རུ་ཤུལ་བུ།
གཅིག རང་རེའི་ཆོས་ལུགས་བྱེད་སྒོ་ཁག་ཏུ་ནམ་རྒྱུན་བཀོལ་སྤྱོད་བྱེད་བཞིན་པའི་རོལ་ཆས་རྒྱ་གླིང་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རོལ་ཆ་ཞིག་ཡིན་ནམ། ཡིན་ན་རོལ་ཆ་དེ་དུས་ནམ་ཞིག་ལ་རྒྱལ་རབས་གང་ཞིག་གི་སྐབས་སུ་བྱེད་སྒོ་ཅི་ཞིག་ལ་ཚུལ་ཇི་ལྟར་བྱས་ཏེ་དར་བ་ཞིག་རེད།
གཉིས། རོལ་ཆ་དེ་བོད་ས་རང་ནས་དང་པོ་ནས་དར་བ་་ཞིག་མ་ཡིན་པར་གཞན་དང་གཞན་ནས་བརྒྱུད་དེ་ཡོང་བ་ཞིག་ཡིན་ནམ། ཡིན་ན་རོལ་ཆ་དེ་རྒྱལ་ཁབ་གང་ཞིག་ནས་རང་རེའི་རྒྱལ་རབས་གང་གི་སྐབས་བྱེད་སྒོ་ཅི་ཞིག་ཏུ་ཚུལ་ཇི་ལྟར་བྱས་ཏེ་དར།
གསུམ། རོལ་ཆ་དེ་བོད་རང་གི་ཆོས་ལུགས་བྱེད་སྒོ་ཁག་མ་ཡིན་པར་བྱེད་སྒོ་གཞན་དུ་སྤྱོད་སྲོལ་ཡོད་དམ། ཡོད་ན་གང་དང་གང་དུ་བཀོལ་སྤྱོད་བྱེད།
བཞི། རོལ་ཆ་དེ་དེང་སྐབས་བོད་རང་གི་རིག་གཞུང་གི་ཚབ་མཚོན་རྣལ་མ་ཞིག་ལ་བགྲང་ཆོག་གམ། འདི་རྒྱུད་འཛིན་བྱས་ན་བོད་རང་གི་རིག་གཞུང་རྒྱུད་འཛིན་བྱས་པ་ལ་ཕན་པ་ཡོད་དམ།
བོད་རང་ནས་དར་བ་ཞིག་མིན་པར་རྒྱ་ནག་ནས་ཚུར་བཤུས་པ་ཞིག་རེད། ཐང་རྒྱལ་རབས་ཀྱི་སྐབས་སུ་ཡིན་ནམ་དཔྱད། འོན་ཀྱང་སྔོན་མ་༸གོང་ས་མཆོག་ཕེབས་བསུ་ལ་འཁྱེར་གི་ཡོད་ཀྱང་དེང་སང་ཁོང་གིས་བཀའ་གནང་བས་གདན་ས་སོགས་དགོན་སྡེ་དག་གིས་མཚམས་བཞག་ཡོད། རགས་དུང་ནི་ང་ཚོའི་ཁྱད་ཆོས་ཤིག་རེད།
འདི་ནི་རྒྱ་གར་བྱང་རྒྱུད་དང་ཨ་རབ་རྒྱུད་ཀྱི་རོལ་མོའི་བྱེ་བྲག་ཅིག་ཡིན་ལ། རྒྱ་ནག་གི་ལོ་རྒྱུས་ན་ཡང་འདི་ནུབ་ཕྱོགས་ནས་རྒྱ་ལ་དར་བའི་རོལ་མོ་དཔེར་ན་པི་ལྦང་། ཏམ་བུ་ར་སོགས་ཀྱི་གྲས་སུ་བགྲང་ཡོད། ཨ་རིག་དགེ་མཐོང་ཟེར་བའི་བོང་རྒན་འདིས་ཤེས་མ་ཤེས་བཤད་རྒྱུ་མཚམས་འཇོག་ན་དགའ་།
རྒྱ་གླིང་ག་ནས་དར་བ་མི་ཤེས། རག་དུང་ནི་ཇོ་བོ་རྗེ་མངའ་རིས་སུ་ཕེབས་སྐབས། ཕེབས་བསུར་གསར་བཟོ་བྱས་པ་ཞིག་པ་དཔེ་ཆ་ཞིག་ཏུ་མཐོང་མྱོང་ཡོད། བདེན་པ་ཡིན་མིན་མི་ཤེས།
རྒྱ་གླིང་ཞེས་པའི་མིང་ལ་ཐད་ཀར་བལྟས་ན་རྒྱ་ཡི་གླིང་བུ་ལྟ་བུར་འདུག་ཀྱང་། སྲོང་བཙན་སྔོན་ལ་ཡང་ཡོད་སྲིད་པའི་བོན་པོའི་མཁས་པ་ཚོས་འགྲེལ་བཤད་ཅིག་བྱེད་ཐུབ་ན་ལེགས་སྙམ་ལགས།
ངས་དུས་རྒྱུན་དུ་བསམ་ཚོད་ལ་བོད་ཀྱི་ནང་ཆོས་མགོན་པར་བེད་སྤྱོད་བཞིན་པའི་རོལ་ཆ་དེ་ཚོ་མང་ཆེ་བ་སྔར་བོན་ཆོས་སྐབས་སུ་མེད་དམ་སྙམ། དེ་མིན་གསང་སྔགས་ཀྱི་གཞུང་ནང་གསུངས་པའི་རྡོ་དྲིལ་སོགས་ནི་རྒྱ་གར་ནས་དར་བ་ཡིན་པར་འདོད་དགོས་ཀྱང་། བཟོ་དབྱིབས་སོགས་ལ་གྱུར་བ་ཐེབས་པའང་ཡོད་སྲིད་པས་དཔྱད་དགོས་པ་མང་ངོ་། །
རྒྱ་གླིང་ཞེས་པའི་ཐ་སྙད་དེ་རང་ལ་དཔྱད་ན་ཡང་རྒྱ་ཡི་གླིང་བུ་ཟེར། གཞན་གང་ཡང་མིན་པར་རྒྱ་རིགས་གཉེན་སྒྲིག་བྱེད་དུས་གཏོང་བྱེད་ཀྱི་གླིང་བུ་དེ་རང་རེད། འོན་ཀྱང་གཏོང་ལུགས་མི་འདྲ་བའི་གཅིག་དེས་གཉེན་སྒྲིག་བྱེད་དུས་གཏོང་བ་དང་གཅིག་ཤོས་དེས་ཆོས་ལུགས་ཀྱི་བྱེད་སྒོ་སྐབས་གཏོང་གི་ཡོད་པ་རེད། ཧ་ཧ། བོད་མི་རིགས་འདིས་རང་གི་གདོད་མའི་ས་ཐོག་ནས་བྱུང་བ་ལས་ཕྱི་ནས་ནང་འདྲེན་བྱེད་རྒྱུར་དགའ་སོང་ནས་རང་གི་ཁ་རྗེ་དབང་ཐང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མདོར་ན་བདག་དབང་ཡོད་ཚད་བཙན་ཕྲོགས་བྱེད་མཁན་གྱི་ཨ་ཞང་ཚང་ཡང་ནང་འདྲེན་བྱས་པ་རེད།
