པདྨ་ཚེ་དབང་ཤཱསྟྲིས།
རྒྱ་གར་སྲིད་བློན་ ནར་ཨིཎཌྲ་ མོ་དིའི་སྙན་རྩོམ་ཞིག
(PM Modi’s Poem, Read on News Nation on May 11, 2019 )
Aasman mein sir utha kar
Ghane baadalon ko chir kar
Roshni ka sankalp liye
Abhi toh suraj ugaa hai/
མགོ་བོ་ནམ་མཁར་བཏེགས་ནས།།
སྤྲིན་མཐུག་གི་ལྟེ་བ་གཤགས་ཤིང་།།
འོད་ཟེར་གྱི་དམ་བཅའ་བྱས་ཏེ།།
ད་ལྟ་ནི་ཉི་མ་ཤར་ཙམ་རེད།།
Dar nishche ke saath chal kar
Har mushkil ko paar kar
Ghoor andhere ko mita kar
Abhi toh suraj ugaa hai/
འཇིགས་ངེས་དང་ལྷན་དུ་བསྐྱོད་ནས།།
དཀའ་ངལ་གྱི་གཙང་ཆུ་བཅད་ཅིང་།།
མུན་ནག་གི་སྨག་རུམ་སེལ་ཏེ།།
ད་ལྟ་ནི་ཉི་མ་ཤར་ཙམ་རེད།།
Biswas ki lo jala kar
Vikaas ka deepak le kar
Sapnon ko saakar karne
Abhi toh suraj ugaa hai/
ཡིད་ཆེས་ཀྱི་གློག་བཞུ་སྦར་ནས།།
ཡར་རྒྱས་ཀྱི་སྒྲོན་མེ་འཁྱེར་ཏེ།།
རྨི་ལམ་དག་མངོན་དུ་འགྱུར་ཆེད།།
ད་ལྟ་ནི་ཉི་མ་ཤར་ཙམ་རེད།།
Na aapna na paraya
Na mera na tera
Sab ka tej ban kar
Abhi toh suraj ugaa hai/
རང་ལ་མ་ཡིན་གཞན་ལ་མིན།།
ང་ལ་མ་ཡིན་ཁྱོད་ལ་མིན།།
ཡོངས་རྫོགས་ཀྱི་འོད་ཟེར་བྱས་ཏེ།།
ད་ལྟ་ནི་ཉི་མ་ཤར་ཙམ་རེད།།
Aag ko sameth te
Prakaash ko bikher ta
Chalta aur chalata
Abhi toh suraj ugaa hai/
ཚ་བའི་མེ་རླབས་མཉམ་བསྡུས་ཏེ།།
འོད་ཟེར་གཞན་ལ་འཕྲོ་བྱས་ཏེ།།
སྐྱོང་བ་དང་སྐྱོད་པ་བྱེད་པའི་ངང་།།
ད་ལྟ་ནི་ཉི་མ་ཤར་ཙམ་རེད།།
Vikriti ne prakriti ko dabocha
Aapnon se dwasth hoti aaj hai
Kaal bachane aur banaane
Abhi toh suraj ugaa hai/
ངན་བྱང་གིས་རང་བྱུང་མགོ་གནན་ཏེ།།
རང་རིགས་ཀྱིས་རང་ཉིད་འཇིགས་དུས་འདིར།།
སང་ཉིན་སྐྱོབ་དང་བསྐྲུན་པའི་ཕྱིར།།
ད་ལྟ་ནི་ཉི་མ་ཤར་ཙམ་རེད།།
མཆན། གོང་གསལ་སྙམ་རྩོམ་འདི་ནི་རྒྱ་གར་སྲིད་བློན་ནར་ཡིཎཌྲ་མོ་དི་མཆོག་གིས་༢༠༡༩ ཟླ་༥ ཚེས་༡༡ ཉིན་ནིའུས་ནེ་ཤོན་བརྙན་འཕྲིན་ཁང་ནས་བཅར་འདྲི་ཞུ་སྐབས་ལྗགས་ཀློག་གནང་བ་རེད།
པདྨ་ཚེ་དབང་ཤཱསྟྲིས་ཕྱི་ལོ་༢༠༡༩ ཟླ་༥ ཚེས་༡༡ ཉིན་བསྒྱུར།།
༄༅། ཁྱེད་རང་རྒྱ་གར་གྱི་མཛའ་གཞས་དང་གཏམ་དཔེ་རྣམས་བོད་སྐད་
ཐོག་འགྱུར་བྲིས་བྱས་པ་ལས་བོད་གངས་ཅན་ལྗོངས་ཀྱི་མཁས་པ་བསམ་གྱི་མི་ཁྱབ་
རྣམས་ཀྱིས་ལེགས་བཤད་རྣམས་བོད་ཀྱི་ཕལ་སྐད་ཐོག་གོ་བདེའི་སླད་དུ་བྲིས་དང།
