིག་དང་འབྲེལ་ཡོད་པ་འདྲ། དེ་བཞིན་སྐྱབས་མགོན་རིན་པོ་ཆེ་ཞེས་པ་དེ་ཡང་བོད་ལ་སྐྱབས་མགོན་གྱི་མཚན་ཐོབ་ཡོད་ས་མང་པོ་འདུག དཔེར་ན། རེབ་ཀོང་སྐྱབས་མགོན། ཀིརྟི་སྐྱབས་མགོན། བྲག་གཡབ་སྐྱབས་མགོན། འབྲི་གུང་སྐྱབས་མགོན། འབྲུག་ཆེན་སྐྱབས་མགོན་སོགས་ཡོད་སྟབས་རྒྱལ་བ་རིན་པོ་ཆེ་ཞེས་པ་ལྟ་བུའི་ཐུན་མོང་མིན་པའི་མཚན་གནས་ཤིག་ལ་འགྱུར་གྱིན་མི་འདུག མཚན་གྱི་དབུར་རྟགས་༸འདི་འཇོག་སྲོལ་དེ་ཡང་འཕགས་པའི་ནོར་བདུན་སོགས་ཀྱི་བཤད་པ་འདུག་ཀྱང་ལོ་རྒྱུས་རྒྱུ་མཚན་ཡིད་ཆེས་འདྲོངས་ངེས་ནི་གང་ཡང་མི་འདུག རྒྱུ་མཚན་དེ་ཚོར་བརྟེན་ནས་ངས་རྒྱུན་དུ་རྒྱལ་བ་རིན་པོ་ཆེ་ཞེས་འབྲི་གིན་ཡོད། དེ་བཞིན་དམིགས་བསལ་གྱི་མཚན་གྱི་ཆེ་བསྟོད་ལྟ་བུ་འབྲི་དགོས་དུས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་བོད་ཀྱི་ཆོས་སྲོད་གཉིས་ཀྱི་དབུ་ཁྲིད་ཅེས་འབྲི་བཞིན་ཡོད། ཕལ་མོ་ཆེས་ལྷ་མིའི་རྣམ་འདྲེན་སོགས་འབྲི་བཞིན་འདུག་མོད་དེ་ཡང་ཆེ་ས་ནས་སངས་རྒྱས་དང་ཆུང་ས་ནས་གྲྭ་པ་དཀྱུས་མ་ཞིག་ལ་སྦྱར་ཡང་མ་འཐུས་པ་མེད་པའི་ཆེད་བསྟོད་ཙམ་ལ་སོང་འདུག་པས་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅེས་འབྲི་བ་དེ་བདམས་པ་ཡིན། སྤྱིར་ན་ང་ནི་གུས་ཞབས་ཀྱི་རྣམ་འགྱུར་ལ་དེ་ཙམ་མ་གོམས་སྟབས་ལུས་ངག་གི་རིག་བྱེད་ལས་གཞན་ལ་དོག་པ་སྐྱེ་བའི་གནས་སུ་འགྱུར་ཡང་མི་སྲིད་པ་མ་རེད། ཁྱེད་དྲྭ་གྲོགས་རྙིང་པ་ཡིན་སྟབས་གསལ་བཤད་གང་ཐོན་ཅིག་བྱས་ཁུལ་ཡིན། ད་དུང་ཡང་ཞིབ་པར་རྗེས་སུ་གླེང་ཆོག