རྒྱ་གླིང་ནི་
རྒྱ་གླིང་ཞེས་པའི་མིང་གི་དོན་ནི་རྒྱ་ཡི་གླིང་བུ་ཞེས་པའི་དོན་ཡིན་ལ། དེ་ལ་རྒྱ་སྐད་དུ་ཙི་ཟེར། དེང་གི་སྐབས་སུའང་བོད་ཀྱི་ས་ཆ་ལ་ལ་ན་ཙི་ཞེས་འབོད་པ་ཡིན།
རྒྱ་གླིང་ཟེར་བ་ཙམ་གྱི་རྒྱ་ནག་གི་གླིང་བུ་ཡིན་དགོས་དོན་མི་འདུག རྒྱ་གར་གླིང་བུ་ཟེར་ནའང་མི་འགྲིགས་པ་མི་འདུག
བོན་གྱི་ཡིག་ཆ་རྙིང་པ་འགའ་རེར་འདི་ལ་(ལྗགས་གླིང་)བྲིས་པའང་འདུག གང་ཡིན་རུང་ད་ལྟའི་ཆར་བོད་ལ་བོད་རང་གི་ཁྱད་ཆོས་ཅན་གྱི་རྒྱ་གླིང་གི་དབྱིབས་དང་འབུད་ལྟ་སོགས་འདུག་སྟེ། རོལ་ཆས་འདིའི་རིགས་མང་པོ་ཞིག་ལྷག་ཅིག་ཏུ་བཞག་ནའང་འདི་ནི་བོད་ཀྱི་ཡིན་ནོ་ཟེར་ཐུབ་པ་ཞིག་ཡོད་ལ། གདངས་ལས་ཀྱང་འདི་ནི་བོད་ཀྱི་འབུད་རྟའོ་ཟེར་ནས་ཐག་ཆོད་ཐུབ་པ་ཞིག་ཡོད། དེར་བརྟེན་སྔར་རྒྱ་ནས་ཚུར་དར་བ་ཡིན་པའི་དབང་དུ་བཏང་ནའང་ད་ལྟ་དེའི་ངོ་བོ་བོད་གླིང་དུ་གྱུར་ནས་འདུག་པས། ཕྱི་དངོས་ནང་འདྲེན་བྱས་པ་ལ་ནང་གི་ཁྱད་ཆོས་བཏགས་སྟེ་རང་གི་ཐུན་མིན་གྱི་ཅ་དངོས་ཤིག་ཏུ་གྱུར་འདུག་པ་དེ་ག་རང་གིས་འགྲིག་འདུག་གོ །
རྒྱ་གླིང་ཡིན་ན་ཚིག་འགྲེལ་ལ་རྒྱ་དཀར་ནག་གང་རུང་ལ་གཏུགས་རྒྱུ་འདྲ་བོ་རེད།འོན་ཀྱང་
ཡིག་རྙིང་ཁ་ཤས་ལ་ལྗགས་གླིང་ཟེར་བའང་སྣང་མོད།དེའི་ཚིག་འགྲེལ་ལྗགས་ཀྱི་གླིང་བུ་ཙམ་
ལས་རྒྱལ་ཁབ་གཞན་དུ་འབྲེལ་དགོས་པའི་རྒྱུ་མཚན་ཆེར་ཡོད་པ་མ་རེད།ཡོད་རྒྱུ་ནི་རྒྱ་དཀར་
ནག་གཉིས་ཀར་ཡོད་བསྡད་པའི་དངོས་པོ་ཞིག་ཡིན་པ་ནི་གསལ་པོ་འདུག་མོད།རྒྱ་དཀར་ནག་
གཉིས་ལ་ཡོད་པའི་ཀྱི་དངོས་པོ་དག་དེའི་ཕུགས་རྒྱ་དཀར་ནག་རང་ལ་གཏུགས་གཏང་ན་
བོད་པ་རང་ལ་དབང་བའི་ཅ་དངོས་ཤིན་ཏུ་ཉུང་འགྲོ།་
འདིར་ལད་མོ་ལྟ་བུར་ཆགས་འདུག་དང་པོ་ངས་མཆན་འདི་བྲིས་བསྡད་སྐབས་དམུ་ཐག་གི་བུའི་
མཆན་དེ་བབ་ཚར་འདུག
ཨ་ལ་ལ་ཧོ། ༡༽རྒྱ་ཡོད་ཚད་བོད་ཀྱི་ཚིག་མཛོད་ལས་འདོར་དགོས་ན། རྒྱ་མཚོ། རྒྱ་མ། རྒྱ་རྡོ། རྒྱ་ཚད། རྒྱ་སེར། རྒྱ་གར། རྒྱ་ནག རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་དང་པོ་མིན་ཚད་གྱི་མཚན་ལ་ཡང་བཟོ་བཅོས་མི་དགོས་སམ། ༢༽རྒྱ་ཞེས་པའི་དོན་མང་ཆེ་བར་རྒྱ་ཚད་ལ་འཇུག་པའི་དབང་དུ་བྱས་ན། རྒྱ་གླིང་ཡང་བཟོ་དབྱིབས་འབུད་ཚུལ། བཀོད་པ་སོགས་ཚད་ལྡན་གྱི་གླིང་བུར་ངོས་འཛིན་བྱར་མི་རུང་པ་ཅི་ཡོད། རྒྱ་གླིང་གཏོང་བ་ལ་དབུགས་ཀྱི་དམ་ལྷོད། མཛུབ་མོའི་དལ་བུལ། ཆ་ཚད། བཟོ་དབྱིབས་སོགས་རོལ་མོའི་རིགས་གཞན་ལས་ཚད་ལྡན་མེད་ན་སྒྲ་ཡག་པོ་མི་ཡོང་པ་ནི་འབུད་ཤེས་མཁན་ཀུན་ལ་རྒྱུས་ཡོད། ད་ལྟའི་རྒྱ་གླིང་གི་བཟོ་དབྱིབས་གཅིག་པ་ཞིག་རྒྱ་ནག་ལོ་རྒྱུས་ནང་དུ་བཙལ་ཀྱང་མི་རྙེད། འབུད་ཚུལ་ཀྱང་ཨ་མདོའི་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཁ་ཤས་རྒྱ་ནག་དང་མཚུངས་པ་ལས། དབུས་ཀྱི་དགོན་སྡེ་མང་ཆེ་བ་རྒྱ་ནག་དང་གཏན་ནས་མི་འདྲ། རྙིང་མ་པ་ལ་མཚོན་ན། རྡོ་སྨིན་ཀཿ་དཔལ་གྱི་ལུགས་སྲོལ་ཆེན་པོ་བཞི་འདུག