གཞོན་རྐྱེས་ཚོར་ཕན་ཐོག་ངེས་ཅན་ཞིག་ཡོང་གི་རེད་སྙམ།
ཆབ་སྲིད་པ་ཡིས་ཆབ་སྲིད་ཟློས་གར་ཁྲབ།
ཞི་བའི་མི་མང་འཚོ་གནས་སུ་ཡིས་འགན།
ཆབ་སྲིད་པ་ཡིས་ཆབ་སྲིད་འཁོར་ལོ་སྐོར།
ཞི་བའི་མི་མང་ཉིན་ལྟོ་ཉིན་ཚོལ་འབད།
གཏམ་བཤད་རྒྱུད་ནས་རང་མིང་གྲགས་མཁན་དང།
སྙན་ངག་རྒྱུད་ནས་རང་དོན་སྒྲུབ་མཁན་དང།
གཏམ་སྟོང་བཤད་ནས་རང་མཁེ་ལེན་མཁན་སོགས།
ཆབ་སྲིད་རིག་པས་རང་ས་སྲུངས་བྱེད་ཙམ།
https://tibrooster.net/
རྒྱལ་སྤྱི་ཁྱོན་ཡོངས་ཀྱི་གནས་ཚུལ་གསར་པ་གལ་གནད་ཆེ་བའི་རིགས་མི་ཉུང་བ་ཞིག་༼ བོད་ཀྱི་དེ་ཕོ༽ གསར་ཁང་ནས་འདོན་བཞིན་འདུག་པས་དེར་གཟིགས་ན་འཛམ་གླིང་གི་ཤེས་གནས་ཚུལ་གསར་པ་ཁག་དུས་ཐོག་ཏུ་གཟིགས་ཐུབ་པར་དགེ་མཚན་ཆེན་པོ་འདུག བོད་ཀྱི་དེ་ཕོ་གསར་ཁང་འདི་སྐུ་ཚེ་ཡུན་གནས་དང་དུས་ཐོག་གི་ཆར་པ་འབེབས་པའི་སྨོན་འདུན་ཞུ་བཞིན་ཡོད། དེ་མིན་དུས་བབ་དང་བང་ཆེན་ཟེར་བ་སོགས་ལས་ཞབས་བརྟན་སོགས་ལས་་ཚུལ་གསར་པ་གང་ཡང་མི་འདུག དེ་དག་གི་ཁ་བསྔོགས་ན་དྲ་རྒྱའི་ཤུགས་ཚད་རྫོགས་རྒྱུ་ལས་གང་ཡང་མི་འདུག
པད་མ་ལགས་བསྒྱུར་རྩལ་དང་སྙན་ཆ་སོགས་བྲོ་བ་གང་ཡང་མི་འདུག
༼སྤྲིན་མཐུག་གི་ལྟེ་བ་གཤགས་༽
དེ་ནས་མར་བཀླགས་མེད། དེང་སང་བོད་ཡིག་གིས་བོད་པ་ལ་བརྡ་འཕྲོད་རྒྱུ་ཁག་པོ་འདུག་གོ།
https://www.newsnation.in/videos/lok-sabha-elections/prime-minister-on-news-nation-i-wrote-a-poem-today-itself-154/47808
PM Modi’s Poem, Read on News Nation on May 11, 2019 )
Aasman mein sir utha kar
Ghane baadalon ko chir kar
Roshni ka sankalp liye
Abhi toh suraj ugaa hai/
་
མགོ་བོ་ནི་ཡར་གནམ་ལ་བཀྱག་ནས། །
སྤྲིན་མཐུག་དེ་ཡི་དཀྱིལ་གཤགས་བྱས་ནས། །
འོད་ཟེར་གྱི་དམིགས་འབེན་མཉམ་འཁྱེར་ནས། །
ད་ལྟ་ནི་ཉི་མ་ཤར་ཙམ་རེད། །
ཚིག་རྒྱན་ཐམས་ཅད་སྙན་ངག་མིན།
སྙན་ངག་ཐམས་ཅད་ཚིག་རྒྱན་མིན།
ཡུལ་དང་མཐུན་ན་ཚིག་རྒྱན་རེད།
བྱ་དངོས་དང་མཐུན་ན་སྙན་ངག་རེད།
ཤཱསྟྲི་ལགས། ཁྱེད་རང་གིས་དཀའ་ལས་བརྒྱབ་ནས་བསྒྱུར་པ་་འདི་ཚོ་ཡག་པོ་བྱུང་ཡོད་ཤག་རེད། ད་དུང་ལྷ་རབས་བྱུང་ན་རྒྱ་གར་རང་གི་ཡི་གེ་དང་སྐད་གཉིས་ཤན་སྦྱར་ཡོད་ན་ཕན་ཐོགས་ཆེ་བ་ཡོང་ངེས་དེ་དོན་དགོངས་འཇགས་ཞུ།
བོད་ཀྱི་དུས་བབ། > བསམ་ཚུལ། > སྒྱུར་རྩོམ། > ཞི་ཕིན་ཕིང་གིས་ཏཱ་ལའི་བླ་མར་མཇལ་འཕྲད་བྱ་རྒྱུ་ཁས་ལེན་བྱས།
http://tibettimes.net/2019/05/18/177697/