དབུ་མའི་ལམ་ལས་འགུལ་ཁང་གི་༼ ཆབ་སྲིད་དཔྱད་གླེང་ ༽འདོན་ཐེངས་གཉིས་པ་ལས་དྲངས།
བཙན་བྱོལ་སྤྱི་ཚོགས་གྲ་འགྲིག་པོ་ཡོད་པ་དང། སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་དང་བསྡུར་ན་ཆོས་དང་། འཇིག་རྟེན། སྤྱི་ཚོགས་གང་ཐད་ནས་གྲ་འགྲིག་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་དངོས་ཡོད་རེད། དེའི་སྐོར་ལ་བཀའ་གནང་མཁན་ཡང་བྱུང་སོང། འོན་ཀྱང་དེའི་སྐོར་ང་ཚོས་ངེས་པར་དུ་ཐུགས་ལ་གཞག་དགོས་པ་དང་ཐུགས་ལ་ངེས་ཤེས་གསལ་པོ་ཡོད་དགོས་པ་དེ་གང་རེད་ཅེ་ན། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་འདི་འདྲ་བྱུང་བ་དེ་མི་མང་གིས་དཀའ་ལས་བརྒྱབས་ཏེ་ཡོང་བ་ཧ་ཅང་ཉུང་ཉུང་རེད། མང་ཆེ་བ་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་དང་འཕྲིན་ལས་ཀྱི་ནུས་པའི་འོག་ཏུ་བྱུང་བ་ཞིག་རེད། དེ་ཡང་བོད་སྤྱི་མཐུན་བསོད་ནམས་ལས་གྲུབ་པ་ཞིག་རེད། བོད་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་བླ་མ་དང་དབུ་ཁྲིད་ཅིག་ཡོད་པའི་དབང་གིས་ད་ལྟ་ང་ཚོར་ཕུན་སུམ་ཚོགས་པ་འདི་འདྲ་ཞིག་བྱུང་བ་དེ་ངོས་མ་ཟིན་པར་སོ་སོས་འཇོན་པ་ཡིན་བསམས་ནས་སྤྱི་མཐུན་བསོད་ནམས་ཉམ་ཆག་ཕྱིན་པ་ཡིན་ན་ང་ཚོ་གནས་ཚུལ་སྡུག་པོ་ཞིག་ནང་ལྷུང་མི་སྲིད་པ་མ་རེད། ༧སྐྱབས་མགོན་རིན་པོ་ཆེ་ཇི་ཙམ་སྐུ་ཚེ་རིང་པོ་བཞུགས་པ་ཡིན་ནའང། མིའི་ཤ་ཚུགས་སུ་བྱོན་པ་ཡིན་སྟབས་ཉིན་གཅིག་སྐུ་ཕྲེང་བརྗེ་དགོས་པ་ཞིག་སྔ་ཕྱི་མ་གཏོགས་ཡོང་རྒྱུ་རེད། དགུང་ལོ ༡༡༣ བཞུགས་པ་ཡིན་ནའང་དེའི་གྲངས་ཀ་དེ་ལོངས་འགྲོ་རྒྱུ་ཞིག་རེད། དེར་བརྟེན་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་རྗེས་འཛིན་གྱི་འོག་ནས་མ་འདོར་བ་ཞིག་ཡོང་རྒྱུར་གང་གིས་རྒྱབ་འཁྱོག་དགོས་སམ་ཞེ་ན། བོད་རིགས་མང་ཚོགས་ཀྱི་སྤྱི་མཐུན་བསོད་ནམས་དང་དད་པ་དམ་ཚིག་ལ་དམིགས་བསལ་རག་ལུས་པ་ཞིག་རེད།
ང་ཚོའི་བསམ་བློའི་ནང་ཞེད་སྣང་ཆེན་པོ་ཞིག་གང་ཡོང་གི་ཡོད་དམ་ཞེ་ན། བོད་མིའི་སྤྱི་ཚོགས་ནང་༧རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཉམ་ཆག་འགྲོ་བའི་ཉེན་ཁ་དེ་ལོ་རེ་ནས་ལོ་རེར་ཆེ་རུ་འགྲོ་གི་མེད་དམ་བསམ་གྱི་ཡོད། དོལ་རྒྱལ་རྗེས་འབྲང་བ་ལྟ་བུ་ཞིག་ཡིན་ན། དེ་ཙམ་གཏིང་ཟབ་ཀྱི་གཞི་རྩ་གང་ཡང་མེད། གློ་བུར་གྱི་སེམས་ཚོར་དང་གློ་བུར་གྱི་ལམ་ལོག་པ་སྟོན་མཁན་ཚོའི་སླུ་བྲིད་འོག་སོང་ནས་༧རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་བ་དེར་ང་ཚོ་ཧ་ལས་ཀྱི་མི་འདུག འོན་ཀྱང་དེང་སང་བོད་ཀྱི་རྩ་དོན་དང་འབྲེལ་བ་ཆགས་ནས་རང་བཙན་སྒྲུབ་དང་མ་སྒྲུབ་དེའི་ཆ་ནས་༧སྐྱབས་མགོན་རིན་པོ་ཆེར་ཟུར་ཟ་དང་མཚན་སྨོད་ཞུ་མཁན་དང་། ཡང་དེང་རབས་ཀྱི་གནས་ཚུལ་ལ་བསྙད་ནས་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་བེད་སྤྱོད་གཏོང་དགོས་བྱུང་ན། ༧རྒྱལ་བ་རིན་པོ་ཆེ་རྩིས་མེད་བྱེད་དགོས་པ་ལྟ་བུའི་གནས་ཚུལ་གྱི་ཐོག་ནས་༧རྒྱལ་བ་རིན་པོ་ཆེར་ཟུར་ཟ་དང་མཚན་སྨོད་ཞུ་མཁན། ༧སྐྱབས་མགོན་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཁ་ཤས་ལ་བརྟེན་ནས་ཟུར་ཟ་མཚན་སྨོད་ཞུ་མཁན་དེ་དག་ནི་རྒྱ་མི་གུང་བྲན་ཏང་དང་དོལ་རྒྱལ་རྗེས་འབྲང་བ་ཚོ་ལས་ཀྱང་ཕྲན་བུ་ཉེན་ཁ་ཆེ་བ་རེད་བསམས་ཀྱི་ཡོད། ཉེ་ཆར་རྒྱ་གར་དུ་གསར་ཤོག་ནང་རྒྱལ་བ་རིན་པོ་ཆེ་གལ་ཆེ་བ་རེད་དམ་མང་གཙོ་གལ་ཆེ་བ་རེད་ཅེས་པའི་བསམ་ཚུལ་བསྡུས་པ་དེ་འདྲ་བྱུང་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་ཟེར་བའི་སྐད་ཆ་བཤད་རྒྱུ་ཡོད་པ་ཞིག་དང། མང་གཙོའི་ཁེ་དབང་ལ་ཧ་ཅང་ལོངས་སུ་སྤྱོད་རྒྱུ་བྱུང་བ་འདི་སུའི་སྐུ་དྲིན་ལ་བརྟེན་ནས་བྱུང་བ་རེད་དམ། ཕལ་ཆེར་བརྗེད་ཚར་བ་ཡིན་པ་འདྲ། ༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་མེད་ན་ང་ཚོ་བོད་མི་སྦར་མོ་གང་དེས་མང་གཙོ་ཡང་དག་པའི་ནང་བསྡད་ཀྱི་རེད་དམ། བསྡད་ཐུབ་ཀྱི་རེད་དམ། མང་གཙོ་འདི་འདྲ་ཞིག་ལ་སླེབས་ཐུབ་ཀྱི་རེད་དམ། དེར་ང་ཚོས་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཞིག་རེད། ༧རྒྱལ་བ་རིན་པོ་ཆེ་གལ་ཆེའམ་མང་གཙོ་གལ་ཆེ་ཞེས་འདྲི་དུས་༧རྒྱལ་བ་རིན་པོ་ཆེ་མང་གཙོའི་འགལ་ཟླ་ཡིན་པའི་བཟོ་འདྲ་པོ་དང་མང་གཙོའི་འགོག་རྐྱེན་ཡིན་པའི་བཟོ་འདྲ་པོ་བསམ་བློའི་ནང་དེ་འདྲ་འཁོར་ནས་བཤད་ཀྱི་ཡོད་མ་རེད་དམ།
མང་གཙོའི་སྤྱི་ཚོགས་ནང་གནད་དོན་རྟོགས་ནས་རིགས་པ་དང་རྒྱུ་མཚན་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་ལ་དཔྱད་པ་མ་ཆོག་པ་གང་ཡང་མེད། དེ་དང་མི་མཐུན་པའི་བསམ་ཚུལ་འཁྱེར་མི་ཆོག་པའང་གང་ཡང་མེད། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་སངས་རྒྱས་ཀྱིས་གསུངས་པ་ལྟར། ༧སྐྱབས་མགོན་རིན་པོ་ཆེས་ཀྱང་ངས་བཤད་པ་རེད་ཅེས་ཆ་གཞག་མི་དགོས། ཁྱེད་ཚོས་བརྟག་དཔྱད་བྱོས་ཞེས་གསུང་གི་ཡོད། ཡིན་ནའང་དེ་འདྲའི་བརྟག་དཔྱད་བྱེད་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་ལྟ་བུའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལས་སྨོན་དང་འབྲེལ་བའི་དབུ་ཁྲིད་ཚོར་གང་ཟག་ལ་ལྟོས་པའི་རྩིས་མེད་དང་མཐོང་ཆུང། དད་པ་དམ་ཚིག་ལོག་ན་ཏན་ཏན་བོད་སྤྱིའི་རྩ་དོན་ལ་ཧ་ཅང་གནོད་ཚབས་ཆེན་པོ་ཡོང་ངེས་རེད། དེ་ཚོའི་ཐོག་ལ་མང་ཚོགས་ཀྱིས་དགོངས་པ་གཏིང་ཟབ་བཞེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ༧རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེས་བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་ཐད་བསྐྱངས་པའི་མཛད་པ་འཕྲིན་ལས། དེ་ལས་ཀྱང་གཙོ་ཆེ་བ་༧གོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་ལམ་སྟོན་གནང་བ་བཅས་ནི་དངོས་གནས་སྐལ་བ་བཟང་པོ་དང། རྙེད་པར་དཀའ་བ་ཞིག་ང་ཚོས་རྙེད་ཡོད་པ་རེད། འདི་དག་ཚང་མར་བསམ་ཤེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག
༢༠༡༠། ༥། ༢༢། ཉིན་བཀའ་ཁྲི་མཆོག་གིས་ནེའུ་ཡོག་ནས་བོད་མི་ཚོར་སྩལ།
རང་ཕམ་ཉེས་པ་ལ་ནི་ཤི་མ་ཐུབ། །
མཐོན་པོར་ཕྲག་དོག་ལ་ཡང་ཤི་མ་ཐུབ། །
རྨོངས་པའི་འཆོལ་གཏམ་ལ་ཡང་ཤི་མ་ཐུབ། །
ཤི་མ་ཐུབ་པའི་ཀུ་ཏས་ངང་ཚུལ་སྐྱོ།
སྐྱོན་འཛུགས་བྱེད་མི་ཆོག་དང་བྱ་མི་རུང་བྱས་པའི་བཀའ་ཁྲི་མཆོག་གི་བཀའ་སློབ་ཞིག་ཡིན་ས་རེད། ཕུགས་རྒྱང་ག་ཚོད་ཞིག་བསམ་བློ་ཡིན་པ་གསལ་བོ་རེད།
བཤད་མཁན་སུ་ཡིན་ལ་བལྟས་པ་བཤད་དོན་ལ་གཞིག་དུས་སེམས་ལ་ཚོར་བ་སྦྱིན་སོང་།
གོ་རྒྱུ་མི་འདུག ༧གོང་ས་མཆོག་ལ་བོད་མིས་ཡིད་ཆེས་དང་དད་པ་ཆེ་རུ་འགྲོ་བཞིན་པ་མངོན་གསལ་རེད། ཁོང་ལ་བོད་མིས་ཡིད་ཆེས་ཆུང་དུ་འགྲོ་གི་ཡོད་རེད་ཟེར་བའི་བཤད་སྟངས་དེ་རྒྱ་ནག་གི་ཤིང་ཧ་དང་ཉིན་རེའི་ཚགས་པ་སོགས་ཀྱི་བཤད་སྲོལ་ཞིག་་མ་རེད་དམ།
འདི་ཡང་བཀའ་ཁྲིས་གསུང་པ་ཞིག་ཡིན་མིན་ཞིབ་འཇུག་བྱེད་དགོས་པ་ཞིག་འདུག། བཀའ་སློབ་དངོས་ཀྱི་འབྲེལ་ཐག་འདིར་དྲང་ན་དངོས་སུ་བལྟ་ཉན་བྱས་ནས་བདེན་རྫུན་བལྟ་ཆོག དེ་མིན་ཡིད་ཆེས་དཀའ།
འདི་ཡང་ཆབ་སྲིད་དཔྱད་གླེངས་ཀྱི་ཆབ་སྲིད་གཡོ་ཇུས་ཤིག་མིན་པའི་ངེས་པ་མི་འདུག
བཀའ་ཁྲིའི་ཉེ་འཁོར་ན་ཡོད་པའི་ནང་དེ་འདྲ་ཡོད་ན་མ་གཏོགས་བརྒྱ་ཆའི་ཆ་ནས་གོང་ས་མཆོག་ལ་དད་པ་ཡོད་མཁན་གྱི་མི་འབོར་དེ་ཚད་ཧ་ཅང་མཐོན་པོ་རེད། ཡིན་ཡང་གོང་ས་མཆོག་ལ་ཟུར་ཟ་མཚན་སྨོད་ཞུ་མཁན་མང་ཤོས་འདི་དག་ནི་ཆབ་སྲིད་པ་ལས་ཆོས་ལུགས་པའི་ནང་དུ་ཡོད་པ་མངོན་གསལ་དོད་པོ་རེད། དེ་ནི་མཐར་གཏུགས་ན་གྲུབ་མཐའི་ཕྱོགས་རིས་ཞེས་པའི་དུག་ཆེན་ཟོས་མ་ཐག་ཏུ་མགོ་ནག་བོད་པ་སུ་ཡིན་ཡང་ཤི་འགྲོ་བ། ཆོས་ལུགས་འཐེན་འཁྱེར་ཟེར་བའི་བོད་མི་ས་ཡ་དྲུག་འདི་མ་ཤི་གོང་ལ་སྐེ་བཙུར་གཏོང་མཁན། བླ་ཆེན་མཁན་ཆེན་ཡིན་ཟེར་མཁན་དམར་ལྷམ་མེ་སེར་རྫིག་གེ་ཡོད་པ་དག་གི་སྙིང་ལ་འདྲེ་གདོན་འཇིགས་སུ་རུང་བའི་ཚུལ་གྱིས་ཚང་བཅས་བསྡད་ཡོད་པ་དེ་རང་རེད།
བཀའ་ཁྲི་མཆོག་གི་གསུང་བཤད་འདི་ཀླུ་སྨྱོན་གྱིས་བཤད་པ་ནང་བཞིན་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་འཐམ་ནས་ཤི་འགྲོ་བའང་ཤེས་ཀྱི་མེད་པའི་དེང་དུས་བླ་ཆེན་མཁན་ཆེན་ཟེར་བ་དེ་དང་དེ་ལྟ་བུ་ལ་གཟས་ནས་བཤད་པ་མིན་ནམ་སྙམ།་་་ཡིན་ན་ཡང་སྤྱི་ཡོངས་ནས་ཆ་ནས་བལྟས་ནས་༸གོང་ས་མཆོག་ལ་དད་པ་དང་དག་སྣང་གི་ཚད་མཐོན་པོ་ཡིན་པ་མཐོང་གསལ་དང་ཐོས་གསལ་ཡིན་པས་དེ་ལ་རྩོད་པ་བྱེད་དགོས་དོན་མི་འདུག་སྙམ།་་་་གཙོ་བོ་གསུང་བཤད་དེས་གཟས་ཕྱོགས་ཅི་ཡིན་ཤེས་དགོས་པ་འདུག
ཨ་ལགས་བདེ་མོ་ཡིན་ནམ།
གོང་གསལ་གྱི་བཀའ་སློབ་དེ་ཧོབ་ཏེ་བལྟས་ན་གསར་འགྱུར་འདྲ་པོ་ཞིག་འདུག་ཀྱང་། ཞིབ་ལྟ་བྱས་ཚེ་བོད་རང་
བཙན་གྱི་ལྟ་བ་བཟུང་ཏེ་རང་རེའི་བོད་རྒྱལ་ཁབ་ཀྱི་བདག་དབང་བརྟན་བསྲུང་བྱ་མཁན་རང་བཙན་འཐབ་རྩོད་
རྣམས། མཐའ་གཅིག་ཏུ་ཕམ་ཉེས་གཏོང་འདོད་ཀྱིས་ཀུན་ནས་བསླང་སྟེ་མང་ཚོགས་ལ་ངན་བསྐུལ་བྱ་ཆེད་འུད་
སྒྲོག་ཆེ་ཙམ་བྱས་ཏེ་མི་མང་ནང་ཁུལ་གྱི་འགལ་བ་ཞིག་བསླང་བ་མིན་པའི་ངེས་པ་མི་འདུག་སྙམ།
གཙོ་བོ་ནི་མང་ཚོགས་ཧང་སངས་པ་བཟོས་ཏེ་རང་གི་ལྟ་གྲུབ་ཀྱི་དམིགས་ཡུལ་སྒྲུབ་བྱེད་ཙམ་ཡིན་པར་གདོན་མི་ཟ་སྙམ།