རིག་འཛིན་དགྱེས་རོལ། མཚོ་རྒྱལ་གདུང་དབྱངས། ལྷ་རྒྱལ་རིགས་གསུམ། རལ་གྲིའི་འཁྲུལ་འཁོར་སོགས་རྙིང་མ་སྤྱི་ལ་འགྲོ་བ་དང་། སྨིན་གླིང་རྩ་འབུད། དམ་པའི་ཚངས་དབྱངས། གནམ་ཆོས་དག་སྣང་སོགས་སྒེར་ཆོས་སུ་གྱུར་པ་ཅི་རིགས་ཡོད། རྒྱ་ནག་རང་གིས་བསྒྲིགས་པའི་ཀྲུང་གོའི་རོལ་ཆའི་ངོ་སྤྲོད་དུའང་བོད་གྱི་གླིང་བུ་ཞེས་བྲིས་འདུག འཛམ་གླིང་གི་མི་སུ་ལ་བསྟན་ཀྱང་བོད་ཀྱི་བླ་མའི་རོལ་ཆ་ཡིན་པ་ལས་རྒྱ་ནག་གི་རེད་མི་གསུང་ཐག་ཆོད་རེད། ༣ ༽སངས་རྒྱས་ཆོས་གཞུང་མདོ་སྔགས་ཀུན་ལ་ཡོངས་སུ་གྲགས། མྱ་ངན་ལས་འདས་པའི་མདོ་ལས། རོལ་མོ་རྣམ་པ་སྣ་ཚོགས་ཀྱི་སྒྲ་གྲགས་པ་ནི་འདི་ལྟ་སྟེ། གླུ་དང་། གར་དང་། གླིང་བུ་དང་། དགུ་པོ་རྒྱུད་མང་དང་། སེའུ་དང ། ཤིར་དང་། རྔའི་སྒྲ་རྣམས་སོ། ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། རོལ་མོ་བརྒྱ་སྟོང་མང་པོ་ལྷ་རྫས་ཀྱི་དབྱངས་ཡིད་དུ་འོང་པ་སྙན་པ་དང་ལྡན་པ་དག་ནི་རབ་ཏུ་བླངས། མེ་ཏོག་གི་ཆར་ཆེན་པོ་ནི་མངོན་པར་འབབ། ཅེས་པ་སོགས་རོལ་མོའི་རིགས་བྱེད་གྲངས་མེད་པ་གསུང་པ་རེ་རེ་ནས་འདྲེན་ཨེ་ཐུབ། སྔགས་ཀྱི་རྒྱུད་སྡེ་རྣམས་ལ་ནི་ཡོངས་སུ་གྲགས་པ་ཞིག་ཡིན། དཔེར་ན། རྡོ་རྗེ་གདན་བཞི་ལས། གླིང་བུའི་ཚུལ་དུ་འབུད་པ་དང་། ཞེས་དང་། སྒྱུ་མ་བདེ་མཆོག་ལས། གླིང་བུ་དང་ནི་པི་ཝང་ཀུན། །ཞེས་པ་བརྒྱུད་ལྡན་བླ་མ་རྣམས་ཀྱི་ཕྱག་སྲོལ་དུ་བྱུང་བའི་རྒྱ་གླིང་འདི་ལས་གཞན་དག་འབུད་པའི་སྲོལ་མེད་པ་ནི་ཆོས་གྲྭ་ལ་བཞུགས་མཁན་ཀུན་གྱིས་དགོངས་ངེས་པའོ། །བ་རི་ལོ་ཙཱ་བའི་གུར་གྱི་བེ་བུམ་དུའང་། གླིང་བུ་དང་། ཟངས་གླིང་། མི་རྐང་གླིང་བུ་སོགས་ཀྱི་གསལ་མཆན་བཀོད་ཅིང་སྐབས་ཐ་དད་དུ་འབུལ་ཚུལ་བཤད་པའང་ཡོད། ནག་པོ་ཆེན་པོའི་རྒྱུད་དང་། ཁྲག་འཐུང་མངོན་བྱུང་གི་སོགས་ལྷ་ཁྲོ་བོ་དང་སྲུང་མ་དང་འབྲེལ་ཡོད་ཀྱི་རྒྱུད་སྡེ་དག་ན་གླིང་བུ་ཞེས་གསལ་ཀ་ཡོད་པར་མ་ཟད་རྣམ་གྲངས་ཀྱང་མང་པོ་ཡོད་པ་ཏུགས་ལ་ངེས་པར་ཞུ། །མདོར་ན་བརྒྱུད་ལྡན་བླ་མ་གོང་མ་དག་གིས་རོལ་ཟིན་ཀུན་ལ་མཆོད་བྱེ་བྲག་གླིང་བུ་ཞེས་བཀོད་པ་རྒྱ་གླིང་འདི་ཉིད་ཡིན་ཚུལ་ལོ་རྒྱུས་ཁུངས་ལྡན་ནོ། །དྲི་མེད་པས།
འོ་རེད་མིང་ཚིག་གཅིག་པོར་བསམ་བློ་བཏང་ན་མང་པོ་འདུག བོད་མི་རིགས་འདི་རང་གི་ཐམས་ཅད་གཞན་ལས་བྱུང་ཚུལ་ཤོད་རྒྱུར་དགའ་བ་འདི་རྒྱུ་རྐྱེན་ཅི་ལས་བྱུང་མིན་མི་ཤེས། རྒྱ་གླིང་ཟེར་དུས་ཡང་མིང་གི་ཟུར་དུ་རྒྱ་ཞེས་པ་དེ་ཡིས་རྐྱེན་བྱས་ཏེ་རྒྱ་གར་རྒྱ་ནག་ནས་བྱུང་བར་བཤད་ཀྱི་འདུག། དེ་ལྟར་ན་བོད་མིའི་གདོང་གི་རྒྱ་སུག་སུག་དང་དཀར་སུག་སུག་དེ་ཡང་རྒྱ་དཀར་ནག་གང་རུང་ནས་བྱུང་བ་ཞིག་ཡིན་རྒྱུ་རེད། ངས་ལྟས་ན་རྒྱ་གླིང་མ་ཡིན་ཞིང་རྒྱང་གླིང་ཞེ་བཤད་དགོས། ཡང་ན་རྒྱ་ཞེས་པ་རོང་སའམ་མཐའ་སོགས་ལ་འཇུག་པས་དེས་ན་ངེད་ཚོས་རྒྱ་སྙུག་ཅེས་འབོད་ཀྱི་ཡོད་པས། དེ་ནི་རྒྱ་གར་དང་རྒྱ་ནག་གི་སྙུག་མ་ཞེས་པའི་དོན་མིན་ཅིང་མཐའ་མཚམས་རོང་གི་སྙུག་མ་ཞེས་པ་ལྟར་རྒྱ་གླིང་ཞེས་པའང་རྒྱ་སྙུག་ལས་ཟོས་པའི་གླིང་བུ་ཡིན་པས་ན་དེ་ལྟར་བརྗོད་དམ་སྙམས། འོན་ཀྱང་བརྡ་དག་པར་བཀླགས་ན། རྒྱུང་གླིང་ཞེས་བརྗོད་ཀྱིན་ཡོད། དེ་ནི་རྒྱང་རིང་པོར་གོ་ཐུབ་པའི་གླིང་བུ་ཡིན་པས་ན་དེ་ལྟར་བཏགས་སམ་སྙམས། འོན་ཀྱང་བོད་ཀྱི་ཡོད་ཚད་རྒྱ་དཀར་ནག་ལས་བྱུང་བར་དགའ་བའི་རིགས་ལ་བརྗོད་འདོད་མེད། འོ་༧གོང་ས་མཆོག་གིས་རྒྱ་གླིང་བཀག་པས་གདན་ས་སོགས་སུང་བེད་སྤྱོད་མི་བྱེད་པར་ཅིག་བཤད་སོང། གང་ཤེས་སངས་རྒྱས་ཀྱི་མཛད་པ་མིས་མི་ཤེས། སེང་གེའི་ཉལ་ཐབས་ཁྱིས་མི་ཤེས་ཟེར་བ་ལྟར་མཉན་འཇོག་ལས་བརྗོད་དཀའ། དེ་ལྟར་ན། སྔོན་མ་༧ གོང་ས་མཆོག་གིས་མེགས་སི་ཁོ་mexico ལ་ཕེབས་དུས་བོད་ཀྱི་སྲོལ་རྒྱུན་གྱིས་བེད་སྤྱོད་པའི་ཁ་བཏགས་སམ་གདགས་ཀྱང་རྒྱ་གར་གྱི་སྲོལ་ཡིན་ཚུལ་དང་དེ་ཡང་རྒྱ་གར་ནས་དར་ཚུལ་ཅིག་གསུངས་སོང། རྒྱུ་མཚན་ནི་རྒྱ་གར་གྱི་བུ་མོ་རྣམས་ལྷ་ཾང་སོགས་སུ་འགྲོ་དུས་སུ་མགོ་ལ་རས་ཞིག་གཡོགས་སྲོལ་ཡོད་པ་དེ་རེད་ཅེས་གསུངས་སོང། ད་གང་ཤེས་གོང་གི་གཏམ་དཔེ་དེ་ལ་ཡིད་ཆེས་བྱེད་དེ་སྡོད་རྒྱུ་ལས་གཞན་འདི་ཞེས་སྨྲ་སྤོབས་བྲལ།
རྒྱ་གླིང་གང་ནས་ཡོང་བ་མི་ཤེས་ན་རྒྱ་གར་བས་ཆང་ས་རྒྱག་ས་ལ་སོང་དང་དེ་ན་མཐོང་རྒྱུ་ཐོས་རྒྱུ་གཉིས་ཀ་ཡོད། ཡར་མར་མང་པོ་ཞིག་བཤད་བསྡད་ནས་ཅི་བྱེད།་འདི་འདྲའི་དཀའ་གནད་མེད་ས་ལ་དཀའ་གནད་བཤད་མདོག་བྱེད་བསྡད་ནས་ཅི་བྱེད། ཁྱོད་ཚོ་བཤད་མཁན་ཚོ་མ་ཉོབ་ན་ཡང་ང་ཚོ་ཉོན་མཁན་ཚོ་ཉོབ་གི་འདུག ཡིད་བཞིན་རྒྱལ་བ།
དེ་ཡིན་ན་བལ་པོའི་འཆང་ས་དང་གླུ་གཞས་བྲོ་འཁྲབ་ས་ལ་སོང་དང་། ཡང་བལ་ཡུལ་ནས་བྱུང་བར་ཁས་ལེན་དགོས་པ་འདུག
ད་དུང་ཨབ་གྷནསི་ཏན་དང་པ་ཀིས་ཏན་གྱི་གླུ་གཞས་འཁྲབ་ས་ལའང་སོང་དང་རྒྱ་གར་དང་གཅིག་པ་གཅིག་སང་འདུག
གོ་སྐབས་འདི་བརྒྱུད་ནས་དྲ་གྲོགས་ཚོར་ཞུ་རྒྱུ་ཞིག་ལ།
གནམ་སྟོང་དང་ཚེས་བརྒྱད་ཚེས་བཅོ་ལྔ་ཞེས་
དུས་ཁྱད་པར་ཅན་ལ་བརྩི་སྲོལ་གང་ཡིན་ནམ།
ཤེས་མཁན་རེ་ཡོད་ན་གསལ་བཤད་རེ་གནང་རོགས་ཞུ
ཆང་ས་ལ་འབུད་རྒྱུ་ཞིག་ཡིན་ན། རྒྱ་ནག་ནས་དར་བ་ཡིན་རྒྱུ་རེད། རྒྱ་མོ་ཞིག་ལ་མ་གཏོགས་རྒྱ་གར་མ་ཞིག་ལ་ཆང་ས་བརྒྱབས་རབས་ཞིག་མ་གོ་ཐལ། ཨ་ལ། རྩེད་མོ་ཡིན།
དགེ་བསམ་ལགས་ལ་ཕུལ།
དུས་བཟང་པོ་བརྒྱད་དུ་ཡོད་པའི་ནང་ཚན་ཞིག་ཡིན་ཅིང། དུས་བཟང་པོ་བརྒྱད་ཅེས་བྱ་བ་ནི།
ཟླ་བ་གང་ཤར་གྱི་སྟོང་ཆེན་པོའི་དུས་དང༌། ཚེས་གཅིག་གི་དུས་དང༌། ཚེས་བརྒྱད་ཀྱི་དུས་དང༌། ཚེས་བཅུ་བཞིའི་དུས་དང༌། ཉ་ཆེན་པོའི་དུས་དང༌། ཚེས་བཅུ་དྲུག་གི་དུས་དང༌། ཚེས་ཉི་ཤུ་གཉིས་ཀྱི་དུས་དང༌། ཚེས་ཉི་ཤུ་དགུ་ཡི་དུས་དང་བརྒྱད་དོ། དེ་ཡང་འདི་དག་རྣམས་དུས་ཁྱད་པར་ཅན་ཡིན་པའི་རྒྱུ་མཚན་ནི། སྟོང་ཆེན་པོའི་དུས་སུ་ནི། ལྷ་ཝེར་རོ་ཚངས་པ་འབུམ་ཁྲི་གླིང་བཞིར་ཉུལ་ཞིང་བལྟ་བ་དང༌། ཚེས་གཅིག་གི་དུས་སུ་ལྷ་ཡི་གནས་དགའ་ལྡན་ནས་ལྷ་ཡི་བུ་ཉི་བར་སྐྱོང་གླིང་བཞིར་ཉུལ་ཞིང་བལྟ་བ་དང༌། ཚེས་བརྒྱད་ཀྱི་དུས་སུ། ལྷ་ཡི་རྒྱལ་པོ་སུམ་པ་ཆུ་སད་ཀྱི་བུ་ཉི་མ་གཞོན་ནུ་གླིང་བཞིར་ཉུལ་ཞིང་བལྟ་བ་དང༌། ཚེས་བཅུ་བཞི་ཉ་དང་པོའི་དུས་སུ། ལྷ་ཡི་དམག་དཔོན་ཆེན་པོ་བཞི་གླིང་བཞིར་ཉུལ་ཞིང་བལྟ་བ་དང༌། ཚེས་བཅོ་ལྔ་ཉ་ཆེན་པོའི་དུས་སུ། ལྷ་ཡི་བུ་ཝེར་རོ་བྱིང་ངའི་རྒྱལ་པོ་བཞི་གླིང་བཞིར་ཉུལ་ཞིང་བལྟ་བ་དང༌། ཚེས་བཅུ་དྲུག་ཉ་ཐ་མའི་དུས་སུ། རྒྱལ་པོ་ཆེན་པོ་བཞིའི་གཡོག་པོ་སྟེ། རྒྱལ་མོ་བཞི་གླིང་བཞིར་ཉུལ་ཞིང་བལྟ་བ་དང༌། ཚེས་ཉི་ཤུ་གཉིས་ཀྱི་དུས་སུ། རི་ཆེན་པོ་བདུན་གྱི་ཁ་ནས་ལྷ་ཡི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་བདུན་གླིང་བཞིར་བལྟ་བའི་དུས་དང༌། ཚེས་ཉི་ཤུ་དགུའམ་གནམ་སྟོང་གི་དུས་སུ། ལྷ་དང་མི་ཡི་མཚམས་རི་བདུན་གྱི་དཀྱིལ་ནས་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་ཡོན་བདག་འབངས་དད་པ་ཅན་སྨྲ་མི་གྲོང་བདུན་གླིང་བཞིར་ཉུལ་ཞིང་བལྟ་བ་སོགས་ཀྱི་དུས་ཡིན། དེ་དག་གིས་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ལས་དགེ་སྡིག་ཅི་དང་ཅི་བྱེད་མིན་ཉུལ་ཞིང་བལྟ་བའི་དུས་ཡིན་པས། དེ་ཡི་སྐབས་སུ་ལྷ་དེ་དག་གིས་འཇིག་རྟེན་གྱི་གླིང་འདི་ན་ལས་དགེ་བཅུ་སྤྱོད་ཅིང་སྡིག་པ་མི་དགེ་བ་སྤོང་པའི་ཐབས་ལ་སྤྱོད་པར་གཟིགས་ཚེ། མི་ལུས་ཐོབ་པ་དོན་ཡོད་དོ། གླིང་ཁྱད་པར་ཅན་དུ་སྐྱེས་པ་ཆུད་མ་ཟོས་སོ། ཚུལ་ཁྲིམས་དང་ལྡན་ནོ། ངན་འགྲོ་སྤོང་ངོ༌། བདེ་འགྲོ་ཐོབ་པོ། དོན་དང་ལྡན་ནོ་ཞེས་ལྷ་རྣམས་དགའ་བའི་མེ་ཏོག་འཐོར་ཞིང་སྨོན་ལམ་འདེབ་ཅིང་འཇིག་རྟེན་གྱི་ཞིང་འདིར་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་སྡོང་དང་གྲོགས་བྱེད་པས། དེས་ན་དེ་དག་གི་དུས་སུ་དགེ་སྡིག་བླང་དོར་གྱི་གནས་ལ་ཚུལ་བཞིན་འཇུག་པ་ནི་ཤིན་ཏུ་གཅེས་པའོ།
ཚེས་པ་༣༠གནམ་སྟོང་དང་ཚེས་པ་༡༥བཅོ་ལྔ་ནི། ཕྱི་ཡི་འབྱུང་བ་དང་ཟླ་བ་འཕེལ་འབྲི་ཆེ་བས། ལས་དཀར་ནག་གང་བྱས་ཀྱང་ནུས་པ་ཆེ་བ་ཡོད་པ་འདྲ། དེ་མིན་ཚེས་བརྒྱད་དང་ཚེས་བཅུ། ཉེར་ལྔ་སོགས་ཀྱང་ཆོས་ཕྱོགས་ཀྱིས་འབྱུང་བ་དང་མཐུན་ཤས་ཆེ་བས། ཕན་ཡོན་སོགས་ཀྱང་ཆེ་བར་བཤད་པ་ནི། མདོར་བསྡུས་ཙམ་མོ། །
རྒྱ་གླིང་རིགས་འདྲ་རྒྱལ་ཁབ་ཀུན་ན་ཡོད། །རྒྱ་གླིང་དངོས་མ་བོད་ཀྱི་ཡུལ་དུ་ཡོད། །རྒྱ་གར་རྒྱ་ནག་གང་ནས་ཡོང་ཀྱང་རུང་། །རྒྱ་ཚད་དཔེ་དབྱིབས་བོད་ལ་འགྲན་ཐབས་མེད། །གསེར་དངུལ་ཟངས་ལྕགས་རྒྱུ་དག་འདྲ་ས་མེད། །རི་མོ་འབུར་སེང་བཟོ་ལུགས་འདྲ་ས་མེད། །བཅད་འབུད་ཕྲ་སྦོམས་དབྱངས་རྟ་འདྲ་ས་མེད། །གཡུ་བྱུར་ཕྲ་ཚོམ་མཛེས་རྩལ་འདྲ་ས་མེད། །ཐེག་ཆེན་མདོ་སྔགས་ཀུན་ནས་མཆོད་པའི་རྫས། །དཔའ་བོ་མཁའ་འགྲོ་བསྟན་སྲུང་དགྱེས་པའི་རྫས། །མི་ཆེན་བླ་ཆེན་ཚོགས་ཆེན་བརྗིད་པའི་རྫས། །བོད་ལུགས་རྒྱ་གླིག་འདི་ལ་ཁྱད་ཆོས་མང་། །ཅེས་ཀྱང་སྨྲའོ། །མཁས་དབང་རྣམས། ངས་རྒྱ་ཡིག་ཏུ་ཞིབ་མོར་དཔྱད་པ་ཡིན། རྒྱ་ནག་ལུགས་ཀྱི་རྒྱ་གླིང་དེ་ལ་རྒྱ་སྐད་རང་དུ་ཧོས་ཏིས་ཟེར། །ཧོས་ཟེར་མ་མཐའ་མཚམས་སམ་ཕྱི་ལོགས་ཀྱི་མི་རིགས་ལ་ཟེར། །ཏིས་ཟེར་བ་གླིང་བུའི་སྤྱི་མིང་རེད། མདོར་ན་རྒྱ་ནག་རང་ལ་གདོད་ནས་ཡོད་པའི་རོལ་མོའི་རིགས་བྱེད་དུ་མེད་པ་གསལ་བོ་རེད། རྒྱ་ནག་ཏུ་དར་ནས་ལོ་སྟོང་ལྷགསོང་ཡོད་སྲིད། གཙོ་བོ་སོག་པོ་དང་། མཉྫུས་དབང་བསྒྱུར་སྐབས་ཤུགས་ཆེན་དར་སྤེལ་བྱས་པ་རེད་འདུག ༧གོང་ས་མཆོག་ལ་དེ་ལྟར་སྙན་གསལ་འབུལ་རོགས། །བདེན་པའི་ལེའུ་རྗེས་སུ་བསྒྲིགས་ཆོག
གང་ལྟར་ཀྱང་རྒྱ་གླིང་དང་ཞ་མོ་གྱོན་ཆོས་སོགས་ཁྲ་ཁྲ་ཟིང་ཟིང་གི་རིགས་འདི་ཆོས་པ་ཞིག་ལ་དགོས་རྒྱུ་ཞིག་གཏན་ནས་མིན་པས། འདི་རིགས་སྤངས་ཏེ་བོད་ཀྱི་ཆོས་པའི་སྤྱོད་པ་འདི་ཤི་རི་ལངྐའི་ཆོས་པའི་སྤྱོད་པ་འདྲ་བ་ཞིག་ཡོངས་ཐུབ་ན་ཡག་པོ་འདུག
