མཁོ་གཏོང་བ། སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།
༅།། ལྷོ་ཕྱོགས་ཁུལ་དུ་རྒྱ་གར་གཞུང་མང་གཉིས་ལ་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དྲུག་གི་ ༢༠༡༣ ཟླ་ ༡ ཚེས་ ༡༣ ནས་༡༥བར། ཀེ་ར་ལ་མངའ་སྡེར་བཞུགས་པའི་གནད་ཡོད་མི་སྣ་དང་། མངའ་སྡེ་སྲིད་སྐྱོང་དང། སྤྱི་ཁྱབ་བློན་ཆེན། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཙོའི་བློན་ཆེན་དང་གྲོས་ཚོགས་འཐུས་མི། ཚོགས་སྡེ་ཁག་སོགས་དང་མཇལ་འཕྲད་གནང་ཡོད་པ་དང། ཕྱི་ཚེས་ ༡ ༣ཉིན་རྒྱ་གར་དབུས་གཞུང་གི་བདེ་འཇག་སློབ་སྟོན་པ་„ཀྲེ་པེ་ཤི་རིས་ན་བ་སན་(T P Srinavasan) མཆོག་དང་མཇལ་བ་དང་།
དེའི་རྗེས་ཀེ་ར་ལ་གྲོས་ཚོགས་ཚོགས་གཙོ་རྗེའི་ཀར་ཐི་ཀི་ཡན་(G Karthikayan)མཆོག་དང་མཇལ་བ་ན།། ཚོགས་གཙོ་མཆོག་གིས་ཆེ་མཐོང་མཚོན་ཆེད་དུ་སྒོར་བསུ་བར་འཕེབས་སྟེ་གནས་ལེན་རྒྱས་བར་གནང་བར་མ་ཟད་གསར་འགོད་པ་༢༨ ཆེད་འགུག་གནང་འདུག་པ་དང་། ཁོང་གིས་ཀེ་ར་ལའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཐོག་ཁོང་ཉིད་ཀྱིས་ཕྱག་བྲིས་„བྱམས་བརྩེ་དང་ལྷག་བསམ་བཟང་པོས་བོད་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་„བཅས་མཚན་རྟགས་དང་བཅས་གནང་བྱུང་།
ཚེས་༡༤ ཉིན་སྔ་དྲོ་༩,༣༠་ཐོག་ཀེ་ར་ལ་རྒྱལ་བརྒྱུད་ཀྱི་གཙུན་མོ་མཆོག་དང་མཇལ་བ་དང་ཁོང་གི་ང་ཚོ་ལ་ཞི་བདེ་དགོས་ཀྱི་རེད་ལ་བོད་ལ་ཡང་ཞི་བདེ་དགོས་ཀྱི་རེད། ངའི་བོད་ལ་ཞི་བདེ་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན། ངའི་བོད་དོན་སྐོར་མང་པོ་ཤེས་ཀྱི་ཡོད་ཅེས་དང་། ནང་ཆོས་དང་འབྲེལ་དྲི་བ་མང་པོ་གནང་སོང་། དེ་རྗེས་ཚོུད་༡༡ ཐོག་མངའ་སྡེ་གཞུང་འཛིན་ཚོགས་པ་ཀོང་རི་སིའི་དྲུང་ཆེ་མཆོག་གིས་གནས་ལེན་དང་འབྲེལ་ལས་ཁུངས་དུ་བཅར་བ་དང་། ཚོགས་གཙོའི་གཙོའི་རྒྱུན་ལས་བཅུ་གསུམ་དང་མཇལ་འཕྲིན་གྱི་ངོ་སྤྲོད་གྲུབ་པ་དང་། ཚོགས་གཙོ་མཆོག་ནས་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཁྱེད་རང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ༢༠༠༥ ལོར་བོད་དོན་རྒྱབ་སྐྱོར་ཀྱི་གྲོས་ཆེད་ཞིག་བཞག་ཡོད་ལ། བོད་དོན་ཐོག་རྒྱུན་དུ་སྒྲོག་གླེང་བྱེད་ཀྱི་ཡོད་ཅེས་གསུང་བྱུང་།