དྲ་གྲོགས་ཚོ། བཀའ་སློབ་འདི་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིའི་ལས་ཐོག་ཡིན་སྐབས་ནེའུ་ཡོག་ཏུ་བགྲོ་གླེང་ཞིག་གི་མཇུག་སྡོམ་གསུང་བཤད་སྐབས་སྩལ་བ་ཞིག་རེད། ཕྱིས་སུ་གཞོན་ནུ་དང་དབུ་མའི་ལམ་༧གོང་ས་མཆོག་ལ་མཇལ་བཅར་སྐབས། གཞོན་ནུའི་ཚོགས་མི་ཞིག་གིས་གསུང་བཤད་འདིའི་གཏིང་མ་ལོན་པར་༧གོང་ས་མཆོག་ལ་དྲི་བ་གཏོང་སྐབས་སྐུ་རླུང་བཞེངས་པ་དེ་རེད། བར་སྐབས་དེར། གཞིས་ཆགས་ཁག་མང་པོ་ཞིག་ནས་གཞིས་མི་སྟོང་ཕྲག་མང་པོའི་ཐུགས་ལ་ཕོག་པ་དེ་གཞིས་ཆགས་ཁག་ཏུ་ངོ་བསྐྱོད་སྐབས་ཚོར་བ་ཆེན་པོས་བརྗོད་བྱུང་བ་མ་ཟད། སྐབས་དེའི་རིན་པོ་ཆེའི་བཀའ་སློབ་ཡིག་ཐོག་དང་འོད་སྡེར་གཉིས་ནས་འགྲེམས་རོགས་ཞེས་སྐུལ་མ་བྱས་བྱུང། སོང་ཙང། འོད་སྡེར་ལས་ཀྱང་ཚགས་ཤོག་གཉིས་ཀྱི་སྟེང་འགྲེམས་སྤེལ་བྱེད་བཞིན་པའི་གནས་ཚུལ་གཅིག་དེ་ཡིན། གལ་སྲིད་འོད་སྡེར་དགོས་མཁོ་ཡོད་མཁན་རྣམས་ཀྱིས་ ༩༨༨༢༥༣༣༧༧༣ འབྲེལ་བ་གནང་རོགས།
བོད་དོན་ལོ་བརྒྱ་ཕྲག་གཅིག་གཅིག་པུ་མིན་བོད་མིའི་གཞོན་སྐྱེས་ཚོ་ག་ཚོད་གནས་པར་དུ་དེ་སྲིད་གཞོན་སྐྱེས་ཚོའི་འཛིན་དགོས་དེར་རྟེན་དིང་གི་སྲིད་ཇུས་ལ་ཆེད་མངགས་ཀྱི་སློབ་ཐོན་པ་ཚོ་ལ་དམིགས་ཡུལ་དང་མདུན་ལམ་ཞིག་ཡོད་ཐག་ཆོད་རེད་རྨོངས་དད་གཅིག་པུའི་བོད་དོན་བདེན་མཐའ་སེལ་ཐུབ་ཀྱི་མ་རེད་བསམ་ཀྱི་འདུག།
བོད་མི་ཡིན་ཚད་ལ་དད་པ་དང་དམ་ཚིག་དགོས་རྒྱུ་གལ་ཆེན་རེད། རྨོངས་དད་དང་སྲིད་ཇུས་ཁ་ཁ་ཡིན་པ་བོད་མི་ཡོངས་ཀྱིས་མཁྱིན་དགོས་རྒྱུ་གལ་ནང་ཆེན་གི་གལ་ཆེན་རེད་ཞུ་རྒྱུ་ཡིན།
གནད་དོན་འདིའི་ཐོག་ན་ཟམ་གདོང་བླ་མས་བོད་གངས་ཅན་པ་ཡོངས་ལ་དགོངས་སེལ་ཞུ་རྒྱུ་ལྷག་ཡོད་བ་རེད། ཅི་སྲིད་དུ་དགོངས་སེལ་མི་ཞུ་ན་དེ་སྲིད་དུ་ཟམ་གདོང་བླ་མ་བོད་རང་བཙན་ལ་འཛེམས་མཁན་ཉེས་ཅན་རེད།
གོང་ས་ཕྱོགས་ལ་མཚན་སྨད་ཞུ་མཁན་རྣམས་ཆོས་ལུགས་འཐེན་འཁྱེར་གྱི་རེད་ཟེར་བ་ནི་རྫུན་གཏམ་ཞིག་རེད། གནའ་སྔ་མོ་ཞིག་ལ་དེ་འདྲ་ཡིན་ཚོད་རེད། ཡིན་ནའང་དེང་སང་༧གོང་ས་མཆོག་ལ་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཐམས་ཅད་ཀྱིས་གོང་དུ་བཀུར་གྱི་ཡོད་རེད། གང་ཉིད་ལ་མཚན་སྨད་ཞུ་མཁན་ནི་རྒྱ་ནག་ནས་དངུལ་གྱི་ཁེ་ཕན་རག་བཞིན་མི་ངན་ཁ་ཅིག་དང་། དགེ་ལྡན་པ་དོལ་རྒྱལ་ལྷ་རུ་འཛིན་མཁན་དེ་ཚོ་ཡིན་པ་མངོན་གསལ་ཡིན་བཞིན་དུ་ངན་ཁག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་དང་མཁན་ཆེན་རྣམས་ལ་བཀྲི་བ་དེ་ཡང་ས་པཎ་གྱིས། ཁ་ཏས་མི་གཙང་བཟོས་པའི་ཆུ། ། ས་གཙང་དག་ལ་འབད་དེ་ཕྱིས།། ཞེས་པ་དེ་རེད།
བོད་ལ་ཞེན། དགེ་ལུགས་ཤུགས་ལྡན་པ་ཊི་ཚོ་ཆོས་ལུགས་པ་མ་རེད་དམ། ངས་བལྟས་ན་ཁོང་ཚོའང་ཆོས་ལུགས་པ་རང་རེད་དོ།།
ང་ཚོ་བོད་པ་ཟེར་ཡག་དེ་སོ་སོའི་བླ་མ་ལ་ཐུག་ན་་་རྒྱུ་མཚན་ག་ཚོད་ཡོད་ནའང་་་་རྒྱུགས་ཁྱི་དང་ངོ་ལོག་པ་རེད་ཟེར་ཁ་ནས་ཤོར་ཤོར་པ་རེད། ངས་བལྟས་ན་དེ་བདེན་པ་རེད་ལྷག་པར་དུ་རྒྱ་གར་ནང་དུ་ཡོད་མཁན་བོད་པ་ཚོ་༧གོང་ས་མཆོག་ལ་དད་པ་ནི་ཉིན་་རེ་ནས་ཉིན་རེ་སྡུག་ཏུ་འགྲོ་བཞིན་ཡོད། ཤུགས་ལྡན་པ་ཚོ་ནི་ཁོ་རང་ཚོའི་ཆོས་བརྒྱུད་འཛིན་པ་ལས་གཞན་སྡུག་པོ་གལ་མ་རེད་སྙམས། དཔེར་ན་ཉེ་ཆར་་་གོང་ས་མཆོག་ནས་་་་བོད་མི་ཁ་ཆེ་ཆོས་ལུགས་འཛིན་མཁན་ཚོར་ཐུགས་མཉེན་པོ་ཞེ་དྲག་གནང་ཤག་་་་་སོང་ཙང་བོད་པ་ཤུགས་ལྡན་པ་ཚོ་ལ་མཐོང་ཆུང་ཁྱད་གསོད་གནང་ན་མ་འགྲིག་པ་རེད་སྙམས་སོ།།
རང་དབང་ཨ་རྡུ་མན་ཁྱེད་རང་ཤུགས་ལྡན་པ་ཞིག་མིན་ནམ། ཤུགས་ལྡན་པ་ཚོས་ཁོ་རང་ཚོའི་ཆོས་རྒྱུད་འཛིན་པ་ལས་གཞན་སྡུག་པོ་གེ་མ་རེད་ཟེར། ཁོ་རང་ཚོའི་ཆོས་རྒྱུད་འཛིན་པ་ཟེར་ན་ཅི་རེད་ཤུགས་ལྡན་པའི་ཆོས་རྒྱུད་ཞེས་པ་ཞིག་ཡོད་པ་རེད་དམ། དེ་མིན་དགེ་ལུགས་པའི་ཆོས་རྒྱུད་ལ་བཤད་པ་ཡིན་ན་དགེ་ལུགས་པས་ཤུགས་ལྡན་པ་ཚོ་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་སྟེ་ཟུར་དུ་གཏོན་པ་མ་ཚོར་རམ། ད་དུང་གོང་ས་མཆོག་ནས་བོད་མི་ཁ་ཆེ་ཚོ་ལ་ཐུགས་རྙེས་པོ་གནང་འདུག་ཞེས་ཟུར་ཟ་བྱས་ཁུལ་བྱས་འདུག་ཀྱང་། ཤུགས་ལྡན་ཚོགས་པས་རྒྱ་དམར་དང་མཉམ་འབྲེལ་གྱིས་གོང་ས་མཆོག་ལ་ངོ་རྒོལ་དང་། སྡ་སར་མཚན་ཉིད་སློན་དཔོན་བསད་པ་སོགས་ལས་ངན་མང་པོ་བསགས་ཡོད་ལ། བོད་མི་ཁ་ཆེ་ཚོས་བྱ་ངན་གང་ཡང་བྱས་མེད་པས་དེ་གཉིས་མཚུངས་བསྡུར་བྱས་པ་ནི་ལྐུགས་རྟགས་བསྟན་པ་རེད།
ཁོང་གིས་གསུང་པ་ནང་བཞིན་རེད། ང་ཚོ་བོད་མིའི་ནང་ཁུལ་དུ་མི་མང་པོ་ཞིག་གིས་༧གོང་ས་མཆོག་གིས་སྲིད་དབང་འཛིན་པ་དེར་མི་འདོད་པའི་རྣམ་པར་དངོས་ཤུག་བརྒྱུད་གསུམ་ནས་མང་པོ་བྱུང་ཡོད་པར་དངོས་ཡོད་ལས་འཁྱོག་བཤད་གང་ཡང་མིན། དཔེ་ན་དེང་གི་ཆར་ཡང་དབུ་མའི་ལམ་གྱིས་སྲིད་ཇུས་ལ་བསྐྱོད་བརྗོད་དང་། བོད་རྒྱལ་འབྲེལ་མོལ་ལ་ཡང་ཟུར་ཟ་སོགས། གང་འདྲ་གནང་གྱི་ཡོད་མེད་ང་ཚོས་ཤེས་གསལ་རེད། མདོ་བསྡུས་ནས་བཤད་ན་གང་དུ་ཞུས་མ་ཐག་པའི་ངན་ཁག་དེ་དག་ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སེངྒེ་སོགས་ལ་དངོས་སུ་འགེལ་ཁུལ་ལས་ཤུག་ཏུ་དེ་དག་གིས་འབྱུང་རྩ་ངོ་མ་༧གོང་ས་མཆོག་ལ་ངན་སྨས་ལས་འདས་མེད། རྒྱུ་མཚན་དེ་འདྲ་མང་པོ་བྱུང་བས་དབང་གིས་༧གོང་ས་མཆོག་ནས་གྲོས་ཚོགས་ནང་གསུང་འཁྲིན་གནང་དགོས་བྱུང་བ་དེ་ཡང་ཁྱོད་ཚོས་ལོས་ཤེས། ད་དུང་མི་ཁ་ཤས་ཀྱིས་དོ་རྒྱལ་དང་འགྲེལ་བས་རྩོད་གླེང་ཡང་མ་འོས་པ་ཡིན་ཚུལ་བཤད་མཁན་ག་ཚོད་ཡོད་མིན་ཁྱོད་ཚོའི་དབང་པོ་མ་ཉམས་པར་གནས་ཡོད་ན་ལོང་བས་བལྟས་ཅང་རྒྱལ་ཁམས་གསལ་བས་དཔེ་བཞིན་གནས་ཡོད། བོ་དགཞུང་བླ་བྲང་དང་མི་ཚང་ཆེ་ཁག་གིས་བཟུང་ཡོད་ཚུལ་དང་། རང་བཙན་བློས་བཏང་རབས་དང་། དེ་དང་དེ་ཞེས་བྱ་བ་བྲིས་ཚར་ཡ་མེད་གནས་ཚུལ་ཡོད་པར་མཁྱེན་པའི་ཐོག་ནས་བཤད་ན་ཡག་པོ་རེད།
བོད་ཀྱི་མི་འབོར་སྐོར།
རྒྱ་གཞུང་གི་༢༠༡༠ལོའི་མི་འབོར་ཞིབ་འཇུག་གི་གྲངས་འབོར་གསལ་བསྒྲགས་བྱས་པ་ལ་ལྟས་ན། བོད་རིགས་མི་འབོར་ནི་༦༢༨༢༡༨༧སྟེ། ས་ཡ་དྲུག་དང་གཉིས་འབུམ་ལྷག་ཟིང་ཡོད།
དེའི་ཁོངས་སུ་མོན་པ་དང་། ཤར་པ། ཧོར་པ། འཇང་པ། མོ་སོའམ་མཐའ་ལུང་པ། སོག་མདའ་ཚན་སོགས་རྒྱ་གཞུང་གིས་བོད་རིགས་མིན་པ་ངོས་འཛིན་གྱི་མི་འབོར་ཁག་གྲངས་འབོར་འདིའི་ནང་ཚུད་མེད།
ཆོལ་ཁ་གསུམ་དུ་དབྱེ་བར་ས་མཚམས་གསལ་བོར་རམ་ཚང་མས་མོས་མཐུན་གྱི་དབྱེ་མཚམས་བརྟན་པོར་ཅན་ཞིག་མེད་དུས། རོབ་ཙམ་དབྱེ་ན། ནག་ཆུ་ཁུལ་གྱི་ནག་ཆི་རྫོང་དང་དེའི་ནུབ་ངོས་ཀྱི་རྫོང་གསུམ་དེ་དབུས་གཙང་ཁོངས་སུ་རྩིས་པ་དང་། དེ་མིན་ཨ་མདོ་དང་སྦྲ་ཆེན། ལྷ་རི་སོགས་ཁམས་ཁུལ་རྩིས་ཡོད། ཉིན་ཁྲི་ས་ཁུལ་ཟེར་བ་ནང་གི་རྫ་ཡུལ་དང་སྤོ་བོ་དེ་ཁམས་ཁུལ་གྱི་ཁོངས་སུ་རྩིས་པ་དང་། དེ་མིན་དྭགས་ཀོང་གི་ས་ཆ་ཁག་དབུས་གཙང་ཁོངས་ཡིན་པ་བརྗོད་མེད་ཐོག། མདོ་སྟོད་སྨད་ཀྱི་ས་མཚམས་ནི་མཚོ་སྔོན་ཞིང་ཆེན་ཟེར་བ་ནང་གི་སྒ་བ་དང་ནང་ཆེན་ཏེ། ཡུལ་ཤུལ་ཁུལ་ཁམས་པ་ཡིན་པ་དེ་ཕུད་པའི་མཚོ་སྔོན་གྱི་བོད་མིའི་མི་འབོར་དང་། རྒྱ་ནག་ཀན་སུ་ཁོངས་ཀྱི་བླ་རོང་དང་། ཇོ་ནེ། དཔའ་རིས་ཀྱི་མི་འབོར། སི་ཁྲམ་ཁོངས་ཀྱི་རྔ་བ་དང་རྒྱ་རོང་སོགས་ཨ་མདོའི་མི་འབོར་ཁོངས་སུ་རྩིས་ན་ཕལ་ཆེད་འགྲིག་ངེས། དེ་ལྟར་རྩིས་ན། མི འབོར་མང་ཤོས་ནི་ཁམས་པ་སྟེ་ས་ཡ་གཉིས་དང་འབུམ་གཉིས་ལྷག་ཡོད་ཞིང་། མདོ་སྨད་མི་འབོར་ས་ཡ་གཉིས་ཙམ་དང། དབུས་གཙང་མི་འབོར་ནི་ས་ཡ་གཅིག་དང་འབུམ་བརྒྱད་མ་གཏོགས་མེད་པར་ཉུང་ཤོས་ཡིན། གང་ལྟར་དབུས་གཙང་ལས་ཨ་མདོའི་མི་འབོར་འབུམ་གཉིས་ཙམ་མང་བ་དང། ཨ་མདོ་ལས་ཁམས་པའི་མི་འབོར་འབུམ་གཉིས་ཙམ་མང་བ་འདུག། ཞིབ་ཕྲ་གཤམ་གསལ་ལྟར་ཡིན།
དབུས་གཙང་གི་མི་འབོར་ནི་ས་ཡ་གཅིག་དང་བརྒྱད་འབུམ་ལྷག་་ཡོད(༡༨༢༠༠༠༠)་པ་སྟེ། གཙང་དུ་དྲུག་འབུམ་བདུན་ཁྲི། མངའ་རིས་ཁྲི་དགུ་ཐམ་པ། དགས་ཀོང་དུ་ཁྲི་བརྒྱད། ལྷོ་ཁར་གསུམ་འབུམ་གཉིས་ཁྲི། ནག་ཆུ་ཁོངས་ཀྱི་རྫོང་བཞིར་ཆིག་འབུམ་བརྒྱད་ཁྲི། ལྷ་ས་ཁུལ་བཞི་འབུམ་བརྒྱད་ཁྲི་ཐམ་པ་ཡོད།
ཁམས་དུ་མི་འབོར་ནི་ས་ཡ་གཉིས་དང་འབུམ་གཉིས་༢༢༨༠༠༠༠ལྷག་ཡོད་པ་སྟེ། ཆབ་མདོར་དྲུག་འབུམ་བཞི་ཁྲི། ནག་ཆུ་གཉིས་འབུམ་ཆིག་ཁྲི་ཙམ། རྫ་ཡུལ་དང་སྤོ་བོར་ཁྲི་ལྔ་ཙམ། དཀར་མཛེས་༨༥༤༨༦༠། སྒ་བ་དང་ནང་ཆེན་བསྡོམ་པའི་ཡུལ་ཤུལ་ཁུལ་དུ་༣༦༥༡༦༩། བདེ་ཆེན་དུ་༡༢༩༤༩༦། མི་ལིར་ཁྲི་བཞི་ཙམ་ཡིན།
ཨ་མདོར་མི་འབོར་ནི་ས་ཡ་གཉིས་དང་ཁྲི་གཉིས་༢༠༢༠༠༠༠ཙམ་ཡོད་པ་སྟེ། རྔ་པར་༥༠༨༧༤༧། མཚོ་སྔོན་ཡུལ་ཤུལ་ཕུད་མི་འབོར་ས་ཡ་གཅིག་དང་འབུམ་གཅིག་ལྷག། ཀན་ལྷོ་དང་དཔའ་རིས་གཉིས་ཚོད་རྩིས་བྱས་ན་བཞི་འབུམ་གཉིས་ཁྲི་ཐམ་པ།
གོང་གི་ཆོལ་གསུམ་མི་འབོར་བསྡོམས་ན་ས་ཡ་དྲུག་དང་ཆིག་འབུམ་ཆིག་ཁྲི་ཙམ་ཟིང་ཞིང་། ས་ཆ་གཞན་བོད་མི་མི་འབོར་ཆིག་འབུམ་ལྷག་ཡོད་པ་ཤེས་ཐུབ།
རྣམ་དཔྱོད་མི་ལྡན་ཞིང་དངོས་ཡོད་དང་རྒྱང་ཐག་རིང་བའི་སྐད་ཆ་འདི་ཚོ་བཀའ་ཁྲི་སུས་བཤད་པ་རེད།
སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པ་རེད་ཟེར་ནས། བསོན་ནམས་གནམ་ནས་མར་ཁ་ནང་དུ་ལྷུང་ཡོང་རྒྱུ་ཞིག་ཡོད་པ་མ་རེད། ལག་ཟུང་ཐལ་མོ་སྦྱར་ནས་སྨོན་ལམ་བཏབ་པ་ཙམ་གྱིས་ཟས་རང་འགྲུབ་དང་གོས་རང་འགྲུབ་བྱུང་འགྲོ་བ་ཞིག་ཡོན་པ་མ་རེད། ད་ལྟ་བཙན་བྱོལ་གྱི་གནས་ཚུལ་ཡག་པོ་ཡོད་པ་དེ་གཙོ་བོ་རྒྱལ་བ་རིན་པོ་ཆེའི་ ་་ཐུགས་རྗེའི་བྱིན་རླབས་དང་འཕྲིན་ལས་ཀྱི་ནུས་པའི་འོག་་ མང་ཆེ་བ་མི་མང་གིས་ལྷག་བསམ་སྲོལ་མེད་དང་། སེམས་ཤུགས་ལ་བསྟེན་ནས་དཀའ་ལས་བརྒྱབ་ཡོང་པའི་གྲུབ་འབྲས་རེད། ་་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་འདི་འདྲ་བྱུང་བ་དེ་མི་མང་གིས་དཀའ་ལས་བརྒྱབས་ཏེ་ཡོང་བ་ཧ་ཅང་ཉུང་ཉུང་རེད།་་ ཟེར་བ་དེ་དངོས་ཡོད་དང་རྒྱང་ཐག་རིང་ཞིང་བདེན་པ་མིན་པའི་སྐད་ཆ་ཞིག་རེད།
བཙན་བྱོལ་གྱི་རྟེན་གཞིར་གྱུར་པའི་སྒྲིག་འཛུགས་ནས་གཞིས་ཆགས་ཁག དེ་དག་གི་འཛུགས་སྐྲུན། ལམ་ལས། བཟོ་ལས་ལག་ཤེས། ཞིང་ལས་འབྲོག་ལས། ཚོང་ལས། སློབ་གྲྭ་ཁག མདོར་དེད་ན། ཆོས། རིག ནོར། སྲིད་དང་འབྲེལ་བའི་བཙན་བྱོལ་བོད་མིའི་ཚོགས་སྡེ་འདྲ་མིན་རེ་རེ་ནས་མི་དམངས་ཀྱིས་དཀའ་ལས་བརྒྱབ་ཏེ་ཡོང་བ་ཞིག་མ་རེད་དམ། ཁྱེད་ལ་ཆི་འདྲ་འདྲའི་མི་དམངས་སྐྱོ་བོ་ཞིག་དང་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ཐོབ་འདུག་ཨང་།
་་ང་ཚོ་བོད་མི་སྦར་མོ་གང་དེས་མང་གཙོ་ཡང་དག་པའི་ནང་བསྡད་ཀྱི་རེད་དམ། བསྡད་ཐུབ་ཀྱི་རེད་དམ། མང་གཙོ་འདི་འདྲ་ཞིག་ལ་སླེབས་ཐུབ་ཀྱི་རེད་དམ། ་་ ཟེར། འཛམ་བུ་གླིང་གི་མི་མང་ཆེ་བ་དམངས་གཙོ་ལ་དགའ་མོས་ཡོད་པ་དང་མི་རིགས་མང་པོ་ཞིག་དམངས་གཙོའི་ནང་བསྡད་ཐུབ་ས་ནས་བོད་མི་དམངས་རྣམས་དམངས་གཙོ་ཡང་དག་པར་བསྡད་མི་ཐུབ་པའི་དོགས་གཞི་དེ་ཁྱེད་ལ་ཅིའི་ཕྱིར་སླེབས་པ་རེད། མི་དམངས་ཀྱི་ནུས་པ་དང་སྟོབས་ཤུགས་ལ་ངོས་འཛིན་ཞན་ཞིང་མཐོང་ཆུང་གི་བསམ་བློ་ཡོད་པ་ལས་བྱུང་བ་མ་རེད་དམ།
འཛམ་གླིང་འདིར་སྟོབས་ཤུགས་ཟེར་བ་ཞིག་ཡོད་ན། དེ་ནི་མི་དམངས་ཀྱི་སྟོབས་ཤུགས་ཡིན་དགོས་པ་རེད། རྣམ་དཔྱོད་ཟེར་བ་ཞིག་ཡོད་ན་དེ་ནི་མི་དམངས་ཀྱི་རྣམ་དཔྱོད་ཡིན་དགོས་པ་རེད། དམངས་གཙོ་ནི་མི་དམངས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་རྣམ་དཔྱོད་ཀྱི་འབྲས་བུ་རེད།
འཛམ་གླིང་འདིར་རླབས་ཆེན་གྱི་རྒྱལ་པོ། རླབས་ཆེན་གྱི་བླ་དཔོན་དང་ཆོས་དཔོན་ཇི་འདྲའི་མང་པོ་ཞིག་ད་བར་བྱུང་ཡོད་པ་རེད་ཨང། ཡིན་ནའང་། ང་ཚོའི་མཐར་ཐུག་གི་འདམ་ག་དེ་དམངས་གཙོ་ཁོ་ན་ཡིན། རྒྱུ་མཚན། དམངས་གཙོ་ནི་ད་བར་དུ་བྱུང་བའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཚང་མའི་ལོ་ཚད་སྤྱི་སྡོམ་བྱས་པ་ལས་རིང་བ་དང་བརྟན་པ་ཡོང་བའི་རེ་བ་རྒྱག་གི་ཡོད།
དོན་དངོས་ཐོག་༸གོང་ས་མཆོག་གི་དགོངས་པ་དཀྲུགས་གཞིའི་དྲི་བ་དེའི་འབྱུང་རྐྱེན་ནི། ་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བཞག་གནང་བའི་ཚད་ལས་བརྒལ་བའི་དཔེ་མཚོན་ཏེ། རྒྱ་གུང་བྲན་དང་དོལ་རྒྱལ་རྗེས་འབྲངས་པ་ལས་ཉེན་ཁ་ཅུང་ཆེ་བ་འདུག་ཅེས་པ་དེའི་དཔེ་དོན་བཞག་སྟངས་དང་ཡང་འབྲེལ་བ་ཤིན་ཏུ་ཆེ་བས།
གླ་སྲིད་དྲི་བ་འདོན་མཁན་ལ་ཉེས་པ་ཡོད་ན་ཁྲི་ཟུར་ཁོང་རང་ཉིད་ལའང་ཉེས་པའི་ཆ་ཅུང་ཞིག་མི་འབྱུང་བའི་ངེས་པ་མེད་དེ། གོང་གི་རྒྱུ་མཚན་དེའི་འབྱུང་རྐྱེན་དེའི་ཕྱིར།
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་གནད་འགག་ཅན་གྱི་བཀའ་ཕེབས་འདུག
དངོས་གནས་ང་ཚོ་བཙན་བྱོལ་ཏུ་འབྱོར་ནས་མང་གཙོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡང། མང་གཙོའི་སྤྱི་ཚོགས་ནང་རང་གི་ལྟ་གྲུབ་དང་མི་མཐུན་པའི་ལྟ་གྲུབ་གཞན་ལ་བརྩི་བཀུར་མི་བྱེད་པ་དང། བསམ་སྤྱོད་གཉིས་ནས་ལྟ་གྲུབ་གཞན་ལ་ཆེད་དུ་བར་ཆད་དང་གེགས་རྐྱེན་བཟོ་པ་འདི་དངོས་གནས་ཐབས་སྐྱོ་བོ་རེད། ཆེས་ཐབས་ཆག་གི་བསམ་སྤྱོད་འདིའི་མཇུག་འབྲས་གོང་དུ་བཤད་པ་བཞིན་༧རྒྱལ་བ་རིན་པོ་ཆེས་རང་བཙན་རྩོད་ཀྱི་ཡོད་པ་ལྟ་བུར་གོ་ནོར་ཐེབས་པ་དེ་རེད། བོད་རང་བཙན་རྩོད་ཀྱི་ཡོད་ཟེར་མཁན་འཇམ་ནོར་མགོ་བཟུང་ནས་རྩིས་ན། མཚམས་རེར་དངོས་གནས་མི་གཤིས་ཁྱོན་ནས་མེད་པའི་སྐད་ཆ་དེ་རྫུན་མ་རྫུན་རྐྱང་དེ་འདྲ་བཤད་ཀྱི་ཡོད་པ་རེད། འཇམ་ནོར་གྱིས་ཨ་རི་ནས་རྒྱ་མི་ཤེས་ཡོན་ཅན་ཞིག་ལ་བོད་མི་བརྒྱ་ཆ་༩༠ རང་བཙན་ལ་རྒྱབ་སྐྱོར་ཡོད་པ་རེད། ཡིན་ནའང། རྨོངས་དད་ཆེ་བས་༧ཏཱ་ལའི་བླ་མའི་གང་གསུངས་ལ་ཉན་གྱི་འདུག ཆབ་སྲིད་ཀྱི་འཐབ་རྩོད་ཁྱོན་ནས་བྱེད་ཤེས་ཀྱི་མི་འདུག་ཅེས་བཤད་པ། ཕྱིས་སུ་རྒྱ་མི་དེ་རྡ་ས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས། དེ་བཞིན་སྒེར་པ་ཤེས་ཡོན་ཅན་མི་སྤུས་ཡོད་མཁན་དེ་འདྲ་ཞིབ་འཇུག་གིས་ཐུག་སྟེ་སྐད་ཆ་འདྲི་སྐབས་གཞི་ནས་རྫུན་རྐུབ་རྡོལ་འདུག དེ་འདྲའི་དབང་གིས། ད་བར་ང་ཚོའི་རྩ་དོན་ལ་ནུས་པ་མ་ཐོན་པ་དང། བོད་རྒྱ་འབྲེལ་མོལ་ལ་ནུས་པ་མ་ཐོན་པ། རྒྱ་ནག་གཞུང་ལའང་དོགས་པ་བྱུང་བ་བཅས་བྱུང་འདུག་པ་ནི་ཚང་མས་ཤེས་གསལ་ཡིན་སྟབས། ད་ནས་བཟུང།
༡ བོད་མི་ཚོས་རང་བཙན་ཡིན་ཟེར་མཁན་རང་དོན་སྒྲུབ་མཁན་དེ་ཚོར་འབྲེལ་བ་བྱས་ན་རྩ་དོན་བརླག་ཉན་འདུག
༢ རང་བཙན་འདོད་ཀྱང་༡ འཐབ་རྩོད་ཀྱི་དགོས་དམིགས། ༢ རྩོད་མཁན་གྱི་སྒྲིག་འཛུགས། ༣ རྩོད་པའི་ཐབས་ལམ་མེད་མཁན་ཞིག་ཡིན་ན་བོད་མི་ཚོ་རྩ་བ་ནས་མགོ་འཁོར་ཉན་གྱི་མི་འདུག
༣ ༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་འདུག་ཅེས་པ་དེའི་ཡོང་རྐྱེན་གཅིག་བཙན་བྱོལ་ནང་གི་རང་བཙན་པ་འཇམ་ནོར་དང་ལྷ་བཟང་སོགས། བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ། དེ་བཞིན་བོད་ཀྱི་རིག་གནས་དང་བཅས་པར་མི་གཤིས་དང་དམ་ཚིག་གང་ཐད་ནས་ཅི་ཡང་མེད་མཁན་ཚོའི་བྱས་འབྲས་ཡིན་པས། དེ་དག་སྐྱག་ལངས་ལ་བཏང་རིན་ཁྱོན་མིན་པ་ཤེས་དགོས་པ་རེད།
༤ འཇམ་ནོར་དང་ལྷ་བཟང་ཟེར་བ་འདི་དག་གིས་ད་བར་ལོ་ལྔ་བཅུའི་ནང་བོད་གཞུང་དང་༧གོང་ས་མཆོག་ལ་གནས་དུས་ཚོད་རྩིས་རྐྱང་རྐྱང་བྱས་འདུག་པ་ཧ་ཅང་གསལ་བོ་རེད་འདུག་པས། མི་རབས་གསར་པས་མི་འདི་དག་གི་ངོ་བོ་དང་དགོས་དམིགས་ཅི་ཡིན་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་དགོས་ཚོད་གདའ།
༥ རང་བཙན་ནི་ཚོར་བ་ཙམ་དང། ཐོབ་ཐང་ཙམ་རེད་ཅེས་རྩད་བསྡད་ན། དངོས་གནས་ངོ་ཚ་བོ་དང་ཐབས་སྐྱོ་བོ་ཞེ་དྲག་རེད། དངོས་གནས་ང་ཚོ་དྲག་པོའི་ལམ་དུ་སོང་རང་བཙན་བཤད་ཁུལ་བྱས་ན། མི་གསོད་ཁྲག་སྦྱོར་ཚད་ལས་བརྒལ་བ་ཞིག་བྱས་རྗེས་ཅི་གང་མེད་པའི་མཇུག་འབྲས་ཤིག་ཐོབ་པ་གསལ་བོ་རེད། སྡུག་ས་ནས་བཤད་ན། རྒྱ་གར་ཕར་བཞག་ཞོག ཕྱི་རྒྱལ་ཁག་གི་མི་སེར་ཆགས་ཟིན་པའི་བོད་མི་ཚོའང་འདུག་ས་མེད་པ་ཞིག་བཟོ་བ་གསལ་བོ་རེད།
༦ ཕྱོགས་གང་ནས་བལྟས་ཀྱང་ང་ཚོར་རང་བཙན་ཐོབ་ཀྱི་མ་རེད་མོད། ཆབ་སྲིད་ཀྱི་ཚོང་དང་དམག་ཅིག་རྒྱུད་ན་རེ་བ་འདྲ་ཞིག་ཡོད་ན། འཚེ་བ་ཅན་གྱི་ལས་བྱེད་མཁན་དེ་འདྲ་ཡོང་སྲིད་པ་རེད་མོད། ད་ལྟ་ང་ཚོ་བོད་ལ་ལྟ་ས་ཅི་ཞིག་ཡོད་དམ། གང་ཡང་མེད་པ་གསལ་བོ་རེད། མེད་པ་འདི་འདི་ནས་ལོ ༡༠ དང་༡༥ བར་བསམ་བློ་བཏང་ན་ཡར་རྒྱས་སུ་འགྲོ་ཡི་རེད་དམ། གཏན་ནས་འགྲོ་ཡི་མ་རེད། ངས་བལྟས་ན་བོད་མི་བཙན་བྱོལ་བ་ཚོའི་དུས་ཚོད་ཡག་ཤོས་རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་དུས་ཡིན་པ་རེད། དེས་ན་ཚོད་དཔག་ཅིག་གནང་རོགས། ལོ་ག་ཚོད་འགོར་ས་རེད། རང་བཙན་གང་ནས་ཡོང་གི་རེད།
༧ ང་ཚོ་བོད་མི་ཚོར་སྐྱོན་གཉིས་ཡོད་པ་ནི། རང་སྐྱོན་ཁས་མི་ལེན་པ་དང་རང་ལ་མེད་ནའང་ཅིག་ཡོད་མདོག་མདོག་བྱེད་པ་འདི་གཤིས་ཀ་རང་ལ་འཐིམས་བསྡད་ཡོད་པ་རེད། དེར་འགྱུར་བ་གཏོང་དགོས་ཀྱི་འདུག ང་ཚོ་བོད་ལ་ལྗིད་ཁོག་ག་ཚོད་འདུག་ལྟ་དགོས་ཀྱི་འདུག བཙན་བྱོལ་ནང་གི་གཞིས་ཆགས་ཚོར་ལྟོས་དང། བོད་ནང་གི་གྲོང་པ་དེ་ཚོ་བསྡུར་ས་འགྲོ་ཡི་མ་རེད། བོད་ནང་འཚོ་བའི་ཕྱོགས་རང་འགོ་རང་ཐཽན་རེད། དེ་ནས་སྐད་ཡིག་རིག་གནས་རྒྱུད་འཛིན་ཐད་གཟིགས་དང། བཙན་བྱོལ་ནང་ངོ་ཚ་བོ་ཞེ་དྲག་རེད། གནས་བབ་འདིའི་འོག་དངོས་གནས་བྱས་ན། ང་ཚོར་བོད་ནང་གི་གནས་ཚུལ་ཤེས་རྒྱུའི་ཆ་རྐྱེན་མེད་པ་དེའང་གསལ་བོ་རེད། དེས་ན་ཁོང་ཚོའི་དོན་དག་ཅིག་བཤད་རྒྱུའི་གནས་ཚད་ག་འདྲ་ཞིག་ཡོང་གི་རེད་དམ།
༨ བོད་ནང་དུ་བསམ་བློ་གཏོང་ཤེས་མཁན་དང་ཡང་ན་གནས་སྟངས་མཁྱེན་མཁན་ཞིག་ཡིན་ན། རང་བཙན་ཟེར་གྱི་མ་རེད། རང་སྲེག་གཏོང་མཁན་བརྒྱ་ཆ་ ༩༩ རང་བཙན་ཁྱོན་ནས་གསུང་གི་ཡོད་པ་མ་རེད། པཎ་ཆེན་རིན་པོ་བཙོན་གྲོལ་ཐོབ་རྗེས་དང། བོད་རྒྱ་ཞི་མོལ་དང་པོ་མགོ་ཚུགས་རྗེས་ནས་བོད་རང་བཙན་ཟེར་བ་དེ་བོད་ནང་ནས་ཡལ་ཚར་བ་རེད། དེ་རྒྱུ་མཚན་ཞིག་གི་ཐོག་ནས་ཡལ་བ་རེད། དེས་རྐྱེན། ང་ཚོས་ཁོང་རྣམས་པའི་འདོད་དོན་ལ་བརྩི་བཀུར་བྱ་ན་མགྲིན་ཚབ་བྱ་ན་འདི་ནས་འདྲ་མི་འདྲ་ལབ། རང་བཙན་ལབ་བསྡད་ན་ག་བ་ཡོང་གི་རེད།
༩ མདོ་ཁམས་སྨད་ཕྱོགས་ལ་མཚོན་༧རྒྱལ་བ་པཎ་ཆེན་གྱི་གཟི་དཔལ་མཛད་འཕྲིན་ལ་བརྟེན་ནས་སྡེ་པ་གཞུང་དང་བརྩི་བཀུར་བྱེད་ཀྱི་ཡོད་པ་རེད། འདི་ནས་རང་བཙན་པ་ཚོས་༧རྒྱལ་བ་རིན་པོ་ཆེར་ཁ་བཏང་སྐུར་འདེབས་བྱས་ན། ཁོང་ཚོས་ག་རེ་དགོངས་ཀྱི་རེད་དམ། ཁོང་རྣམ་པ་ཚོས་ག་རེ་བྱས་ནས་བོད་དོན་ལ་ད་བར་ཤུགས་རྒྱབ་པ་རེད་དམ།
༡༠ ད་དུང་བཙན་བྱོལ་ནང་རང་བཙན་ཟེར་མཁན། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ཁུལ་ཆབ་སྲིད་ཕྱོགས་ཁག་ཁག་གི་གཡོ་འོག་ཏུ་ཚུལ་སྡོད་མཁན་ཞེ་དྲག་མང་པོ་ཡོད་ས་རེད། དེ་རྣམས་ཀྱིས་དངོས་གནས་བོད་དོན་ལ་འགན་འཁུར། བོད་མི་མང་ལ་མཐོང་ཆུང་མ་བཏང་ན་ཞེ་དྲག་ཡག་གི་རེད། དེ་མིན་ས་འོག་དར་ཐག་ལྟ་བུའི་ལས་ཀ་ཐབས་ཆག་བྱས་བསྡད་ན་ཁུངས་འཁྱོལ་གྱི་མ་རེད། ལས་རྒྱུ་འབྲས་འགྲོ་གི་མ་རེད། དེ་རྣམས་ཀྱིས་གཟབ་པར་འཚལ་ལོ།།།།།