བན་དེ་བ་དང་ཀརྡོ་གཉེར་ཕྱག་པ་གཉིས་ལ་ཐུགས་རྗེ་ཞུ།
ཡང་ཚེས་བཅོ་ལྔ་དང་སུམ་ཅུ་ལ་ཕན་ཡོན་ཆེ་བ་ལྟར། སྲོལ་གཞན་ཅིག་ནི། ཚེས་བརྒྱདལ་་སྨན་བླའི་ཆོ་ག་འདོན་པ། ཚེས་བཅུ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་གསོལ་འདེབས། ཉེར་ལྔར་མཁའ་འདུ་བའི་དུས་ཚེས་ལ་ཚོགས་འབུལ་དང་། ཉེར་དགུར་འཇིག་རྟེན་འདས་མ་འདས་ཆོས་སྲུང་རྣམས་ལ་བསྐང་གསོ་འཕྲིན་བཅོལ་བྱ་སྲོལ་ཡང་འདུག
ཡང་ཚེས་བཅོ་ལྔ་དང་གནམ་གང་འདི་གཉིས་ལ་ཕན་ཡོན་ཆེ་དགོས་དོན་ནི། སྔགས་ལུགས་བྱས་ན་ཕྱི་ཡི་ཉི་ཟླ་ལྟར་ནང་གི་ཕོ་མོའི་ཁུ་ཁྲག་འདི་གཉིས་ཀྱང་དམིགས་བསལ་དར་རྒུད་ཀྱི་དུས་དང་། ཉིན་འདི་གཉིས་ལ་འཁྲིག་སྤྱོད་སྤོངས་དགོས་པ་དང་། གལ་སྲིད་ཉིན་འདི་གཉིས་ཕྲུ་གུ་ཆགས་ན་དབང་པོ་སྐྱོན་ཅན་དུ་སྐྱེ་སྲིད་པ་ཡང་གསུངས་ཡོད།
གཞན་ཡང་། དེང་དུས་མཚན་རིག་དང་མཐུན་པར་བཤད་ན། ཉིན་འདི་གཉིས་ལ་ཟླ་བ་འཕེལ་གྲིབ་ཀྱིས་དབང་མཐའ་ཡི་རྒྱ་མཚོ་ཆེན་པོ་ཡང་འཕེལ་གྲིབ་སོང་བས་རྐྱེན་གྱིས། རྒྱ་མཚོའི་རྦ་རླབས་ཀྱིས་ཉ་རིགས་སོགས་སེམས་ཅན་ལུས་ཞན་པའི་རིགས་ས་ཡ་མང་པོ་དུས་གཅིག་ཏུ་ཚེ་འདས་སུ་འགྲོ་ཡང་ཤོད་ཚུལ་ཅིག་འདུག་པས། ད་དུང་ཡང་དཔྱད་པར་འཚལ།
༧གོང་ས་མཆོག་རྒྱ་གླིང་ལ་ཐུགས་མི་མཉེས་དོན་རྒྱ་ཡུལ་ནས་བྱུང་བ་ཡིན་མིན་ཞིག་མིན་པ་འདྲ། ཁོང་གིས་དགོན་སྡེ་ཚོའི་ནང་རོལ་མོ་དཀྲོལ་རྡུང་བྱེད་པའི་ལས་དེ་ཡག་པོ་མེད་ཚུལ་ལན་མང་གསུངས་སོང་། གནད་དོན་གཙོ་བོ་་་་་་་་་་་་་ད་མི་བཤད་ཁ་ཉེས་ཕོག་སྲིད།
བོད་ཀྱི་ཆོས་སྲིད་བྱེད་སྒོའི་ནང་ལ་སྤྱོད་པའི་རྒྱ་གླིང་དེ་རྒྱ་ནག་གི་ཁུངས་གཏོགས་མ་ཡིན་ཞིང་།དེ་རྒྱ་གར་བའི་ཁོངས་གཏོགས་ཀྱི་རྒྱ་གླིང་རེད་ཅེས་ཟློས་གར་དགེ་རྒན་ཞིག་གི་ཞལ་ནས་ཐོས།
རྒྱུ་མཚན་ནི། བོད་ཀྱི་རྒྱ་གླིང་དེ་སྔོན་མ་གར་གྱི་ནང་ལ་སྤྱོད་སྒོ་ཚུགས་ཤིང་། གར་ཕྲུག་པ་ཞེས་རྒྱ་གླིང་དང་ཊ་མ་རུ། དེ་བཞིན་གླིང་བུ་སོགས་སྦྱོང་དགོས་པ་དང་། ཁོང་རྣམ་པའི་དབྱངས་ཀྱི་གྱུར་ཁུག་དེ་ཀ་ཤི་མིར་གྱི་ཤན་ཞུགས་སོ་ཞེས་རྒན་ལགས་ཁོང་གི་གསུངས་པ་ཐོས། རྒན་ལགས་དེ་ཕྱིས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་བ་དང་སྐུ་དྲག་ཞིག་གི་ཁྱིམ་རྒྱུད་འཛིན་མཁན་རེད་འདུག ཁོང་གི་མཚན་མི་དྲན།
རྒྱ་གླིང༌།
སྙན་འགྱུར་རབ་ཏུ་ལྡན་པའི་རྒྱ་གླིང་ནི་འབུད་བརྡུང་དཀྲོལ་གསུམ་གྱི་རོལ་མོའི་ནང་ནས་འབུད་གཏོང་རོལ་མོའི་རྣམ་གྲངས་ཤིག་དང༌། ཞི་རོལ་དང་དྲག་རོལ་གཉིས་ལས་ཞི་རོལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན་ཞིང༌། རྒྱ་དཀར་ནག་དང་གངས་ལྗོངས་སོགས་ཀྱི་ཡུལ་གྲུར་དར་སྲོལ་ཆེ་ལ། བཟོ་དབྱིབས་ཀྱང་ཅུང་ཟད་འདྲ་མིན་ཙམ་ལས་སོར་མོའི་འདུ་བྱེད་ལས་སྐད་ཀྱི་འགྱུར་ཁུག་ཕལ་ཆེར་མཚུངས་པར་གནས་པ་ཞིག་ཡིན།