ཚེས་༡༥ ཉིན་སྔ་དྲོ་༨ སྐར་མ་༣༠ ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བློན་ཆེན་ལས་ཁུངས་སུ་གཞུང་འབྲེལ་གྱི་མཇལ་འཕྲིད་གནང་། ང་ཚོས་སྔར་བཞིན་བོད་དོན་ངོ་སྤྲོད་ཞུས། ཁོང་གིས་རྒྱབ་སྐྱོར་བྱམས་དང་བརྩེ་བ་དུས་ནམ་ཡང་ཁྱེད་རང་ཚོ་ལ་ཡོད་ཅེས་དང་། ཁྱེད་རང་ཚོའི་རྩ་དོན་དེ་རླབས་ཆེན་གྱི་རྩ་དོན་ཞིག་རེད་སོགས་རྒྱབ་སྐྱོར་གྱི་བཀའ་སློབ་གནང་།
ཚོུད་༡༡ ཐོག་ཀེ་ར་ལ་མངའ་སྡེ་ན་ཡོད་པའི་དབུས་གཞུང་གི མཐོ་སློབ་ཆབ་སྲེད་དང་མཚན་རིག་སྡེ་མཚན་གྱི་སློབ་མ་༦༠ ལ་བོད་ཀྱི་འདས་བའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་མ་འོང་པའི་མངོན་འདོད་སོགས་དང་འབྲེལ་ནས་ཆབ་སྲིད་སྐོར་གྱི་གཏམ་བཤད་སྤྱི་འཐུས་བློ་བཟང་ཡི་ཤེས་ལགས་ཀྱི་གནང་བ་དང་། འགེན་འཛིན་ཟུར་བ་མཁས་དབང་གྷོ་པ་ཀུ་མར (gopakumar)མཆོག་གི་གཙོའི་དགེ་སློབ་ཚོས་དྲི་བ་དྲི་ལེན་གནང་།
ཕྱི་དྲོ་ཚོུད་༥དང་སྐར་མ་༤༠ ཐོག་ཡི་ཤེས་ཆོས་དཔོན་སུ་ས་པཀ་ཀིམ(soosa pkim)མཆོག་དང་མཇལ་འཕྲད་ཞུས། ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་དང་ཐུགས་སྨོན་གནང་བ་མ་ཟད་ཆེད་འགུག་གནང་བའི་གསར་འགོད་པ་༥་འདུག་པ་རྣམས་ལ་བོད་དོན་ངོ་སྤྲད་དང་། ཁོང་གི་སྐུ་འགྲོན་ལ་རྒྱལ་ཁག་གཞན་ནས་འཕེབས་པའི་ཆོས་དཔོན་ཞིག་འདུག་པ་ཡང་ང་ཚོ་ལ་ངོ་སྤྲོད་གནང་། ཕྱི་དྲོ་ཞལ་ལག་ཀྱང་ཆོས་དཔོན་རང་གི་གཟིམས་ཤག་ནང་འགྲོན་འབོད་གནང་བྱུང་།
ཅེས་ལྷོ་ཕྱོགས་སྣེ་ཁྲིད་སྤྱི་འཐུས་ཚོགས་ཆུང་ནས་ཟླ་༡ཚེས་༡༦ཉིན།།
ད་རེས་ཀྱི་ལས་འགུལ་འདི་ཧ་ཅང་གི་སྣང་བ་འགྲོ་པོ་བྱུང་། ཐུགས་རྗེ་ཆེ།
ལས་འགུལ་ཡག་པོ་འདུག། ཡིན་ན་ཡང་ཡིག་ནོར་མང་པོ་འདི་འདྲ་མཐོང་དུས་ངོ་མ་མགོ་ན་བཅུག་སོང་།
ཞུ་གཏུག་ལས་འགུལ་འདི་ཧ་ཅང་ཡག འཛམ་གླིང་ག་ས་གང་ལ་འགྲོ་དགོས་པར་འདོད། བདག་པོ་མ་བརྒྱབ་ན་ཁོ་རང་ཚོའི་སྐྱོན་རེད། ཞུ་གཏུག་མ་ཐུབ་ན་ང་ཚོའི་སྐྱོན་རེད།
ནོར། ་་་་་་་་་་་་་་་་་་་་་་་་་་ བཅོས།
སྤྱི་འཐུས་དྲུག་གི་་་་་་་མཇལ་བ་རེད། སྤྱི་འཐུས་དྲུག་གིས་་་་་མཇལ་བ་རེད།
ཆེད་འགུག་གནང་འདུག་པ་དང་། ཆེད་བསྒུག་གནང་འདུག་པ་དང་།
བོད་དོན་རྒྱབ་སྐྱོར་ཀྱི་གྲོས་ཆེད་ཞིག བོད་དོན་རྒྱབ་སྐྱོར་ཀྱི་གྲོས་ཆོད་ཞིག
མཐོ་སློབ་ཆབ་སྲེད་ མཐོ་སློབ་ཆབ་སྲིད་
བློ་བཟང་ཡི་ཤེས་ལགས་ཀྱི་གནང་བ་དང་། བློ་བཟང་ཡི་ཤེས་ལགས་ཀྱིས་གནང་བ་དང་།
བོད་དོན་ངོ་སྤྲད་དང་། བོད་དོན་ངོ་སྤྲོད་དང་།
བོད་ཀྱི་སྤྱིའཐུས་ཀྱིས་བོད་ཡིག་ཡར་རྒྱས་གཏོང་དགོས་པ་མི་འདུག་གམ། ལགས།