འཇམ་དབྱངས་ནོར་བུ་ལྷ་བཟང་ཚེ་རིང་སོགས་མི་ཁ་ཤས་ཀྱིས་༧གོང་ས་མཆོག་ལ་མཐོང་ཆུང་ཁྱད་གསོད་བྱས་པ་དག་རེ་རེ་བཞིན་ང་ཚོས་ཐེར་འདོན་བྱས་ཏེ། ད་ནི་ང་ཚོ་བོད་མི་མང་གཉིད་ལས་སད་ཡོད་པའི་རྟགས་གསལ་བོ་སྟོན་དགོས་པ་རེད་བསམས། ད་བར་མི་འདི་དག་གིས་ཁ་ལ་གང་ཡོང་བཤད་བསྡད་པ་རེད། གོ་ཐོས་བྱས་ན། འཇམ་ནོར་གྱིས་དེ་རིང་སང་ཉིན་གཞི་ནས་བོད་དང་བོད་མིར་འགྱོད་གཤགས་ལྟ་བུའི་རྣམ་འགྱུར་སྟོན་གི་འདུག་ཟེར། དེ་མིན་ལས་བྱས་པ་དང་ཆུད་མི་ཟ་གསུངས་བ་ལྟར། ས་རྡོ་དབྱེ་འབྱེད་འདི་སྔ་ཕྱི་མ་གཏོགས་བྱེད་དགོས་པའི་དོན་དག་ཅིག་རེད།
མགོན་པོ་ཕྱག་གཉིས་འདྲི་བ་ཞིག་ཡོད། ལན་ཡག་མོ་བསྟེར་ན། སྦི་རག་དམ་བི་གསུམ་སྦྱིན། ལན་ཡག་མོ་མ་བསྟེར་ན། ང་ཚོ་གྲྭ་པའི་ལུགས་སྲོལ་ཞིག་ཡོད། དེ་གཏོང་གི་ཡིན།
སྤྱི་མཐུན་བསོད་ནམས་ཅེས་པར་ཁྱེད་བློ་ལ་མི་འགྲོ་བས། དེ་ལ་ཁྱད་པར་མིན་འདུག
འོ་ན། ཐུགས་རྗེའི་བྱིན་རླབས་ཅེས་ཁྱེད་ཡིད་ཆེས་ཡོད་པའི་སྣང་བ་ཞིག་སྤྲད་བྱུང་། དེ་ལ་ཁྱེད་ཡིད་ཆེས་ཡོད་དམ།
སྨོན་ལམ་བརྒྱབ་ནས་ཟས་རང་གྲུབ་ཡོང་བར་རེ་བ་རྒྱག་པ་དང་། དམངས་གཙོ་ཡུན་རིང་གནས་པར་རེ་བ་རྒྱག་པ་གཉིས་ཀ་རེ་བ་མ་ཡིན་ནམ། གཅིག་ལས་གཉིས་ཤོས་དེ་བཟང་བའི་རྒྱུ་མཚན་དང་དཔར་རྟགས་འགའ་སྤྲོད་རོགས།
བོད་ཀྱོ་ལོ་རྒྱུས་ནང་དུ་ཆོས་ལུགས་བར་མ་འཐུན་དབང་གི་བོད་ཀྱི་ད་ལྟའི་གནས་བབ་འདི་ཆག་པ་ཚང་མས་མཁྱེན་གསལ་རེད།
ང་ཚོས་བོད་ཀྱི་གཏམ་དཔེ་ལ་། ༼ཕྱིའི་དགྲ་ལས་ནང་དགྲ་སྡུག༽ ཞེས་པའི་གནས་བཏང་དེ་འདྲ་འོག་གསུང་པ་རེད། དེ་ནི་དངོས་ཡོད་གནས་ཚུལ་རེད།
མགོན་པོ་ལག་གཉིས་པ་འདི་ལ་ངས་བསྟོད་པ་ཞིག་བརྩོམ་ན་འདོད། ལག་གཡས་ཟོར་ར་གཡོན་པའི་མི་སྙིང་འཁྱེར། །སེངྒེ་ཞོན་ནས་གསེར་ཞྭ་འོད་ཟེར་དེའི། །རིགས་མེད་བསྟན་འཛིན་ཀུན་གྱིས་མཛད་འཕྲིན་བཟན། །བསྟན་ཀླ་ཀློའི་སྲུང་མ་ཁྱོད་ཉིད་ཡིན། །
མགོན་པོ་ལག་གཉིས་པ་འདི་ལ་ངས་བསྟོད་པ་ཞིག་བརྩོམ་ན་འདོད། ལག་གཡས་ཟོར་ར་གཡོན་པའི་མི་སྙིང་འཁྱེར། །སེངྒེ་ཞོན་ནས་གསེར་ཞྭ་འོད་ཟེར་དེའི། །རིགས་མེད་བསྟན་འཛིན་ཀུན་གྱིས་མཛད་འཕྲིན་གཟན། །བསྟན་དགྲ་ཀླ་ཀློའི་སྲུང་མ་ཁྱོད་ཉིད་ཡིན། །
ལུང་རྟོགས་ལགས། ཁྱེད་རང་ནས་ཁ་ཤུགས་ཆེན་པོའི་ངང་་་་ཁྱེད་རང་ཤུགས་ལྡན་པ་མིན་ནམ་ཞེས་དྲི་བ་དེ་ཚད་ལས་རྒལ་བ་མིན་ནམ་སྙམ། ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་ལམ་ལུགས་བརྗོད་མི་ཆོག་པའི་ལུགས་སྲོལ་ངན་པ་དེ་ག་ནས་དར་བ་རེད། ངས་བལྟས་ན་དེ་ནི་ལྟས་ངན་རང་རེད། ཕྱོགས་གཅིག་ནས་བཤད་དུས་དམངས་ཚོགས་རང་དབང་དང་ཆོས་དད་རང་དབང་ཞེས་ཁ་ནས་དུང་ཕྱུར་མང་པོ་བསགས་ནས་དོན་དངོས་ཐོག་ལ་སླེབས་དུས་ཆེས་རྗེས་ལུས་ཀྱི་རྣམ་པ་དང་དམངས་ཤོར་གྱི་ལྟ་བའི་རང་མདོག་སྟོན་པ་རང་རེད། དྲང་པོ་ཞུས་ན་ཤུགས་ལྡན་པ་ནི་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་མཁན་མ་ཡིན་པ་ནི་སུས་ཀྱང་སྒྲུབ་མི་ནུས།
དཔེར་ན་་་་གོང་ས་མཆོག་ནས་དོན་ལྔ་ལོའི་བར་ངས་ཀྱང་ཤུགས་ལྡན་བསྟེན་པ་ཡིན་ཧུར་ཐག་རྦད་ཐག་བྱས་ནས་བསྟེན་པ་ཡིན་་་ཞེས་པའི་བཀའ་སློབ་དེ་མ་ཚོར་རམ། ཧ་ཧ་དེ་སྔར་རྒྱལ་བ་རིན་པོ་ཆེའང་དགེ་ལྡན་པ་མ་རེད་པས། ལབ་དང་། ད་དུང་ཤུགས་ལྡན་པ་ཚོས་མི་བསད་ཀྱི་ལས་ཀ་བྱེད་ཀྱིན་ཡོད་ན་ངས་ཀྱང་ངོ་རྒོལ་ཡོད་་་་གསུང་དང་ག་དུས་བསད་པ་རེད་བསད་མཁན་མི་དེ་སུ་རེད་མི་ག་ཚོད་ཡོ་རེད། གསལ་པོ་ཞིག་གསུང་དང་་་་ང་ཚོར་དཔང་རྟགས་ཡོད་རོགས་བྱས་ན་རྒྱ་གར་རྩ་ཁྲིམས་ཡོད་པའི་རྒྱལ་ཁབ་ཤིག་སོང་ཙང་་་ང་ཚོས་ཤུགས་ལྡན་པ་ཚོ་ལམ་སང་ཁྲིམས་ལ་སྦྱོར་ཆོག་གི་རེད། དེ་མིན་ཁུངས་མེད་གཏམ་གང་བྱུང་དུ་སྨྲས་ན་རང་ཉིད་དམྱལ་བར་འགྲོ་བའི་རྒྱུར་འགྱུར་བས་མཚམས་འཇོགས་གནང་ན་མཛེས། དངོས་གནས་བྱས་ན་ཤུགས་ལྡན་པ་ཚོའི་ལྷག་བསམ་དང་སྙིང་སྟོབས་ནི་ཆེས་འགྲན་པར་དཀའ་བ་ཞིག་རེད། ༡༩༩༦་ནས་བཟུང་ད་བར་བཙན་བྱོལ་བོད་མི་ཚང་མས་མཐོང་ཆུང་དང་ཁྱད་གསོད་ག་ཚོད་བྱས་ཀྱང་དམ་བཅའ་ལ་འགྱུར་བ་མེད་པར་སྔར་ལས་དར་རྒྱས་ཆེན་པོར་སོང་ཡོད་པ་་་་་གོང་ས་མཆོག་ནས་རྡོར་གདན་དུ་གསུང་པ་དེ་མ་ཚོར་རམ། ང་རང་གི་ལྟ་བ་ནི་ཆོས་དད་རང་དབང་གི་ལྟ་བ་རང་ཡིན་་་དེ་ཡང་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་ཐོག་ཆོས་དད་རང་དབང་ལ་དགའ་ཞེན་ཡོད། དེ་འདྲ་སོང་ཙང་ཆོས་ལུགས་བཀག་འགོག་བྱེད་མཁན་ཚོར་མཐའ་གཅིག་ཏུ་དགག་པ་ཡོད།
གང་ཡིན་ཟེར་ན་ཆོས་བྱེད་ཡག་དེ་རང་ཉིད་ཀྱི་སེམས་རྒྱུད་འདུལ་ཡག་རེད་མ་གཏོགས་་་་གཞན་ཀྱ྄ི་གྲུབ་མཐའ་དང་ཆོས་་ལུགས་ལ་ཁ་
གཏོང་ཡག་རྩ་བ་ནས་མ་རེད། ད་ཧ་གོ་སོང་ངམ། །
༧གཟུར་གནས་ཀྱི་དྲྭ་གྲོགས་རྣམས་གསོན་དང་། དྲང་བདེན་དང་མིའི་གཤིས་བྲལ་བའི་མིང་རྫུན་གྱི་འོག་ནས་དངོས་ཡོད་དང་བདེན་པ་བྲལ་བའི་སྨྲ་ངན་འདི་དག་ཉོན་ཞིག བདེན་དོན་དང་དངོས་ཡོད་ཡིན་པའི་རྒྱུ་མཚན་ཡང་དག་ཡོད་ན། དངོས་མིང་གྱི་ཐོག་ནས་དྲྭ་རྒྱའི་ནང་དུ་ཤོག་དང་། བདེན་དོན་གྱི་གཏམ་གླེང་ཡང་ཡང་བྱེད་ཆོག དེ་མིན་མིའི་བཟང་སྤྱོད་དབེན་པའི་མིང་རྫུན་གྱི་འོག་ནས་ཕྱོགས་རིས་དང་འཐེན་གྱིས་བོད་མིའི་སྤྱི་ཚོགས་འདིའི་ནང་དུ་ཁྲག་བཞིན་མ་དཀྲུག་རོགས། དངོས་ཡོད་དང་བདེན་པ་ཡིན་ན་དངོས་མིང་གྱི་ཐོག་ནས་གཏམ་གླེང་བྱེད་མ་ཐུག་པ་གང་རེད། རེད་མ་རེད་དྲྭ་གྲོགས་ཚོས་གཟུ་བོའི་བློ་ཡིས་དཔྱད་པ་མཛད་དང་། བདེན་པ་རྒྱལ་རྒྱུར་ཅིག
ཏྰ་ལིའི་བླ་མས་་་༄༅། །དེང་སང་ང་ཚོ་བོད་སྤྱིའི་པའི་དོན་ལ་དཀའ་ལས་རྒྱག་པའི་དུས་ཚོད་འདི་འདྲའི་སྐབས་སུ་ལྷ་མི་གང་ཡིན་ནའང་དམ་ཚིག་མཐུན་པོ་དགོས་རྒྱུ་གལ་ཆེན་པོ་རེད། མི་དམ་ཚིག་མ་གཙང་བའི་ཐོག་ནས་སྐབས་རེ་དཀའ་ངལ་འཕྲད་ཀྱི་ཡོད་པ་ནང་བཞིན་ལྷ་སྲུང་གི་ནང་ལའང་སྐབས་རེ་དམ་ཚིག་མི་གཙང་བ་ཡོང་གི་འདུག ཅེས་ངས་སྔ་རྗེས་མང་པོར་བཤད་ཡོད། ད་ལྟ་ཡིན་ནའང་ངས་སྔོན་མ་བཤད་པའི་སྐད་ཆ་དེ་ག་རང་འགྱུར་བ་མེད་པར་ཤོད་ཀྱི་ཡོད། འགའ་ཤས་ཀྱིས་འགྱུར་བ་ཕྱིན་མེད་དམ་བསམ་པ་དྲན་མདོག་ཁ་པོ་མ་རེད་དེ། ཡིན་ནའང་ངས་དེ་རིང་གཅིག་ལབ་ན་བསམ་བྱུང༌། བོད་ཕྱི་ལ་ཡིན་ནའང་རེད། བོད་ནང་ལ་ཡིན་ནའང་རེད། ལྷ་སྲུང་དམ་ཚིག་མི་གཙང་བ། མདོར་ན་དགའ་ལྡན་ཕོ་བྲང་དང་དམ་ཚིག་མི་གཙང་བ།ྋགོང་ས་ལྔ་པ་ཆེན་པོས་ཐོག་མར་དགའ་ལྡན་ཕོ་བྲང་བཙུགས་པའི་སྐབས་ལ་ངེས་པ་དོན་ལ་གང་ཡིན་རུང་མིན་རུང༌། ཐུན་མོང་གི་སྣང་ངོར་དམ་ཚིག་མི་གཙང་བ་བྱུང་བའི་གནས་ཚུལ་དེ་ཚོའི་གྲས་བོད་སྤྱི་པའི་དོན་དང་འབྲེལ་བའི་ཆ་ནས་གནད་འགག་ཅིག་ཆགས་ཡོད། དེ་འདྲ་ཡིན་ཙང༌། ཡང་སྐྱར་རྟིང་སྐུལ་ཞིག་བཏང་ན་མ་གཏོགས་ཤེས་མ་བྱུང་མདོག་མདོག་དང༌། གོ་མ་བྱུང་མདོག་མདོག་དེ་འདྲ་འགའ་ཤས་ཡོང་གི་འདུག སྒོ་བརྡུང་ནས་ཤོད་དགོས་བྱུང་ན་ཐབས་སྡུག་ཡིན། དེ་འདྲ་རང་བྱེད་མ་དགོས་པའི་ཐོག་ནས་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད། གྲྭ་ས་གྲྭ་ཚང་དང༌། བླ་བྲང་སྒེར་སུ་དང་སུ་ཡིན་ནའང་བོད་སྤྱི་པའི་དོན་དག་བསམ་གྱི་མེད་ན་གནས་ཚུལ་ཐ་དད་རེད། བོད་སྤྱི་པའི་དོན་དག་བསམ་གྱི་ཡོད་པ་དང༌། བོད་སྤྱི་པའི་དོན་དག་ད་ལྟ་ྋརྒྱལ་བ་རིན་པོ་ཆེས་འགན་འཁྱེར་ནས་བསྡད་ཡོད་པ་འདིར་རྒྱབ་སྐྱོར་ཡོད་ན་སྤང་བླང་མ་ནོར་བ་བྱེད་དགོས། ྋརྒྱལ་བ་རིན་པོ་ཆེས་འགན་འཁྱེར་བ་འདི་འདོད་ཀྱི་མེད་ན་གནས་ཚུལ་ཐ་དད་རེད། བོད་ནང་ནས་འགའ་ཤས་ཀྱིས་ང་ལ་སྐད་ཆ་འདྲི་མཁན་ཡོང་གི་འདུག འདི་ཡག་པོ་རེད། ཡང་འགའ་ཤས་ཀྱིས་ངས་ལབ་པ་དེ་རྣམས་དྲང་དོན་རེད། ངེས་དོན་མ་རེད་མདོག་མདོག ཡང་དགོངས་གཞི་དགོས་པ་དེ་འདྲའི་ཐོག་ནས་མིན་ནམ་ཟེར་མཁན་དེ་འདྲ་ཡོང་གི་འདུག དེ་ནི་གོ་བ་ལོག་སྒྲུབ་བྱས་པ་རེད། ཁྱེད་ཚོ་ཚང་མས་ཤེས་པ་བྱེད་ན་ཡག་པོ་ཡོད། མི་འགའ་ཤས་ཀྱིས་ང་ལ་དེ་འདྲ་མ་ཤོད་ཟེར་མཁན་བྱུང༌། ངས་དང་པོ་ནས་གྱ་ཚོམ་བྱས་ཏེ་བཤད་མེད། ལོ་མང་པོའི་རིང་ལ་བརྟག་དཔྱད་བྱས། ཉམས་མྱོང་བསགས། གནས་ཚུལ་མང་པོ་ཞིག་ལ་བལྟས་ནས་ཉུང་ཤོས་ལའང་ལོ་འགའ་ཤས་ཕྱིན་པའི་མཇུག་ཏུ་བསྡོམས་བརྒྱབ་ནས་བཤད་པ་ཡིན་མ་གཏོགས། ངས་འཚབ་འཚུབ་བྱས་ནས་བཤད་པ་མིན། ངས་ཧ་བེ་ཧོ་བེ་བྱས་ཏེ་སྐད་ཅོར་བརྒྱབ་པ་ཡིན་ན། མ་ཤོད་ཅེས་ལབ་ནའང་རྒྱུ་མཚན་ཡོད་པ་རེད། ངས་དོ་དོ་ཏན་ཏན་བྱས་ནས་ལབ་པ་ཡིན་དུས་འགའ་ཤས་ཀྱིས་དེ་འདྲ་ཟེར་སྐབས་བློ་ཕམ་ཡོངགི་འདུག ཁྱེད་རང་ཚོ་མི་འགའ་ཤས་ཤིང་སྡོང་རྒན་ལྟ་བུ་ཀྱོག་ཀྱོག་ཆགས་ཚར་བས་བཅོས་སུ་མེད་པ་དེ་འདྲ་ཡོད་སྲིད། ཁྱད་པར་གང་ཡང་མི་འདུག ཁྱེད་རང་ཚོ་གཞོན་སྐྱེས་གྲྭ་སའི་ནང་ལ་སྡོད་མཁན་ཚོ་ཡིན་ནའང་འདྲ། གང་དུ་སྡོད་མཁན་ཡིན་ནའང་ཁྱེད་རང་ཚོ་བསམ་བློ་ཏན་ཏན་བཏང༌། དང་པོ་ནས་མ་ནོར་བ་ཞིག་བྱས་ན་ཡག་པོ་ཡོད། དེ་བཞིན་འདིར་ཁྱེད་རང་ཚོ་བླ་མ་ཆུང་ཆུང་དེ་འདྲ་མང་པོ་འདུག ཁྱེད་རང་ཚོས་བསམ་བློ་ཏན་ཏན་བཏང་སྟེ་དང་པོ་ནས་མ་ནོར་བ་བྱས་ན་ཡག་པོ་ཡོད། ནོར་ནས་བཅོས་དགོས་བྱུང་ན་ཧ་ཅང་ཁག་པོ་ཡོད། ཡག་པོ་ཡོད་པ་མ་རེད། བོད་ལ་ཡིན་ནའང་དེ་དེ་བཞིན་ཡིན། དབུས་གཙང་ཁུལ་ལ་ཡིན་ནའང་འདྲ། མདོ་སྟོད་སྨད་ཁུལ་ལ་ཡིན་ནའང་འདྲ། གང་ལྟར་ངས་སྔ་རྗེས་ལབ་པ་དེ་ཚོའི་གྲས་ལ་རྒྱུ་མཚན་མེད་པ་ཞིག་འདུག་ན་ཁྱེད་རང་ཚོས་རྒྱུ་མཚན་བཀོད་དང་ང་ཚོ་གོ་བསྡུར་བྱས་ཆོག་གི་རེད། ཡང་དེ་འདྲའི་རྒྱུ་མཚན་བཀོད་རྒྱུ་མེད་པར་ངས་ལབ་པ་དེ་རྣ་བའི་རྒྱབ་ལ་བཞག་ན་གྱོང་བོད་སྤྱི་པའི་དོན་དག་ལ་ཕོག་པ་མ་གཏོགས་ང་མི་གཅིག་ལ་གྱོང་ཕོག་རྒྱུ་གང་ཡང་མེད། ཡང་སྐབས་རེ་ངས་འདི་འདྲ་དྲན་གྱི་འདུག ད་ཆ་ལོ་དྲུག་ཅུ་རེ་གྲངས་ལ་སླེབས་ཚར་བའི་མི་ཞིག་ཡིན། ཚེ་རབས་སྔོན་མར་བསོད་ནམས་ཕྲན་བུ་བསགས་ཡོད་པས་ང་ལ་གནད་དགག་དེ་ཙམ་མཐོང་གི་མི་འདུག་ད་ལྟ་བར་དུ་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་དང༌། སྟོང་ཉིད་ཀྱི་སེམས་གཉིས་ལ་འབད་བརྩོན་གང་ཙམ་བྱས་པ་ཡིན། མ་ཤི་བར་དུ་དེ་སྒོམ་ནས་བསྡད་བསམ་གྱི་ཡོད། ད་དུང་ངའི་བསམ་བློའི་ནང༌། ངེས་མེད་གནས་སུ་རྩེ་གཅིག་སྒྲུབ་པ་ཡིས། །ངེས་དོན་སྙིང་པོའི་ཉམས་ལེན་མཐར་སོན་པ། །ཞེས་པ་འདིར་ཡིད་སྨོན་སྐྱེས་ཀྱི་འདུག རི་དྭགས་རྨས་མ་བཞིན་དུ་ཁུག་ཀྱོག་ཅིག་ལ་སྡོད་རྒྱུ་བྱུང་ན་སྐྱིད་པོ་རེད་བསམ་པ་དྲན་གྱི་འདུག་མ་གཏོགས། ངས་འདིར་བྱུས་གཏོགས་བྱས་བསམ་པ་གང་ཡང་དྲན་གྱི་མེད། ཤེས་སོང་ངམ། ཡིན་ནའང་བོད་རྒྱ་ཆེའི་མི་མང་དེ་དག་གི་གདོང་ལ་བལྟས་ནས་ང་ཚོ་འདི་འདྲའི་ཐབས་སྐྱོ་པོ་ཡོད་པའི་སྐབས་ལ་སྡུག་མྱོང་རོགས་དང༌། བསམ་བློའི་ནང་ལ་སེམས་གསོ་ལྟ་བུའི་བློ་བག་སྤྲོས་རོགས་ལ་ཕན་ན་བསམས་ནས་ཨུ་ཚུགས་བརྒྱབ་སྟེ་སྡོད་ཀྱི་ཡོད་མ་གཏོགས། ངས་སྟངས་འཛིན་བྱས་པ་འདི་ང་སྒེར་གྱི་ཐོག་ལ་ཁེ་ཕན་ཡོད་པ་དེ་འདྲ་གང་ཡང་མིན། ཤེས་སོང་ངམ། ཞེས་བཀའ་སློབ་སྩལ།། ༎