བོད་གངས་ཅན་གྱི་ལྗོངས་སུ་རྒྱ་གླིང་དུས་ནམ་ཞིག་ཏུ་དར་བ་དང༌། དེའི་འབྱུང་ཁུངས་སྐོར་ལ་བོད་རིག་པ་མཁས་ཅན་རྣམས་ཀྱི་དགོངས་ཚུལ་མི་མཐུན་པ་མང་ཞིང༌། མཁས་པ་ཁ་ཅིག་གིས་རྒྱ་རོང་ནས་དར་སྟབས་རྒྱ་གླིང་ཞེས་སུ་གྲགས་ཞེས་གསུངས་པ་དང༌། ལ་དྭགས་རྒྱལ་རབས་ལས། རྒྱ་ནག་ནས་རྒྱ་གླིང་ལ་སོགས་བྱུང་ཞེས་གསལ་བ་ལྟར། ལ་ལས་རྒྱ་ནག་གི་ཡུལ་ནས་དར་བའི་སྦུབས་ཅན་གྱི་གླིང་བུ་ཡིན་པས་མིང་ཡང་རྒྱ་གླིང་ཞེས་ཐོགས་པར་འདོད་པ་དང༌། དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ཀྱང༌། རྒྱ་གླིང་ནི་དང་ཐོག་ཕལ་ཆེར་མེས་རྒྱལ་ནང་ཁུལ་ནས་བོད་དུ་དར་བ་དང༌། ཀེམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་རོལ་མོའི་བྱེ་བྲག་མི་ཉུང་བ་ཞིག་མཉམ་འབྱོར་བྱུང་བའི་ཁོངས་སུ་གཏོགས་པ་མིན་ནམ་ཞེས་གསུངས། འོན་ཀྱང་རྒྱ་གླིང་བོད་དུ་དར་རྗེས་བོད་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པའི་བཟོ་བཅོས་དང་ཡར་རྒྱས་ཆེན་པོ་བཏང་ཡོད་པ་གསལ་རྟོགས་ཐུབ། འགའ་ཞིག་གིས་རྒྱ་གླིང་ནི་གླིང་བུ་ལ་འཕྲེད་གླིང་དང༌། རྒྱ་གླིང་དང༌། རྐང་གླིང་སྟེ་རིགས་གསུམ་དུ་ཡོད་པའི་ནང་ཚན་ཞིག་ཡིན་ལ། ཐོག་མར་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་གླིང་བུའི་རིགས་ཤིག་ཡིན་སྟབས་འབྱུང་ཁུངས་ཀྱི་ཆ་ནས་རྒྱ་གླིང་དུ་གྲགས་སོ་ཞེས་འདོད་དོ།།
རྒྱ་གླིང་ཞེས་རྒྱ་ཡོད་པ་ཙམ་གྱིས་རྒྱ་ནག་གམ་རྒྱ་གར་སོགས་ཡུལ་སྡེ་གཞན་ལས་དར་བར་གོ་དགོས་པའི་རྒྱུ་མཚན་གང་ཡང་མེད། གང་ལགས་ཤེ་ན། རང་རེ་བོད་ཀྱི་སྐད་དུ་ལམ་རྒྱ་ཆེ་བར་རྒྱ་ལམ་ཞེས་དང༌། སྒམ་ཁོག་རྒྱ་ཆེ་བར་རྒྱ་སྒམ། ཅོག་ཙེ་ཁ་རྒྱ་ཆེ་བར་རྒྱ་ལྕོག་ཅེས་འབོད་པས་ན། རྒྱ་གླིང་ནི་ཁ་རྒྱ་ཆེ་བའི་གླིང་བུར་རྒྱ་གླིང་ཞེས་ཐ་སྙད་ཀྱི་མིང་དེ་ལྟར་བཏགས་པ་རིགས་པས་དཔྱད་ཐུབ། དེར་བརྟེན་སྤྱི་ལོའི་དུས་རབས་གཉིས་པར་གླིང་བུ་བོད་དུ་དར་རྗེས་མི་ཡི་ཤེས་རབ་གོང་དུ་འཕེལ་བ་དང་སྦྲགས་རོལ་མོ་གླིང་བུའི་རྨང་གཞིའི་ཐོག་རིམ་བཞིན་ལེགས་བཅོས་བྱས་ཏེ་ཁ་རྒྱ་ཆེ་བའི་གླིང་བུ་དེ་བོད་དུ་དར་ཁྱབ་སོང་བ་ལུང་རིགས་གཉིས་ཀས་དཔྱད་ཐུབ་པ་ཡིན། ད་དུང་མནོ་བསམ་ཞིབ་པར་བཏང་ཚེ་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་བོད་ཀྱི་ལོ་རྒྱུས་ཚད་ལྡན་གྱི་དེབ་ཐེར་ཁག་ཏུ་འཁོད་པར་གཞིགས་ན། བཙན་ལྔའི་བཞི་པ་ཐོག་རྗེ་ཐོག་བཙན་གྱི་སྐུ་དུས་སུ། ལྷ་ཡི་རོལ་མོ་གླིང་བུ་བོད་དུ་དར། །ཞེས་གསལ་བར་འཁོད་ཅིང༌། དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་མཆོད་ཆས་རོལ་མོ་ཇི་ལྟར་དར་ཚུལ་གསུངས་སྐབས།
རྐྱེན་གཞན་ལས་བྱུང་རོལ་མོའི་བྱེ་བྲག་ནི། །
བུ་ག་ལས་བྱུང་སྒྲ་སྙན་གླིང་བུའི་ཚོགས། །
ཞེས་སོགས་བྱུང་ཞིང༌། རྒྱ་གླིང་བོད་གངས་ཅན་གྱི་ལྗོངས་སུ་དར་ནས་བགྲང་བྱ་ཇི་ཙམ་སོང་ཡོད་ཅེ་ན། རོལ་མོའི་རྣམ་གྲངས་འདི་ནི་འདུས་སྲོང་མང་པོ་རྗེའི་སྐུ་དུས་སུ་དར་བར་གྲགས་པས་ན། དེར་བགྲང་བྱ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཡོད།