མགར་སྟོང་བཙན་ཟེར་ན་འདྲ། དུས་བབས་ཚང་ནང་གནས་བཅའ་བའི་ཀེ་ཏ་ཀ་ཟེར་ན་འདྲ། ཤར་ཕྱོགས་ཁུག་རྟ་ཟེར་ན་འདྲ། སྐབས་རེ་སྲོང་བཙན་སྒམ་པོ་ཟེར་ན་འདྲ། མི་ངན་འདིས་ཆོ་སྤྲུལ་སྣ་ཚོགས་འགྱེད་ནས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་༧རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ལམ་དབུ་མའི་དགོངས་དོན་འགྲེལ་ལོག་རྒྱག་གིན་རྒྱག་གིན་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་ཀྱིས་ཕུ་དཀྲུགས་མདའ་དཀྲུགས་བྱེད་པའི་ལམ་ལུགས་འདི་སུ་ཞིག་གིས་ཁོ་ལ་ཐོབ་ཐང་སྤྲད་པ་རེད། འོ་ན་༧རྒྱལ་བ་རིན་པོ་ཆེས་དམངས་གཙོ་གསོལ་རས་གནང་བ་ཟེར་བའི་ཁ་གཡང་ཆེན་པོ་བསྒྲོགས་བཞིན་པ་དེ་དོན་ལ་གནས་པ་རེད་པས། དོན་ལ་གནས་ནས་དམངས་གཙོ་ཡང་དག་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་ན་སྨྲ་བརྗོད་རང་དབང་ལྡན་ཡོད་དམ། བོད་མི་ཚང་མར་ཆབ་སྲིད་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་དམ། མེད་ན་གཅིག་བསྡུས་རིང་ལུགས་ཀྱིས་གཞིས་བཞུགས་བོད་མིའི་ཆབ་སྲིད་ཀྱི་ཐོབ་ཐང་ཕྲོགས་བཞིན་པ་དང་གཅིག་མཚུངས་མ་རེད་པས།
མ་གཞི་ནས་མགར་སྟོང་བཙན་འདི་ཤར་ཕྱོགས་ཁྲང་ཨན་ལ་སྡོད་དུས་རྒྱ་མོ་ཀོང་ཇོའི་རྐུབ་ལ་ལྕེ་འདགས་གཅིག་རྒྱག་རྒྱུ་བྱུང་བ་འདྲ། ཡང་ཅིག་མིན་ན་ཐང་གོང་མའི་གཡོ་རྔན་གྱ་ནོམ་པ་ཞིག་རགས་ཡོད་པ་མིན་ན་ཅི་རེད།
མ་གཞི་ཟམ་གདོང་བླ་མ་ཟེར་བའི་བླར་རྒན་མགོ་དཀར་འདི་དགོས་སར་ཆད་མི་དགོས་སར་ལྷག་བསྡད་པ་རྐྱང་རྐྱང་རེད།
དབུ་མའི་ལས་འགུལ་ཁང་གིས་ཆེད་མངགས་ཀྱིས་སྤྱི་ཚོགས་ཁྲིད་སྙོགས་དྲ་བཟོ་གི་ཡོད་ས་རེད། ཟམ་གདོང་ཁོང་རང་བླ་མ་ཡིན་པས་སྤྲུལ་སྐུའི་ལམ་ལུགས་སྲུང་སྐྱོབས་བྱེད་པ་ཐབས་ཤེས་ལོས་འཐེན། དེ་ནི་ཁོ་རང་གི་ཟ་མ་ཡིན་པས་རེད།
ཟུར་གནས་ལ།
ཆང་ཁྱེར་ཤོག ཁྱེད་ཀྱི་ལན་འདི་ན་ཡོད།
ཐུགས་རྗེ་བྱིན་རླབས་ལ་ཡིད་ཆེས་ཡོད་ད་ཡོད། ཐུགས་རྗེའི་བྱིན་རླབས་ཟེར་ན་སྙིང་རྗེའི་ནུས་པས་གཞན་ཡིད་བསྒྱུར་བའི་དོན་རེད། དེ་ནི་དངོས་ཡོད་ཅིག་ལ་ཡིད་ཆེས་བྱེད་པ་ཞིག་རེད།
ཁ་ནས་སྨོན་ལམ་སྐམ་པོ་ཁོ་ན་བརྒྱབ་བསྡད་ནས་གང་ཞིག་རང་བཞིན་གྱིས་འགྲུབ་པར་འདོད་པ་དེ་ལ་ཡིད་ཆེས་མེད། དེ་ནི་ལག་ལེན་དང་གྲུབ་འབྲས་འཐོབ་མི་སྲིད་པའི་རེ་སྟོང་ཞིག་ལས་མ་འདས།
དམངས་གཙོ་ལ་རེ་བ་རྒྱག་པ་དེ་སྨོན་ལམ་སྐམ་པོ་ཞིག་བརྒྱབ་སྡོད་པ་ལ་བསྡུར་ན་ཁྱེད་རང་ཆེས་ཆེར་ནོར་བ་དེ། དམངས་གཙོ་ནི་ད་ལྟ་འཛམ་གླིང་ཐོག་སྲིད་སྐྱོང་བའི་ལམ་ལུགས་དུ་མ་ཞིག་ཡོད་པའི་ནང་གི་བཟང་ཤོས་དང་བསྟན་ཤོས་མི་དམངས་དགའ་ཤོས་དེ་རེད། འགྲོ་བ་མིའི་ལོ་རྒྱུས་རིང་མོའི་ནང་དེ་ལས་ལྷག་པའི་ལམ་ལུགས་ཤིགད་སྔ་བྱུང་མ་མྱོང་རེད། དེ་ལ་རེ་བ་རྒྱག་པ་ནི་དོན་དངོས་ཤིག་ལ་རེ་བ་རྒྱག་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེས་ཁོང་གི་སྐུ་དབང་མི་དམངས་ཀྱི་ལག་པར་བཞག་པ་དེའང་། རང་ཉིད་ཀྱི་ཚད་ཡོད་པའི་སྐུ་ཚེའི་ལྷག་མ་དང་ནུས་པ་ལས་དམངས་གཙོ་ལ་རེ་བ་ཆེས་ཆེར་ཡོད་པ་མཐོང་ནས་ཡིན་པ་ལས་གཞན་མ་རེད།
ཀརྨ་ཡེ་ཤེས་ལགས་འདིར་གཟིགས་དང།
http://www.himalayabon.com/article/news/20120718848.html
གསེར་འབྲུག་སྡེ་ལྔ་ཟེར་ན་འདྲ། འཇིགས་བྲལ་བསྟན་འཛིན་ཟེར་ན་འདྲ། འཇུ་ཆེན་ཁྱི་ཕྲུག་ཟེར་ན་འདྲ། མི་ངན་འདིས་ད་བར་ཆོལ་ཁའི་ན་ཚ་ཁོ་ནའི་གཞན་དབང་དུ་སོང་ནས། དྲ་ངོས་འདིར་ལམ་དབུ་མ་དང་དེ་འཛིན་མཁན་ལ་ཟུར་ཟ་མཐོང་ཆུང་བཏང་རྐྱང་བྱེད་པ་འདི་ཚང་མས་ཤེས་དགོས་པ་རེད། མ་གཞི་ནས་མི་འདི་རིགས་ལ་བོད་སྤྱི་ལས་སོ་སོའི་ཁ་ཕོར་རྩ་ཆེན་དང། དྲང་ལམ་ལས་འཁྱོག་ལམ་རྩ་ཆེན་ཡིན་དུས་ལས་འདི་ལྟར་བྱེད་པར་ཐེ་མི་ཚོམ། ཡང་ཁོས་དབུ་མའི་ལམ་ལས་འགུལ་ཁང་ལ་སྒྲོ་འདོག་བྱེད་ཀྱི་འདུག ཚང་མས་གཟབ་གཟབ་བྱོས། །
ཤར་ཕྱོགས་ཨ་མདོའི་ཡུལ་གྱི་བུ་རྒོད་པོ་ཁུག་རྟ་གདོང་པ་སྟོན་མི་ཐུབ་མཁན། བཀའ་མོལ་གནང་མི་ཐུབ་མཁན་ཞིག་དྲ་ངོ་འདིར་གཅིག་པུ་བལྟས་ན་གསལ་བོ་ཤེས་ནི་རེད། ཁོང་འདྲ་བོའི་གཞོན་སྐྱེས་བཙན་བྱོལ་སྤྱི་ཚོགས་ནང་དཀོན་པོ་རེད། བཤད་ཕོད་པ་དང་སྒྲུབ་ཕོད་པ་ཁོང་རེད། རང་བཙན་པར་འཚིང་འབྱིན་མཁན་ཁོང་ཡིན་ན་ཁོང་གི་གཟི་བརྗིད་རེད། སྡུག་གྱོང་རང་རེད།། སྐྱག་ལང་ལ་གནམ་གྱིས་བཏང་ན་ལས་འབྲས་ཀྱིས་ག་ནས་བཏང་ཡོང། འཇམ་ནོར་ལྷ་བཟང་སོགས་གནས་དུས་ཚོད་རྩིས་བྱེད་མཁན་གྱི་མི་ཁྲམ་པ་རྐྱང་རྐྱང་རེད།
བདུད་འཇོམས་ལགས། འཇིགས་བྲལ་ཟེར་བ་དེ་ཆོལ་ཞེན་ཅན། མགོ་གཉིས་མ་ཡིན་པ་གསལ་བོ་རེད། ཡིན་ནའང་གསེར་འབྲུག་སྡེ་ལྔ་དེ་མི་ངན་ཀླུ་མཁར་བྱམས་རེད་འདོད། ཁོའི་བྱ་སྤྱོད་བཤད་ས་གང་ནས་འགྲོ ཁོང་༧ཟམ་གདོང་རིན་པོ་ཆེ་དང་ཤར་ཁུག་ལ་སྡང་པ་ཁག་མི་འདུག ཁོའི་ཚིག་སྦྱོར་ལ་བལྟས་ན་མི་མང་པོས་དེ་ལྟར་ཟེར་གྱི་འདུག འཇིགས་བྲལ་དང་རྨོག་རུ་བསྟན་པ་རེད་ཟེར་མཁན་ཡོད་པ་རེད། དེ་གཉིས་ལའང་མི་གཤིས་ཟེར་བ་དེ་རྩ་བ་ཉིད་ནས་མེད་སྟབས་བཤད་ཁག་པོ་ཡིན་རྒྱུ་རེད་དེ། ངས་ཨ་མདོའི་ཞབས་འདྲེན་དེ་རེད་འདོད་ཡོད།
འཇམ་དབྱངས་ནོར་བུ་འུ་ཐུག་ནས་དེང་སང་རྣམ་འགྱུར་གསར་པ་ཞིག་སྟོན་གི་འདུག ད་བར་ཁོ་ཁེར་རྐྱང་ཡིན་ཚུལ་དང། རྒྱལ་བ་རིན་པོ་ཆེར་དམ་ཚིག་ཀྱང་ཡོད་ཚུལ་བཤད་འདུག ཧཧཧཧཧཧཧ
ཨ་རྡུ་མན་ལགས། ཁྱེད་རང་ལྟ་བུའི་མི་ལ་གནས་ལུགས་བཤད་ཀྱང་གོ་ཤེས་མེད་པས་མང་པོ་བཤད་འདོད་མེད། ཤུགས་ལྡན་ཅི་འདྲ་ཡིན་མིན་གཤམ་གྱི་ཀརྨ་ཡེ་ཤེས་ལགས་ནས་དྲང་བའི་གོང་ས་མཆོག་གི་བཀའ་སློབ་དེ་ལ་བལྟོས་དང་ཤེས་ཡོང་། གོང་ས་མཆོག་གི་མདུན་ནས་བཀའ་ཆོས་ཞུ་བཞིན་སྐད་ཆ་འདི་འདྲ་བཤད་ཕོད་པ་ནི་ངོ་མ་ཞབས་འདྲེན་རེད། མཚན་ཉིད་སློབ་དཔོན་དང་ཁོང་གི་དགེ་ཕྲུག་གཉིས་བསད་མཁན་དེ་ཚོ་ནི་སེར་སྨད་སྤོམ་ར་ཁང་ཚན་ནས་ཡིན་པ་དང་། ཕ་ཡུལ་ཆ་འཕྲེང་དང་ལི་ཐང་ནས་ཡིན་པ། ཁོང་ཚོས་མཚན་ཉིད་སློབ་དཔོན་བསད་ཚར་ནས་བོད་ལ་བྲོས་བྱོལ་སོང་ནས་རྒྱུ་གཞུང་ལ་མགོ་སྒུར་ཡོད་པ་སོགས། རྒྱ་གར་ཉན་རྟོག་པས་བོད་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་ཤུགས་ལྡན་སྐོར་གྱི་དེབ་དེ་ཚོའི་ནང་ལ་པར་དང་མིང་སོགས་གསལ་གསལ་ཐིང་ཐིང་འཁོད་འདུག་ན་ཁྱོད་ཀྱིས་མ་མཐོང་བ་ཁྱད་མཚར་རེད། ད་དུང་ཤུགས་ལྡན་ནི་འཇིག་རྟེན་པའི་དྲེག་པ་ཞིག་རེད་ལ། འཇིག་རྟེན་པའི་དྲེག་པ་བསྟན་གསོལ་བྱས་པ་དེ་ཆོས་ཡིན་པ་ཞིག་བཀའ་མདོ་རྒྱུད་གང་ན་ཡང་མེད་པས། དེ་ཆོས་དད་རང་དབང་གི་གནད་དོན་ཞིག་ཇི་ལྟར་འགྱུར་ སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིག་ཤིགས།
ཆོས་ལུགས་ཕྱོགས་རིས་ཀྱིས་རྒྱལ་བ་རིན་པོ་ཆེར་ཟུར་ཟ་དགོས་དོན་མེད། རྒྱལ་བ་རིན་པོ་ཆེ་ཆོས་ལུགས་ཕྱོགས་རེ་བའི་བླ་མ་ཞིག་མིན་པས་སོ།
གཅིག་བྱས་ན་རྒྱལ་བ་རིན་པོ་ཆེ་ཡོངས་རྫོགས་བསྟན་པའི་མངའ་བདག་ཏུ་མངའ་གསོལ་མཛད་པ་དང་ཆབས་ཅིག་ཡང་སྐབས་འཚོལ་བ་ཁ་ཤས་ཀྱི་གོ་སྐབས་ཟུང་ནས་རིས་མེད་སྨོན་ལམ་ཞེས་མིང་སྙན་མོ་ཞིག་གི་འོག་ནས་འཛུལ་བའི་དགེ་ལུགས་པའི་གོམ་གཤིས་དེ་སྤེལ་བའི་འདུ་ཤེས་རྙིང་བ་སྐྱར་གསོ་བྱེད་ཀྱི་ཡོད་པར་མ་དགའ་བ་ཡིན་ན་ཁག་མེད་ཀྱང་དེ་ནི་ཟུར་ཟ་བྱེད་ས་ནོར་བ་རེད་བསམ་གྱི་འདུག
དད་པ་ཡོད་པ་ངོམས་གསོ་བྱེད་པ་ནི་ཆེས་རྗེས་ལུས་དང་གནའ་བོའི་འདུ་ཤེས་རྙིང་བ་འདག་མ་ཐུབ་པའི་སྐྱོན་ལས་ཅི་ཡང་མིན་པ་འདོད། རྩོད་གཞི་འདི་དག་ནི་གུ་ཡང་གི་སྤྱི་ཚོགས་ཤིག་ལ་མཚོན་ན་དོན་མེད་ཀྱི་ཁ་རྩོད་ཅིག་ཏུ་མཐོང་། མི་སུ་ཞིག་གིས་གནད་དོན་འདི་འདྲའི་སྒང་ལ་ཆུ་ཚོད་བཏང་འདོད་མེད་ལ། ད་ལྟ་དེ་ལྟར་བཏང་མཁན་འདུག་ཅེས་སྨྲས་ཚེ་ཡིད་ཆེས་མཁན་ཡང་ཁག་པོ་རེད། འོན་ཀྱང་། བོད་ཀྱི་སྤྱི་ཚོགས་ཁྲོད་ད་དུང་ཡང་གནད་དོན་འདི་གསོན་རྗེན་དུ་གནས་འདུག་ལ། ཆབ་སྲིད་པ་ཚོས་དད་པ་ཁ་ལ་ཁྱེར་ནས་མི་མང་ལ་རྡུང་རྡེག་བཏང་གི་འདུག དད་པ་འདིས་བོད་པ་ཚང་ལས་སླ་པ་ཐར་བ་བཏང་ས་མ་རེད། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་སྒུག་དགོས་ས་རེད། ཆོས་དད་མེད་དམ་ཆུང་མཁན་ཕྲན་ལྟ་བུ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གནས་ཐུབ་རྒྱུ་ཁག་པོ་རེད།
དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་མི་འབྱུང་བཞིན།། ཆོས་ཁས་ལེན་མཁན་ཞིག་ཡིན་ན་འདི་ཁས་ལེན་དགོས་རྒྱུ་རེད། ཆོས་ཁས་མི་ལེན་མཁན་ཞིག་ཡིན་དད་པ་བཟང་ངན་གྱི་སྐད་ཆ་བཤད་པ་དེ་དོན་མེད་རེད།
ཨ་ནུ་ཐང་བསོད་ནམ་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་ད་དུང་ཡང་གནད་དོན་འདི་གསོན་རྗེན་དུ་གནས་འདུག་ལ། ཆབ་སྲིད་པ་ཚོས་དད་པ་ཁ་ལ་ཁྱེར་ནས་མི་མང་ལ་རྡུང་རྡེག་བཏང་གི་འདུག དད་པ་འདིས་བོད་པ་ཚང་ལས་སླ་པ་ཐར་བ་བཏང་ས་མ་རེད། ད་དུང་ཡང་ལོ་བཅུ་ཕྲག་ཁ་ཤས་སྒུག་དགོས་ས་རེད། ཆོས་དད་མེད་དམ་ཆུང་མཁན་ཕྲན་ལྟ་བུ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གནས་ཐུབ་རྒྱུ་ཁག་པོ་རེད། ཅེས་བཤད་པ་དེ་དོན་དངོས་རེད།
ང་ཚོའི་མང་གཙོ་དོན་དང་མཐུན་པ་ཞིག་ལོ་ངོ་བརྒྱ་ཕྲག་གཅིག་ཙམ་འགུལ་ས་རེད། བོད་ནང་ཡིན་ན་རེད་བཙན་བྱོལ་ནང་ཡིན་ན་རེད་བླ་མའི་ངོ་བོ་དང་ཆོས་ལུགས་ངོ་བོ་ལས་རང་དབང་དང་མང་གཙོ་རྒྱལ་སྲིད་ཡང་དག་པ་ཞིག་གི་ཐོག་སྐད་ཆ་ཤོད་ཕོད་མཁན་དང་ཤོད་ཤེས་མཁན་དཀོན་པོ་ཆགས་ལྡད་ཡོད་པ་ཡག་པོ་ལྟོས་དང་ཤེས་ནུས།
ཡང་ཁྱོད་ཚོས་རྒྱལ་བ་ལ་ངོ་ལོག་བྱེད་མཁན་རེད་ཅེས་ཁྱེད་གསོད་མ་བྱེད་རོགས་ང་ཕོད་པ་ཅན་ཞིག་མིན་གང་ཡིན་ཟེར་ན་ང་ལ་སྲོག་གཅིག་ལས་མེད་ང་རང་རྒྱལ་བ་རིན་པོ་ཆེ་བླ་མ་ངོས་འཛིན་བྱེད་མཁན་ཅིག་ཡིན་ཡིན་ན་ཡང་ང་བོད་ཀྱི་དོན་དུ་དིང་གི་ཤོས་ཡོན་ཐོག་ནས་འཐབ་རྩོད་བྱེད་མཁན་གཞོན་སྐྱེས་ཚོ་ལ་ཡིད་རང་སིམས་གཏིང་ནས་ཡོད་གང་ཡིན་ཟེར་ན་བོད་ཀྱི་ཆབ་སྲིད་འདི་མི་གཅིག་གི་ཡུན་ཙམ་མིན་པར་བསྐལ་པ་ཇི་སྲིད་གནས་པར་གནས་དགོས་པའི་དོན་ཡིན། མགོ་ནག་བོད་པ་ཚོ་རྨོངས་དད་དེ་ཤེས་ཡོན་ཅན་དུ་བསྒྱུར་རོགས་ཞུ།
ལུང་རྟོགས་ལགས། མནོ་བསམ་ཡག་པོ་ཞིག་གཏོང་རན་འདུག །དགེ་སློབ་གཉིས་པོ་བསད་མཁན་སེར་སྤོང་ནས་ཡིན་པ་དང་་་
ལི་ཐང་དང་ཆ་འཕྲེང་ནས་ཡིན་ཚུལ་་་ད་དུང་རྒྱ་མི་ལ་མགོ་བཏགས་ཞུས་ཚུལ་བཅས་བརྗོད་པར་སླ་ཡང་་་་དེ་ལྟར་ཡིན་པའི་དཔང་རྟགས་གསལ་པོ་ཞིག་དགོས་ངེས་རེད་མ་གཏོགས་མི་ལ་མ་ཉེས་ཁ་གཡོ་ཆགས་འགྲོ་ཡི་རེད་ད། ངས་གོ་གསལ་ལ་་་་་ལྡི་ལི་ལྷ་མིའི་ཚོགས་པ་ནས་དགེ་སློབ་གཉིས་དཀྲོངས་པའི་སྐོར་དེ་་་་ནག་ཉེས་སྤུ་ཙམ་མེད་ཟེར་ནས་རྒྱ་གར་ཁྲིམས་ཁང་ནང་དུ་ཁྲིམས་བཙུགས་བྱས་པར་བརྟེན་་་་རྒྱ་གར་གཞུང་ནས་ནག་ཉེས་མེད་པའི་ངོས་ལེན་བྱེད་ཡོད་པ་གོ་མྱོང་། མ་ཟད་ཚོགས་པ་དེ་ནི་་་ད་ལྟ་ལྡི་ལི་ལ་ཡོད་བཞིན་པ་རེད། མི་བསད་པའི་དཔང་རྟགས་ཤིག་ཡོད་ན་འཛམ་གླིང་མི་དམངས་ཚོར་་མ་བསྟན་པ་ག་རེ་རེད་ལབ་དང་།
བཙན་བྱོལ་བོད་མི་ཚོས་ད་བར་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོར་་་་དེ་སྔར་རྒྱལ་ཁབ་གང་དང་མི་རིགས་སུ་ལའང་བྱུང་མ་མྱོང་བའི་སྡུག་པོ་ཚད་ལས་བརྒལ་བ་ཞིག་བཏང་དང་གཏོང་བཞིན་ཡོད་པ་ནི་་་་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ན་མ་བརྗོད་ཀྱང་ཧ་གོ་དགོས་ངེས་རེད། དེ་འདྲའི་སྐབས་ལ་ཤུགས་ལྡན་ཚོགས་པས་མི་བསད་པའི་དཔང་རྟགས་ཤིག་ཡོད་ན་མ་སྟོན་པ་སྲིད་ཀྱི་རེད་པས། ད་དུང་ཤུགས་ལྡན་ནི་འཇིག་རྟེན་དྲེག་པ་ཞིག་རེད་ཟེ་ལབ་ཀྱི་ཡོད་ན། རྗེ་ཕ་བོང་ཁ་པ་ཡབ་སྲས་རྣམས་དང་
རྒྱལ་མཆོག་ལྔ་པ་ཆེན་པོ་དང་པཎ་ཆེན་ཆོས་ཀྱི་རྒྱལ་པོ་་གོང་ས་བཅུ་བཞི་པ་མཆོག་དབུས་རི་བོ་དགེ་པའི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་ཞིག་ནས་ད་བར་བསྟེན་གསོལ་གནང་པ་ཙམ་དུ་མ་ཟད་བསྐང་གསོ་དང་གསེར་སྐྱེམས་འཕྲིན་བསྐུལ་སོགས་ཧ་ཅང་མང་པོ་ལྗགས་རྩོམ་གནང་ཡོད། གོང་གི་སྐྱེས་ཆེན་ཚོས་་་་་ལ་ལས་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་དང་ལ་ལས་སྤྱན་རས་གཟིགས་
དང་ཕྱག་ན་རྡོ་རྗེ་སོགས་་་རིགས་གསུམ་གཅིག་སྡུད་ཀྱི་རྣམ་འཕྲུལ་དུ་སྒྲུབ་ཡོད། ད་བྱས་ན་དེ་ཚོ་ཚང་མས་ལྷ་འདྲེ་ངོ་མ་ཤེས་མཁན་ཁྱེད་རང་ལས་སྐྱོ་བ་ཤ་སྟགས་རེད་པས་གསུང་དང་། སོང་ཙང་གཟབ་ཟབ་བྱོས་དོན་མེད་ངན་སོང་གི་རྒྱུ་མ་གསོག་ལོ།
རེ་ཞིག་གཏམ་སྙོམས་སུ་གཞག་ན་དངོས་སྡིག་ཆུང་བར་སེམས་སོ།།
ངས་ནི་ཤུགས་ལྡན་ཟེར་བ་ཞིག་ཡོད་དམ་ཡང་ཡང་དྲན་མྱོང་ཡོད། ད་སྐབས་རྒྱུ་མཚན་ལ་གནོ་བསམ་གཏོང་དུས་ཡོད་ཤས་ཆེ་ལ་གཞུང་དགའ་ལྡན་ཕོ་བྲང་ལ་ལྟོས་ན་དམ་སྲི་ཞིག་ཀྱང་ཡིན་ཤས་ཆེ། ཉེས་མེད་ཀྱི་སྐྱེ་བོ་ཞིག་གང་བྱུང་དུ་ལྔ་ལམ་ལ་གཏོང་དུས་རང་ལ་ཡོད་པ་ནི་སྨོམ་ལམ་ལོག་པ་རྒྱག་རྒྱུ་ལས་གཞན་ཅི་ཞིག་འཇོན། འོན་ཀྱང་བོད་བརྒྱུད་ནང་བསྟན་གྱི་ངོས་ནས་ཁོར་གང་ཡང་བྱས་མེད་པས་བསྟན་པའི་དམ་སྲི་ཞིག་ཡིན་མིན་ཐེ་ཚོམ་རེད། ང་ཚོས་ཤུགས་ལྡན་ཟེར་བ་འདིར་ཤ་ཚ་དང་སྙིང་རྗེ་བལྟ་དགོས་པ་ལས་འདི་ཙམ་དགྲར་འཛིན་པ་ནི་འོས་པ་ཞིག་ཏུ་མ་མཐོང་། རྒྱུ་མཚན་ནི་ཁོ་ང་ཚོའི་མི་རབས་གོང་མ་ཚོས་ཉེས་མེད་ཀྱི་མི་ཞིག་མ་ཉེས་ཁ་གཡོགས་ཀྱིས་ལྔ་ལམ་དུ་བརྫངས་ཟིན་པའི་གང་ཟག་ཅིག་གི་རྒྱུན་ཕྱི་མ་ཞིག་རེད། རི་རབས་གོང་མས་ཚར་བཅད་ཅིང་མི་རབས་ཕྱི་མས་འདི་ལྟར་སྡང་དགོས་དོན་གང་ཡིན་ནམ། ཤུགས་ལྡན་ཟེར་བའི་སྐྱེ་བོ་ཉམ་ཆུང་འདི་འགྲོ་བ་རིགས་དྲུག་གང་དུ་འཚོ་དགོས་སམ། མ་གཞི་ནས་ཟམ་གདོང་བླ་མ་ཟེར་བའི་ཕྱི་འཇམ་ནང་རྩུབ་གྲོད་པའི་རང་བཞིན་ཅན་འདིས་བསྟན་དགྲ་རྒྱ་དམར་ལ་གུས་གུས་ཞུམ་ཞུམ་ཆེ་ཞིང་ཤུགས་ལྡན་ཟེར་བའི་ཉམ་ཆུང་སྐྱེ་བོ་ལ་རྫིག་ཉམ་སྟོན་ཞིང་ཁ་རྡུང་དང་སྡིག་ར་སྟོན་ཞིང་རྟག་ཏུ་ལྔ་ལམ་དུ་བརྫོང་བར་བརྩོན་བཞིན་འདུག་པས་རྒྱ་གཞུང་གིས་བོད་ཟོས་པ་རེད་དམ་ཤུགས་ལྡན་གྱིས་བོད་ཟོས་པ་རེད། རྒྱ་གཞུང་གིས་བོད་མི་བསད་པ་རེད་དམ་ཤུགས་ལྡན་གྱིས་བོད་མི་བསད་པ་རེད། རྒྱ་གཞུང་གིས་༧གོང་ས་མཆོག་བཙན་བྱོལ་ལ་ཕེབས་དགོས་པ་བཟོས་པ་རེད་དམ་ཤུགས་ལྡན་གྱིས་བཟོས་པ་རེད། གང་ལྟར་ཤུགས་ལྡན་ཟེར་བའི་ཉམ་ཆུང་སྐྱེ་བོ་འདི་ལ་སྙིང་རྗེ་བཞིན་འདུག ཁོའི་རྒྱུན་སྔ་མར་ཉེས་པ་མེད་བཞིན་དུ་སྲོག་ཤོར་འདུག་ལ་ད་ལྟ་འང་ཉེས་མེད་ཀྱི་ཉེས་པ་མང་པོ་ཞིག་ཁུར་ནས་འཚོ་དགོས་འདུག་པས་སྙིང་རྗེ་ཡོད་པའི་གང་ཟག་ཚོས་ཁོ་ལ་སྙིང་མི་རྗེ་ན་སུ་ལ་སྙིང་རྗེ།
༧རྒྱལ་དབང་སྐུ་ཕྲེང་༡༤པ་དང་དོལ་རྒྱལ་འདེམས་ག་གྱིས།
ཟླ་འདིའི་ཕྱི་ཚེས་༥ཉིན་རྡོར་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐེངས་༣༢པའི་སྔོན་འགྲོའི་གསུང་ཆོས་སྩལ་བཞིན་ཡོད་པ་རེད། དེ་ཡང་ཉིན་རྒྱབ་ཆུ་ཚོད་༡༢ ཐོག་མགོན་པོ་གང་ཉིད་ཀྱིས་གཟིམ་ཆུང་ནས་སྐབས་འདིའི་དུས་དབང་སྦྱིན་བདག་རྣམ་པ་སོགས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་
གདན་ཞུས་ཀྱིས་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་དེ་༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་ཆིག་འབུམ་ལྔ་ཁྲི་ལྷག་ལ་ཉིན་གཉིས་པའི་སྔོན་འགྲོའི་གསུང་ཆོས་མ་བསྩལ་གོང་རྒྱ་གར་དང་འབར་མ། ཐེ་ཝན་སོགས་ནང་པའི་དགེ་འདུན་པ་ཚོས་རང་རང་གི་སྐད་ནང་ཤེས་རབ་སྙིང་པོ་གསུང་གནང་མཛད་རྗེས། ༧གོང་ས་མཆོག་གིས་དུས་དབང་ཉིན་གཉིས་པའི་གསུང་ཆོས་དང་འབྲེལ་བའི་བཀའ་སློབ་ཕེབས་དོན། ནང་ཆོས་ཞེས་པ་འདི་སྤྱི་མིང་ཐོག་ནས་བསམ་བློ་བཏང་ན། འགྲོ་བ་མིའི་སེམས་ནང་ལ་སོ་སོའི་ནུས་པ་ལས་བརྒལ་བའི་དཀའ་ངལ་འཕྲད་སྐབས། ཆོས་ཀྱི་ཐོག་ནས་སྨོན་ལམ་རྒྱག་རྒྱུ་དེ་འདྲ་བྱེད་བཞིན་ཡོད། ཆོས་ལུགས་ཚང་མ་ལ་དེ་དག་ཡོད། ཆོས་མེད་མཁན་གྱི་མི་ཞིག་ལ་གདོང་ལེན་བྱེད་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་སྐབས། རང་ཤི་རྒྱག་རྒྱུ་དེ་འདྲ་ཡོང་གི་ཡོད་པ་རེད། འཛམ་གླིང་འདིའི་ཐོག་སྨོན་ལམ་རྒྱག་རྒྱུ་འགོ་ཚུགས་ནས་ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཙམ་ཞིག་ཕྱིན་ཡོད་པ་རེད། དེ་བཞིན་མིའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བསམ་བློའི་འཁྱེར་སོ་ཡར་རྒྱས་འགྲོ་རྒྱུ་མི་འདྲ་བ་དེ་སྔ་མོ་ཨི་ཇིབ་དང་། ཨི་རན། ཨི་རག རིམ་བཞིན་དབུས་ཨེ་ཤ་ཡ། དེ་བཞིན་རྒྱ་གར་དང་རྒྱ་ནག་སྐམ་ས་ཆེན་མོ་སོགས་ལ་ཆོས་དད་དང་འབྲེལ་བའི་ལྟ་གྲུབ་ཅིག་རིམ་པས་ཆགས་ཡོད། ངོས་ཀྱིས་ཞིབ་ཚགས་ཤེས་ཀྱི་མེད་ཀྱང་ཉེ་ཆར་ཨི་རན་གྱི་རྩོམ་ཡིག་རྙིང་པ་ཞིག་མཐོང་བྱུང་བ་དེའི་ནང་དཀོན་མཆོག་ཅེས་མི་མངོན་པའི་དབྱིངས་ཤིག་ལ་རེ་བ་བཅོལ་རྒྱུ་དང་གསོལ་བ་འདེབས་རྒྱུ་ལྟ་བུ་ཞིག་འདུག ཕལ་ཆེར་ལོ་སྟོང་ཕྲག་བཞི་ལྔ་ཡིན་ས་རེད། གང་ལྟར་ལོ་སྟོང་ཕྲག་བཞི་ལྔའི་རིང་མི་མངོན་པའི་དབྱིངས་ཤིག་ལ་རེ་བ་བཅོལ་ཏེ་བསྡད་པ་རེད། དེ་ནས་ལོ་སུམ་བརྒྱ་ཟིན་མ་ཟིན་ཙམ་ཞིག་ལ་དེ་འདྲའི་ནང་མིས་དངོས་པོའི་གནས་ཚུལ་ལ་ཞིབ་འཇུག་བྱ་རྒྱུའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་ཚན་རིག་ཞིབ་འཇུག་བྱ་རྒྱུ་དེ་བྱུང་བ་རེད། དེ་དང་ཆབས་ཅིག་རྫས་སྦྱོར་གྱི་ནུས་པའི་ཐོག་འཕྲུལ་ཆས་རིགས་འདྲ་མིན་དར་སྲོལ་བྱུང་བ་རེད། དེར་བརྟེན་འདས་པའི་མི་ལོ་༢༠༠ ལྷག་ཙམ་དེའི་ནང་ཚན་རིག་དང་འཕྲུལ་ཆས་ལ་རིག་པ་རྙེད་དེ་གཞི་ནས་ཡར་རྒྱས་ཕྱིན་ པའི་སྐབས། དེ་སྔ་ལོ་སྟོང་ཕྲག་ཁ་ཤས་རིང་ལ་དཀོན་མཆོག་གིས་མཁྱེན་ཞེས་བཤད་ནས་སྡོད་རྒྱུའི་བསམ་བློ་དང༌། མང་དག་ཅིག་གི་དཀོན་མཆོག་གིས་མཁྱེན་ཞེས་སྨོན་ལམ་རྒྱག་གི་ཡོད་ཀྱང་འགྲུབ་རྒྱུ་མེད་པ་རེད། ད་ལྟ་རང་མིག་གིས་མཐོང་རྒྱུ་ཡོད་པའི་ཚན་རིག་དང་འཕྲུལ་ཆས་རིགས་ཡར་རྒྱས་ཕྱིན་པའི་ཐོག་ནས་ན་ཚ་བྱུང་ན་དཀོན་མཆོག་མཁྱེན་ཞེས་སྡོད་རྒྱུ་གཅིག་པུ་མིན་པར་སྨན་བཟས་ནས་ན་ཚ་དྲག་རྒྱུ་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་བྱུང་བ་རེད། དེར་བརྟེན་འདས་པའི་ལོ་༢༠༠ ལྷག་དེའི་ནང་རིམ་བཞིན་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་དེ་ལས། འཕྲུལ་ཆས་ཡར་རྒྱས་གཏོང་རྒྱུ་དེ་འགྲོ་བ་མིའི་རིགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བརྟེན་དོ་སྣང་ཤུགས་ཆེ་རུ་ཕྱིན་ཏེ་དུས་རབས་བཅུ་དགུ་པ་དང་། ལྷག་པར་དུས་རབས་ཉི་ཤུའི་ནང་སྨོན་ལམ་རྒྱག་རྒྱུ་དེ་དག་ལམ་དང་ལུགས་སྲོལ་ལྟ་བུ་མ་གཏོགས་དེར་དོ་གལ་ཆེན་པོ་མེད་པར་གཙོ་བོ་དངོས་པོ་ཡར་རྒྱས་ལ་ཤུགས་བརྒྱབ་སྟེ་ཕྱིན་པ་རེད། དེ་རྗེས་དུས་རབས་ཉི་ཤུ་པའི་དུས་མཇུག་དེ་ནས་དངོས་པོ་ཡར་རྒྱས་ཤུགས་ཆེར་ཕྱིན་ཡོད་པ་དེ་ཕྱིའི་མཐུན་རྐྱེན་བཟང་དུ་ཕྱིན་པ་རེད་མ་གཏོགས། ནང་སེམས་ལ་སྐྱིད་པོ་ཡོད་པའི་ཁྱབ་པ་མེད་པ་ལྟ་བུ་རེད། དངོས་པོ་ཡར་རྒྱས་ཆེན་པོ་ཡོད་མཁན་ཡིན་ཡང་སེམས་ལ་དངངས་སྐྲག་འཇིགས་སྣང་ཡོད་པ་དེ་འདྲ་ཡོང་གི་འདུག དེ་བཞིན་ན་ཚའི་ནང་ལ་ཡིན་རུང་སེམས་མ་སྐྱིད་པ་བྱུང་བའི་དབང་གིས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད། དཔེར་ན། སེམས་མ་སྐྱིད་པ་རྒྱུན་མཐུད་ནས་ཕྱིན་ན་རང་བཞིན་གྱིས་སྲོག་རླུང་ལངས་རྒྱུ་སོགས་ཡོང་གི་ཡོད། ངོས་ཀྱིས་ངོ་ཤེས་ཧ་ཅང་འབྱོར་ལྡན་དང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་དེ་འདྲ་ ལ་སེམས་ནང་མ་སྐྱིད་པ་ཡོད་པ་ཡང་ཡང་མཐོང་རྒྱུ་འདུག དེར་བརྟེན་དངོས་པོ་ཡར་རྒྱས་གཅིག་པུས་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད། ད་དུང་རྒྱུ་བཅའ་ལག་ཕྱུག་པོ་ཆགས་ན་ཧ་ལམ་སེམས་ནང་རེ་བ་དོགས་པ་འདོད་པ་ཆེ་རུ་ ཕྱིན་པའི་རྐྱེན་གྱིས་ཕྲག་དོག་སོགས་ཆེ་རུ་འགྲོ་རྒྱུ་དེ་འདྲ་ཡོང་གི་ཡོད། དཔེར་ན། ཁྱིམ་ཚང་འགྲིག་ཙམ་འདང་ཙམ་ཡོད་སྐབས་ཁྱིམ་མཚེས་འཆམ་པོ་ཡོང་རྒྱུ་དང༌། ཁྱིམ་མཚེས་ཤིག་དཔལ་འབྱོར་ཡར་རྒྱས་གང་ཙམ་འགྲོ་སྐབས་ཁྱིམ་མཚེས་ཚོར་མཐོང་ཆུང་བྱ་རྒྱུ་སོགས་ཡོང་གི་ཡོད། དེར་བརྟེན་དངོས་པོ་ཡར་རྒྱས་གཅིག་པུས་མི་ལ་བདེ་སྐྱིད་སྤྲོད་ཐུབ་ཀྱི་མེད་པ་དེ་གཞི་ནས་མཐོང་ཡོང་གི་འདུག ཚན་རིག་ཐོག་ནས་གཙོ་བོ་འཕྲོད་བསྟེན་གྱི་ཚན་རིག་ནང་མིའི་སེམས་ལ་ཞི་བདེ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག
སེམས་ལ་ཁོང་ཁྲོ་སོགས་བྱུང་ན། གཟུགས་པོའི་ཟུངས་བཅུད་ཉམས་འགྲོ་གི་ཡོད་པ་ཤོད་ཀྱི་འདུག སེམས་སྐྱིད་པོ་བྱས་ནས་བསྡད་ན། གཟུགས་པོའི་ནང་གི་ཟུངས་བཅུད་སྐབས་རེ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་ཤོད་ཀྱི་འདུག
སེམས་ཀྱི་ཞི་བདེ་ཁབ་དང་སྨན་བཟས་ནས་ཡོང་ཐབས་མེད། སྨན་བཟས་ཀྱང་གནས་སྐབས་ཕན་ཏེ་ཟུག་བཅགས་ཙམ་ལས་ཕུགས་ལ་ཕན་ཐོགས་གང་ཡང་ཡོད་པ་མ་རེད་ཅེས་གསུངས་སོང་། ཡང་༧གོང་ས་མཆོག་གིས་མུ་མཐུད་ནས་དོལ་རྒྱལ་བསྟེན་གསོལ་བྱ་མི་རུང་བའི་སྐོར་ལ་བཀའ་སློབ་ཟབ་ནན་བསྩལ་དོན།
སྐུ་མདུན་སྐུ་གོང་མ་འཚོ་ཞིང་བཞུགས་པའི་རིང་ལ་དོལ་རྒྱལ་དམ་དྲག་གནང་ཡོད་པ་རེད། ཁོང་གཤེགས་སོང་བ་རེད། དེའི་རྗེས་སུ་སྐྱབས་རྗེ་ཕ་བོང་ཁ་དང། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས་ལ་མཚོན་ན། ཆོས་ལུགས་ཡག་པོ་དང་བསྟན་པ་དག་པོ་ཡོང་བར་དངོས་གནས་དྲང་གནས་ཧ་ལས་པའི་བསམ་གྱིས་མི་ཁྱབ་པ་རེད། ད་ཡིན་ཡང་ཕྱི་ནང་གི་རྟེན་འབྲེལ་དེ་འདྲ་ཡི་རྐྱེན་པས་རྒྱལ་པོ་དོལ་རྒྱལ་ཁྱབ་སྤེལ་བཏང་བ་དེ་ནོར་འཁྲུལ་ཆེན་པོ་རེད། སྔ་མོ་ངས་ཀྱང་ཕྱི་ལོ་༡༩༥༨ ཙམ་ལ་དོལ་རྒྱལ་བསྟེན་གསོལ་བྱས་པ་རེད། དེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་རེད་ཟེར་ནས་ཡག་པོ་བྱས་པ་ངས་མཐོང་མྱོང་། ད་དེ་ནས་རྒྱ་གར་ལ་སླེབས་ནས་ཕྱི་ལོ་༡༩༧༠ ནང་ཙམ་ལ་གཞི་ནས་ང་ལ་དོགས་པ་ཞིག་ཟ་སོང་། བརྟག་དཔྱད་རིམ་པས་བྱས་པ་ཡིན། ཆོས་སྲིད་ཀྱི་མཛད་འཕྲིན་གལ་ཆེན་རིགས་དེ་ཚོར་ཟན་རྟགས་བསྒྲིལ་བའི་ཕྱག་སྲོལ་ཞིག་ཡོད་རེད། འོ་དེ་འདྲའི་དོགས་པ་ཏན་ཏན་བྱས་པ་ཡིན། དེ་མི་དགེ་བ་ཞིག་རེད་འདུག མཐའ་བསྡོམས་ངས་བསྟེན་གསོལ་བྱས་པ་ཚང་མ་འཚམས་འཇོག་བྱེད་རྒྱུ་དེ་མོ་བརྒྱབ་ཟན་རྟགས་བསྒྲིལ་ནས་ཐག་བཅད་པ་ཡིན། གཞི་ནས་ཤུགས་ལྡན་ཚོགས་པ་དེ་འདྲ་བཙུགས་ནས། མི་བསད་སོང་། མཚན་ཉིད་སློབ་དཔོན་དཔེ་ཆ་ཡག་པོ་རེད། གྲྭ་པ་གྲྭ་རྐྱང་ཞེ་དྲག་ཡག་པོ་ཡོད། ཁོང་གིས་དོལ་རྒྱལ་སྐོར་ལ་ཡི་གེ་འདྲ་བོ་ཞིག་བྲིས་ནས་ཁོང་དང་དགེ་ཕྲུག་གཉིས་བཅས་དོལ་རྒྱལ་ཚོགས་པའི་མི་ཡོང་ནས་བསད་སོང་། ང་སྡོད་ས་འཁྲིས་འཁྲིས་རེད། རྗེས་སུ་སྐུ་ཕུང་ཞུགས་འབུལ་བྱེད་སྐབས་དགེ་བཤེས་ལགས་སྐུ་ལུས་ལ་གྲི་༡༦ བརྒྱབ་འདུག་ཟེར། དེའི་དཔར་ནས་བཟུང་ཚང་མ་ད་ལྟ་ཡོད་པ་རེད། དེའི་རྗེས་ནས་ཡིག་ཆ་དེ་འདྲ་མང་པོ་བཀྲམ་པ་རེད། ཡིག་ཆ་གཅིག་ནང་༧གོང་ས་ལྔ་པ་ཆེན་པོས་འཕྲིན་བཅོལ་མཛད་ཡོད་རེད་ཟེར་བ་འདུག གཞི་ནས་༧གོང་ས་ལྔ་པ་ཆེན་པོའི་གསུང་བཙལ་བ་རེད། ༧གོང་ས་ལྔ་པ་ཆེན་པོས་གསུང་ཕྱི་ནང་གསང་གསུམ་ཆ་ཚང་ང་ལ་ཡོད། ༧གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་ལ་འཕྲིན་བཅོལ་མཛད་ཡོད་རེད་ཟེར་བ་ཞིག་རྩ་བ་ནས་མི་འདུག ༧གོང་ས་ལྔ་པ་ཆེན་པོས་གསུང་ཕྱི་མ་པོད་ཀ་པའི་ནང་། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྤྲུལ་རྫུན་མ་ལམ་དུ་ལྷུང་པ། སྨོན་ལམ་ལོགས་པའི་དམ་སྲིར་གྱུར་ཏེ། ཟུར་དཔང་གིས་ཚིག་སྟེ། དམ་མིན་དམ་སྲི་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཡིས། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐར་བར་བཟློག རྒྱུའི་ཁྱད་པར་སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར་བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་པ། ༧གོང་ས་ལྔ་པ་ཆེན་པོ་རྫུན་བཟོ་བྱེད་མཁན་ཞིག་མ་རེད། དངོས་གནས་དྲང་གནས་གཞུང་ལུགས་རབ་འབྱམས་ལ་སྦྱང་བའི་མཁས་པ། གྲུབ་པའི་ཡོན་ཏན་ལ་བསམ་བློ་བཏང་བ་ཡིན་ན། ལྷ་དང་བླ་མ་ཡི་དམ་ཞི་ཁྲོའི་ཞལ་གཟིགས་རྒྱུན་དུ་ཡོད་བསྡད་པ་ཁོང་གི་གང་བྱུང་མང་བྱུང་གསུང་གི་མ་རེད། བྱས་ཙང་༧གོང་ས་ལྔ་པ་ཆེན་པོ་དང་རྟོགས་པ་ན་མཉམ་པའི་གང་ཟག་ཅིག་གིས་བསྒྱུར་བཅོས་འདྲ་བཏང་བ་ཡིན་ན་མ་གཏོགས། གཞན་ཁོང་གི་གསུང་དེ་ཚད་མར་འཛིན་དགོས་པ་རེད། སྔོན་མ་ངས་ཀྱང་བསྟེན་པ་རེད། རྗེས་སུ་བརྟག་དཔྱད་ཆ་ཚང་བྱས་དུས་རྒྱལ་པོ་སྐུ་ལྔ་འཁོན་གྱི་ཡོད་པ། ལྷག་པར་དུ་དཔལ་ལྡན་དམག་ཟོར་མ་འཁོན་གྱི་ཡོད་པ། དེ་ཙམ་དུ་མ་ཟད་རྗེ་རིན་པོ་ཆེའི་བཀའ་དགོངས་ཐུན་མོང་ཡོད་བསྡད་པའི་མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་རྒྱལ་གཉིས་འཁོན་གྱི་ཡོད་པའི་གནས་ཚུལ་གསལ་པོ་ཞེ་དྲག་འདུག དེ་འདྲ་ཡིན་དུས་དོལ་རྒྱལ་བསྟེན་གསོལ་བྱེད་རྒྱུ་དེ་འགྲིག་གི་མི་འདུག་ཅེས་ངས་འབོད་སྐུལ་རིམ་པས་བྱས་ཡོད་པ་རེད། གནས་ཚུལ་དེ་ཆ་ཚང་རྟོགས་ནས་འགྲེལ་བཤད་བརྒྱབ་པ་ཡིན། དེ་ངའི་ལས་འགན་རེད། ཉན་དང་མི་ཉན་ཁྱེད་རང་ཚོ་སོ་སོར་ཐུག་ཡོད་པ་རེད། ངས་དབང་ཡོད་བྱེད་ཀྱི་གང་ཡང་ཡོད་པ་མ་རེད། གནས་སྟངས་དེ་འདྲ་རེད། ཡིག་ཆ་ཁ་ཤས་ནང་ལ་ཡོང་་ས་འཛིན་རྣམ་གཉིས་དགོངས་པ་རྫོགས་རྗེས་ངས་རྙིང་མའི་ངོ་སྲུང་ནས་རྒྱལ་པོ་ཤུགས་ལྡན་དམ་དྲག་བྱས་པ་རེད་ཅེས་བཀོད་བཞག དེ་འདྲ་རྩ་བ་ཉིད་ནས་མ་རེད། དེ་འདྲ་ཡིན་དུས། ༧གོང་ས་སྐུ་ཕྲེང་གོང་མ་དེ་ཚོ་དང་དམ་ཚིག་བསྲེ་ལྷད་ཡོད་པ་ཡིན་དུས། རྒྱལ་པོ་དོལ་རྒྱལ་བསྟེན་དང་མི་བསྟེན་དེ་སོ་སོའི་ལག་པ་རེད། གལ་སྲིད་བསྟེན་པ་ཡིན་ན་ངའི་རྩ་ནས་བཀའ་ཆོས་དང་སྡོམ་པ་ཞུ་རྒྱུའི་བཟོ་འདྲ་བོ་བྱས་ན་རྩ་བ་ཉིད་ནས་འགྲིག་གི་མ་རེད་ད། དེ་ཤེས་སོང་ངམ། དམ་ཚིག་ཉམས་འགྲོ་གི་རེད། དམ་ཚིགས་ཉམས་ན་ཁྱེད་རང་ཚོ་ལ་ཕན་གྱི་མ་རེད། ང་ལ་ཡང་གནོད་ཀྱི་རེད། སྤྱི་ཡོངས་ནས་བོད་སྤྱི་ནང་གཉིས་སུ་ངས་བརྟག་དཔྱད་རིམ་པས་བྱས་ནས་ཐག་གཅོད་བྱས་བཞག་པ་དེ་ལ་རྒྱུ་མཚན་མཐོང་ནས་དེ་ག་རང་གི་སྒང་ལ་མང་ཆེ་ཤོས་ཤར་བསྐྱོད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་བོད་ནང་གི་ས་ཁུལ་ཁ་ཤས་ལ་ད་དུང་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱི་ཡོད་པ་རེད། དཔེར་ན་མདོ་སྨད་ལྷ་མོ་གསེར་ཁྲི་དགོན་དང་། ཆབ་མདོ་དགོན་པ། སྨར་ཁམས་ཁུལ་གྱི་དགོན་པ་དེ་འདྲ། བྲག་གཡབ་ཁུལ་གྱི་དགོན་པ་སོགས་ཁ་ཤས་ཤིག་གིས་ཤེས་བཞིན་ཁྱད་གསོད་གནས་དུས་ཚོད་རྩིས་བྱས་ནས་མུ་མཐུད་ནས་འགྲོ་འདུག་མཁན་ཡོང་གི་འདུག དེའི་ནང་གི་རིགས་གཅིག་གིས་མ་ཤེས་ནས་འཁྱོག་བཤད་ཀྱིས་རྒྱལ་བ་རིན་པོ་ཆེའི་ཤུགས་ལྡན་བསྟེན་གསོལ་བཀག་འགོག་བྱེད་པ་དེ་དྲང་དོན་རེད་ངེས་དོན་མ་རེད། རྒྱལ་བ་རིན་པོ་ཆེའི་ཤུགས་ལྡན་མུ་མཐུད་ནས་བསྟེན་གྱི་ཡོད་པ་རེད། རིགས་ཁ་ཤས་ཀྱི་རྒྱལ་བ་རིན་པོ་ཆེའི་རྙིང་མའི་ངོ་སྲུང་རེད། ཡང་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་རྙིང་མ་ཆགས་ཚར་བ་རེད། སོང་ཙང་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་རེད་ཟེར་མཁན་འདུག དེ་འདྲ་ཡིན་དུས་ཁྱེད་རང་ཚང་མ་ལ་མ་གོ་མ་ཐོས་པ་མེད་པ་ཞིག་བཤད་ཡིན། གང་ལྟར་མདོ་དོན་སྙིང་པོ་༧རྒྱལ་དབང་སྐུ་ཕྲེང་༡༤པ་ང་འདེམས་རྒྱུ་རེད་དམ། ཡང་ན་འཇིག་རྟེན་པའི་དྲེགས་པ་དོལ་རྒྱལ་འདེམས་རྒྱུ་རེད། ཤེས་སོང་ངམ་ཞེས་སོགས་གསུངས་སོང་། དེ་བཞིན་ཉིན་འདིར་༧གོང་ས་མཆོག་གིས་དུས་དབང་སྔོན་འགྲོའི་གསུང་ཆོས་རྒྱལ་སྲས་ཐོགས་མེད་དཔལ་བཟང་པོས་མཛད་པས་ལག་ལེན་སོ་བདུན་མའི་གསུང་ཆོས་ཀྱི་བཀའ་ཁྲིད་བསྩལ་སོང་།
གཞན་ཡང་། ད་ལྟ་དོལ་རྒྱལ་སྐོར་བཤད་ཀྱི་ཡིན། དོལ་རྒྱལ་སྐོར་གང་འདྲ་རེད་དམ་ཞེ་ན། དོལ་རྒྱལ་སྐོར་རྒྱུས་མངའ་ཆེ་ཤོས་ཡོད་མཁན་ྋརྒྱལ་དབང་ལྔ་པ་རེད། ྋརྒྱལ་དབང་ལྔ་པའི་དུས་ལ་བྱུང་བ་རེད། ྋརྒྱལ་དབང་ལྔ་པས་ག་རེ་གསུངས་ཡོད་དམ་ཞེ་ན། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་ཚིག་གསུམ་པོ་འདིས་དོལ་རྒྱལ་གི་རྒྱུ། དོལ་རྒྱལ་གྱི་ངོ་བོ། དོལ་རྒྱལ་གྱི་བྱེད་ལས་བཅས་བསྟན་གྱི་ཡོད་པ་རེད། ཤེས་སོང་ངམ། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས་སྨོན་ལམ་ལོག་པ་ཟེར་དུས་རྒྱུ་དེ་བཤད། ངོ་བོ་དེ་གང་འདྲ་ཞིག་རེད་ཅེ་ན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་རེད། ཤེས་སོང་ངམ། དེ་ནི་སྲུང་མ་རེད་འདུག་གམ། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་ཞེས། རྒྱུ་སྨོན་ལམ་ལོག་པའི་དབང་གིས་སྐྱེས་པ། ངོ་བོ་དམ་སྲི་འབྱུང་པོ་མི་མ་ཡིན། སྤྱིར་བཏང་འབྱུང་པོ་མི་མ་ཡིན་མང་པོ་ཡོད། ཡིན་ནའི་བྱ་བའི་ཁྱད་པར་གང་འདྲ་ཞིག་རེད་དམ་ཞེ་ན་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་དེ་འདྲ་ཞིག་རེད། དེ་འདྲ་སོང་ཙང་དོལ་རྒྱལ་གྱི་རྒྱུ། དོལ་རྒྱལ་གྱི་ངོ་བོ། དོལ་རྒྱལ་གྱི་བྱ་བ་བྱེད་ལས་བཅས་ཚིག་དེ་དག་གིས་བསྟན་གྱི་མི་འདུག་གམ། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་པ་ནི་སྲུང་མའམ་ལྷ་སྲུང་བསྟེན་ཕྱོགས་ཀྱི་སྐད་ཆ་མ་རེད། འདི་འབྱུང་པོ་བསྟེན་དང་མ་བསྟེན་གྱི་སྐད་ཆ་རེད། དོལ་རྒྱལ་བསྟེན་མཁན་ནི་འབྱུང་པོ་བསྟེན་མཁན་ཞིག་ཡིན།
བཀའ་ཁྲིའི་གསུང་བཤད་དེ་ཤིན་ཏུ་བདེན། ཁ་བརྡའི་མཆན་འགོད་པ་ཉུང་ཤས་འདི་ནང་དངོས་ཤུགས་བརྒྱུད་གསུམ་ནས་༧གོང་ས་མཆོག་ལ་ཟུར་ཟའི་ཚིག་ངན་འཔེན་མཁན་ག་ཚོད་འདུག་གཟིགས་དང་།། །།
ཧ་ཧ། རྗེས་དཔག་གི་རིག་པ་སྐྱག་རྐུབ་ནང་ལ་གཏད་པའི་བདུད་འཇོམས་ཟེར་ན་འདྲ། ཤར་ཁུག་གི་རྐུབ་གཡོག་ཟེར་ན་འདྲ། སྐྱག་མཚོ་ཟེར་ན་འདྲ། ཟམ་གདོང་གི་སྒོ་ཁྱི་ཟེར་ན་འདྲ། ཝར་ཎའི་སྐྱག་ཕྲུག་ཟེར་ན་འདྲ། མི་འདི་ཚོས་བོད་མི་རིགས་ཀྱི་ལྷན་སྐྱེས་ཀྱི་ཐོབ་ཐང་ལ་རྡོག་རོལ་གཏོང་གིན་གཏོང་གིན་ཡོད་ཚད་བློས་གཏོང་དང་མགོ་འབུལ་ལུས་འབུལ་ཞུས་ནས་ཀྲུང་ནན་ཧེའེ་ལ་སློང་མོ་རྒྱག་རྒྱག་གིན་རང་ཉིད་ཀྱིས་ལྟོ་འཕོར་བསྲུང་ཆེད་དབུ་མའི་ལས་འགུལ་ཁང་ཟེར་བ་ཞིག་བཙུགས་ནས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་སྟངས་འཛིན་བྱེད་སྟངས་འདི་ཡག་རྟགས་ཅིག་མ་རེད་ལ་ཚང་མས་གཟབ་དགོས་པ་རེད། མ་ཟད་མི་འདི་ཚོས་ལམ་དབུ་མ་ཚད་གང་འདྲ་ཞིག་ལ་བསྐྱལ་འདུག། ཏང་ཀྲུང་དབྱང་གི་གཞིས་འགུགས་གནང་རྒྱུར་རེ་བཞིན་འདུག། འོན་ཀྱང་ཏང་ཀྲུང་དབྱང་གིས་ལོག་སྤྱོད་ཤོག་ཁག་ངོས་འཛིན་ལ་འགྱུར་བ་ནམ་ཡང་མེད་པ་དེ་རེད་ལ་གཞིས་འགུགས་ནི་རྨི་ལམ་ཁོ་ནའོ།
དགེ་ལུགས་པའི་སྲུང་མ་
ཤུགས་ལྡན་གིས་གནས་ཚུལ་དེ་བོད་ནང་ལ་མ་ཁྲིད་རོགས་
གང་ཡིན་ཟེར་ན་ཤུགས་ལྡན་ནི་དགེ་ལུགས་པའི་སྲུང་མ་འམ་གདོང་འདྲེ་་
དེ་ལ་ང་ཚོས་བོད་ཀྱིས་སྙོག་དྲ་མ་རེད། ང་ཚོས་ཤུགས་ལྡན་ནི་དགྲ་བོ་མིན་ལ་གྲོགས་པོ་ཀྱང་མིན་།
བཀའ་རྒྱུད་རྙིང་མ་ས་སྐྱ་གསུམ་ནི་ཆ་སྲིད་ཀྱིས་ཆོས་ལུགས་མ་རེད་། ཡང་དག་པ་ནང་པ་སངས་རྒྱས་པའི་
ཆོས་ལུགས་རེད་། ཚང་མའི་ཧ་གོ་བ་གྱིས། བོད་ཀྱིས་བླ་ཆེན་རྣམས་ཀྱིས་མཚན་ལ་རྩེ་མོ་མ་གནང་རོགས་ཞུ་
ངས་ནི་ཤུགས་ལྡན་ཟེར་བ་ཞིག་ཡོད་དམ་ཡང་ཡང་དྲན་མྱོང་ཡོད། ད་སྐབས་རྒྱུ་མཚན་ལ་གནོ་བསམ་གཏོང་དུས་ཡོད་ཤས་ཆེ་ལ་གཞུང་དགའ་ལྡན་ཕོ་བྲང་ལ་ལྟོས་ན་དམ་སྲི་ཞིག་ཀྱང་ཡིན་ཤས་ཆེ། ཉེས་མེད་ཀྱི་སྐྱེ་བོ་ཞིག་གང་བྱུང་དུ་ལྔ་ལམ་ལ་གཏོང་དུས་རང་ལ་ཡོད་པ་ནི་སྨོམ་ལམ་ལོག་པ་རྒྱག་རྒྱུ་ལས་གཞན་ཅི་ཞིག་འཇོན། འོན་ཀྱང་བོད་བརྒྱུད་ནང་བསྟན་གྱི་ངོས་ནས་ཁོར་གང་ཡང་བྱས་མེད་པས་བསྟན་པའི་དམ་སྲི་ཞིག་ཡིན་མིན་ཐེ་ཚོམ་རེད། ང་ཚོས་ཤུགས་ལྡན་ཟེར་བ་འདིར་ཤ་ཚ་དང་སྙིང་རྗེ་བལྟ་དགོས་པ་ལས་འདི་ཙམ་དགྲར་འཛིན་པ་ནི་འོས་པ་ཞིག་ཏུ་མ་མཐོང་། རྒྱུ་མཚན་ནི་ཁོ་ང་ཚོའི་མི་རབས་གོང་མ་ཚོས་ཉེས་མེད་ཀྱི་མི་ཞིག་མ་ཉེས་ཁ་གཡོགས་ཀྱིས་ལྔ་ལམ་དུ་བརྫངས་ཟིན་པའི་གང་ཟག་ཅིག་གི་རྒྱུན་ཕྱི་མ་ཞིག་རེད། རི་རབས་གོང་མས་ཚར་བཅད་ཅིང་མི་རབས་ཕྱི་མས་འདི་ལྟར་སྡང་དགོས་དོན་གང་ཡིན་ནམ། ཤུགས་ལྡན་ཟེར་བའི་སྐྱེ་བོ་ཉམ་ཆུང་འདི་འགྲོ་བ་རིགས་དྲུག་གང་དུ་འཚོ་དགོས་སམ། མ་གཞི་ནས་ཟམ་གདོང་བླ་མ་ཟེར་བའི་ཕྱི་འཇམ་ནང་རྩུབ་གྲོད་པའི་རང་བཞིན་ཅན་འདིས་བསྟན་དགྲ་རྒྱ་དམར་ལ་གུས་གུས་ཞུམ་ཞུམ་ཆེ་ཞིང་ཤུགས་ལྡན་ཟེར་བའི་ཉམ་ཆུང་སྐྱེ་བོ་ལ་རྫིག་ཉམ་སྟོན་ཞིང་ཁ་རྡུང་དང་སྡིག་ར་སྟོན་ཞིང་རྟག་ཏུ་ལྔ་ལམ་དུ་བརྫོང་བར་བརྩོན་བཞིན་འདུག་པས་རྒྱ་གཞུང་གིས་བོད་ཟོས་པ་རེད་དམ་ཤུགས་ལྡན་གྱིས་བོད་ཟོས་པ་རེད། རྒྱ་གཞུང་གིས་བོད་མི་བསད་པ་རེད་དམ་ཤུགས་ལྡན་གྱིས་བོད་མི་བསད་པ་རེད། རྒྱ་གཞུང་གིས་༧གོང་ས་མཆོག་བཙན་བྱོལ་ལ་ཕེབས་དགོས་པ་བཟོས་པ་རེད་དམ་ཤུགས་ལྡན་གྱིས་བཟོས་པ་རེད། གང་ལྟར་ཤུགས་ལྡན་ཟེར་བའི་ཉམ་ཆུང་སྐྱེ་བོ་འདི་ལ་སྙིང་རྗེ་བཞིན་འདུག ཁོའི་རྒྱུན་སྔ་མར་ཉེས་པ་མེད་བཞིན་དུ་སྲོག་ཤོར་འདུག་ལ་ད་ལྟ་འང་ཉེས་མེད་ཀྱི་ཉེས་པ་མང་པོ་ཞིག་ཁུར་ནས་འཚོ་དགོས་འདུག་པས་སྙིང་རྗེ་ཡོད་པའི་གང་ཟག་ཚོས་ཁོ་ལ་སྙིང་མི་རྗེ་ན་སུ་ལ་སྙིང་རྗེ། ཧཧཧཧཧཧཧཧ
ཨ་་རྡུ་མན་ལགས། ངས་གོང་དུ་བཤད་པ་ལྟར་མཚན་ཉིད་སློབ་དཔོན་བསད་མཁན་ཚོའི་ཡུལ་དང་མིང་པར་དང་བཅས་པ་དེབ་ནང་ལ་བཀྲམ་འདུག་ན། དེ་སྤང་རྟགས་བསྟོན་པ་མིན་ན་སྤང་རྟགས་བསྟོན་ཞེས་པ་དེ་ཅི་འདྲ་ཞིག་དགོས་སམ། གོང་ས་ལྔ་པ་ཆེན་པོ་སོགས་བླ་མ་མང་པོས་ཤུགས་ལྡན་གྱི་བསྐང་གསོ་དང་གསེར་སྐྱེམས་སོགས་མཛད་འདུག་པས་དེ་དག་གིས་ཤུགས་ལྡན་དྲེག་པ་ཡིན་པ་མ་མཁྱེན་པ་རེད་དམ་ཟེར་ན། ཆོས་རྒྱུད་གཞན་དག་གི་བླ་མ་ཚོ་སྨོས་མ་དགོས། དགེ་ལུགས་པ་རང་གི་བླ་མའི་ཁྲོད་ནས་ཀྱང་གོང་ས་ལྔ་པ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། ཡོང་འཛིན་ཡེ་ཤེས་རྒྱལ་མཚན། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ཚད་ལྡན་གྱི་བླ་མ་དུ་མས་ཤུགས་ལྡན་དགག་འདུག་ན་དེ་ཚོས་ཤུགས་ལྡན་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་མ་མཁྱེན་པ་རེད་དམ་ཞེས་རིགས་པ་མགོ་མཚུངས་བཏང་ན་ཅི་སྨྲ། ཤུགས་ལྡན་འཇམ་དབྱངས་ཀྱི་སྤྲུལ་པ་སོགས་སྨྲ་མཁན་ནི་ཕ་ཝང་ཁ་པ་སོགས་ཕྱོགས་རིས་གདོན་གྱིས་མྱོས་པ་ཁག་གཅིག་ལས་ཚད་ཐུབ་ཀྱི་སྐྱེ་བུ་སུས་ཀྱང་གསུང་རབ་མེད་པས་ཧམ་བཤད་མ་བྱས་ན་བཟང་། ཁྱེད་རང་གོང་ས་སྐུ་ཕྲེང་བཅུ་བཞི་པ་ལ་དད་པ་ཡོད་མཁན་ཞིག་ཡིན་ན་ཁོང་གིས་ཡང་ན་རྒྱལ་དབང་བཅུ་བཞི་པ་དང་ཡང་ན་ཤུགས་ལྡན་གདམ་དགོས་ཤེས་བཀའ་ནན་འདི་འདྲ་ཕེབས་པ་འདི་དགོས་པ་རྒྱུ་མཚན་ཞིག་ཡོད་ནས་གསུང་པ་ལས་གང་བྱུང་མི་གསུང་བའི་ངེས་ཤེས་ཙམ་ཞིག་མ་མཐའ་ཡང་དགོས་ངེས་རེད།
ཕྱུགས་ལྡན་བསྟེན་མཁན་ནི་བོད་ཀྱི་གྲངས་ཉུང་སྤྱི་ཚོགས་ཤིག་ཡིན་པས་བོད་ལ་ཤ་ཞན་ཡོད་ན་ཁོང་ཚོའི་རང་དབང་ལ་བཀག་འགོག་གནང་ན་མི་མཚམས་པ་འདོད། འོན་ཀྱང་ཤུགས་ལྡན་པ་ཚོས་རང་ཉིད་བོད་པ་ཡིན་པའི་འདུ་ཤེེས་ཀྱིས་རྒྱ་དང་འབྲེལ་བ་མ་གནང་བ་སྔར་ལས་བོད་ཀྱི་རྩ་དོན་ལ་ཤུགས་སྣོན་རྒྱབ་ན་བོད་ཕྱོགས་ནས་རྒྱབ་སྐྱོར་ཐོབ་ངེས་རེད། དེ་ལྟར་མིན་ན་པ་རྒྱལ་བ་རིན་པོ་ཆེ་ལ་འཁོན་སེམས་ཀྱིས་རྒྱ་དང་འབྲེལ་བ་བྱས་ཚེ་ཤུགས་ལྡན་པ་སྔ་ཕྱི་མ་གཏོགས་གྱོང་གུད་ཕོགས་ཤིང་བོད་ཀྱི་སྤྱི་ཚོགས་ལོགས་སུ་འགྲོ་ཉན་ཆེ། དེ་ལྟར་གྱུར་ན་བོད་པ་མི་ཕན་པ་མ་ཟད་ཤུགས་ལྡན་པ་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་རྩ་སྟོང་འགྲོ་ཉེན་ཆེ་བ་འདོད། རྒྱ་ལ་འབྲེལ་བ་བྱས་ཚེ་རྒྱལ་བ་རིན་པོ་ཆེ་ལ་དགའ་མོས་ཡོད་མེད་ལ་མ་ལྟོས་བ་བོད་མི་མང་གི་རྒྱབ་སྐྱོར་ནམ་ནམ་ཐོབ་ཐབས་མེད་པས་ཡིན།
དོལ་རྒྱལ་ལྷར་བརྟེན་འདྲེར་ཕབ་བྱེད་མཁན་ཁོ་ཚོར་དྲིས། །
ཤུགས་ལྡན་གདོན་འདྲེ་ཡིན་མིན་ཐེ་ཚོམས་ཅི་ཡང་མེད། །
ཨང་༡༩པ། འཁྱམས་པོ་ཟེར་བ་དེས་ཡེས་བཤད་མེས་བཤད་ཀྱིས་དོན་ལ་ཨ་མདོ་མགོ་ལོག་གསེར་རྟ་སོགས་ཁམས་པ་ཡིན་པར་བསྒྲུབས་སྟངས་ལ་བསྟས་ན། མི་དེ་ཁམས་པ་རྫུན་མ་བང་ཆེན་རྩོམ་སྒྲིགས་པ་ཚུལ་ཁྲིམས་ཡིན་ས་རེད། དྲ་གྲོགས་ཚོ་ཁམས་རྫུན་སྐུ་ངོ་བང་ཚུལ་ལ་ཀུན་གྱིས་གཟོབས་མ་གཏོགས། ཁོས་རང་གི་ལྟོ་རྒྱབ་ཆེད་བོད་པ་ཚང་རྒྱ་གཞུང་ལ་བཙོང་གི་རེད། ལྷག་ཏུ་ཁོས་རང་གི་འཚོ་ཐབས་ཆེད་ཆོལ་ཁའི་བར་རྙོགས་གྲ་སློང་གི་རེད། ཚང་མས་ཁམས་པ་རྫུན་མ་སྐུ་ངོ་བང་ཚུལ་ཤེས་དགོས།
མཆན་པ་ཚོ།
ཡེས་བཤད་མེས་བཤད་ཟེར་ན་ག་རེ་རེད། ཡར་བཤད་མར་བཤད་མ་རེད་ནེ། ཡང་ན་ཡིག་བཤད་མིག་བཤད་མ་རེད་ནེ། ཡས་བཤད་མས་བཤད་ཡིན་རྒྱུ་མ་རེད་པ་ཨ། འདི་དག་གི་གང་བོད་ཀྱི་བརྡ་སྤྲོད་དང་མཐུན་པ་རེད། རོགས་པ་ཞིག་གནང་རོགས།