རྒྱ་གླིང་གི་གྲུབ་ཆ་ནི། མར་སྣེར་རྫ་མ་ཞེས་འདབས་ར་ཁ་གཡེར་ཅན་དང༌། བར་དུ་མདའ་ཞེས་འདམ་བུ་དང༌། སེང་ངམ་ཤིང་སྤུས་ལེགས་ལས་གྲུབ་པའི་སྦུ་གུ་ཅུང་ཟད་ཕྲ་མོར་བུ་ག་བདུན་དང་ལྟག་རྒྱབ་ཏུ་ལྟག་མིག་ཅེས་བུ་ག་གཅིག་བཅས་བུ་ག་བརྒྱད་ཅན་དང༌། བུ་ག་དེ་དག་གི་བར་དུ་གསེར་དངུལ་ཟངས་རག་ལས་གྲུབ་ཐོག་ཚིགས་ཁེབས་ལ་གཡུ་བྱུར་སོགས་ཕྲ་རྒྱན་གྱིས་མཛེས་པར་སྤྲས་ཤིང༌། ཁྲི་སྐེའམ་ལྟོ་ལྡིར་ཞབས་ཞུམ་གྱི་བུམ་པར་བུམ་རྒྱན་གྱིས་མཛེས་རྒྱན་སྤྲས་པ་དང༌། ཡར་སྣེར་ཕུ་བཀག་གམ་ཕུ་སྟེགས་ཞེས་མཆུ་ལྡན་ལྟ་བུ་སྟེ་བཟོ་དབྱིབས་སྒོར་ལ་ཁ་ཐེར་ཐེར་བཅས་ལས་གྲུབ་པས། རྒྱ་གླིང་གི་བཟོ་དབྱིབས་དང༌། གསེར་ཚགས། ཕྲ་རྒྱན། རི་མོར་བཀྲ་ཤིས་རྫས་རྟགས་དང༌། རིན་ཆེན་སྣ་བདུན་དང༌། ནོར་བུ་ཆ་བདུན། མཐའ་འཁོར་ལྕགས་རི་དང༌། ཤིང་ལོ་པ་ཏྲ་རིས་བརྒྱན་པ་སོགས་བཟོ་བོ་མཁས་པ་རྣམས་ཀྱི་རིག་རྩལ་ལས་བཀོད་པ་མང་དུ་བྱུང་བས་བོད་མི་རིགས་ཀྱི་ཁྱད་ཆོས་ཧ་ཅང་མངོན་གསལ་དོད་པོ་ཡོད།
སྤྱིར་རྒྱ་གླིང་ནི་བོད་ཀྱི་དགོན་སྡེའི་རོལ་མོའི་ནང་ནས་སྙན་འགྱུར་ཕུལ་དུ་བྱུང་བ་ཞིག་ཡིན་ཞིང༌། འབུད་སྟངས་ནི་ཆོས་སྡེ་སོ་སོའི་ཕྱག་སྲོལ་ལྟར་གཅིག་ཏུ་མ་ངེས་ཀྱང༌། འདི་ག་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་ཕྱག་ལེན་དུ་གྲུ་འཛིན་ཕོ་བྲང་དང༌། གངས་ཅན་མགོན་པོ། མེ་ཏོག་ཆར་འབེབས། ཆོས་འཁོར་ཛ་རིང༌། ཡར་ལུང་རིལ་ལྡན། བདེ་ཆེན་ལྷུན་པོ། གར་གླུ་སོགས་དང༌། གཞན་ཡང་སྤྱན་འདྲེན་ལ་ལྷ་མོའི་སྤྱན་འདྲེན་དང༌། སྤྱན་འདྲེན་བན་བུས། སྤྱན་འདྲེན་ཁྲུམ་ཚོགས་མ། སྤྱན་འདྲེན་གཙང་རྒྱལ་མ་སོགས་གཏོང་སྲོལ་ཡོད་དོ།།
དགོན་སྡེ་སོ་སོའི་ཆོས་ལུགས་ཀྱི་བྱེད་སྒོ་ལས་སེར་སྦྲེང་དང༌། གར་འཆམ། ཆོ་ག་བཅས་ཀྱི་སྐབས་སུ་རོལ་མོའི་བྱེ་བྲག་གཞན་དང་མཉམ་དུ་འབུད་གཏོང་བྱེད་སྲོལ་ཡོད་ལ། ཆོས་ལུགས་ཀྱི་དུས་ཆེན་ཁག་དང་དགོན་སྡེའི་བྱེད་སྒོ་ཆེ་གྲས་འགའ་ཞིག་གི་ཚེ་སྙན་གསན་ཞེས་སྔ་དགོང་གཉིས་སུ་དགོན་སྡེའི་ཐོག་སྟེང་དུ་དུང་རྒྱ་ཆ་འབུད་བྱེད་པ་དང༌། གཞན་ཡང་སྤྱན་འདྲེན་དུང་རྒྱ་ཞེས་རྒྱ་གླིང་དང་དུང་ཆེན་ལྷན་དུ་ཆ་འབུད་བྱེད་སྲོལ་ཡང་ཡོད། དེ་ཡང་གར་འཆམ་སོགས་ཀྱི་སྐབས་སུ་དུང་ཆེན་ནི་སྐད་སྦོམ་པ་རང་ཤུགས་སུ་ཡོད་པས་སྙན་པ་གཙོ་བོར་དགོས་པ་དང༌། རྐང་གླིང་ནི་སྐད་ཚ་བ་རང་ཤུགས་སུ་ཡོད་པས་ཚ་ངར་ལྡན་པ་གཙོ་བོར་དགོས་པ། རྒྱ་གླིང་ནི་སྐད་སྙན་པ་རང་ཤུགས་སུ་ཡོད་པས་གསང་བ་གཙོ་བོར་དགོས་པར་མ་ཟད། དེ་དག་ཕན་ཚུན་གཞོགས་འདེགས་ཀྱིས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བར་བྱ་དགོས་པ་ཡིན།
དེ་ཡང་རྒྱ་གླིང་ཡིན་ན་ཆ་འབུད་བྱེད་པ་ལས་ཡ་འབུད་བྱེད་སྲོལ་མེད་ཅིང༌། སྤྱིར་ཉིས་བསྒྲིགས་སམ་བཞི་བསྒྲིགས་ཙམ་དུ་ངེས། དེ་བཞིན་ཆོས་ལུགས་རིས་མེད་ཀྱི་ཆོ་གའི་སྐབས་སུ་འབུད་བརྡུང་དཀྲོལ་གསུམ་གྱི་རོལ་མོའི་གྲས་སུ་རྒྱ་གླིང་གཏོང་སྲོལ་ཡོད་ལ། ཞི་དྲག་གི་ཆོ་གའི་དབང་གིས། རོལ་མོ་ལའང་ཞི་རོལ་དང་དྲག་རོལ་གཉིས་སུ་དབྱེ་སྲོལ་བྱུང་བ་ལྟར། རྒྱ་གླིང་ནི་གཙོ་ཆེ་བ་ཞི་བའི་ཆོ་ག་སྒྲུབ་པའི་ཚེ་གཏོང་བའི་རོལ་མོའི་བྱེ་བྲག་ཅིག་ཡིན་པས་ཞི་རོལ་གྱི་ཁོངས་སུ་གཏོགས་པ་ཡིན། གཞི་རྐང་རྒྱ་གླིང་གཏོང་སྐབས་དབུགས་མཐེབ་སྡེབ་སྦྱོར་རོ་གཅིག་ཏུ་ཐིམ་པར་བྱ་དགོས་པའི་རྨང་གཞིའི་ཐོག གདན་ས་སོ་སོར་ཡང་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྩ་ཚིག་སྣ་ཚོགས་ཡོད། དེ་བཞིན་རྒྱ་གླིང་འབུད་སྟངས་ལ་ཡང་རྩེ་འབུད་དང༌། བར་བཀྱག་འོག་བཀྱག དྲུག་བཀག་བདུན་བཀག་སོགས་ཡོད་པ་སོགས་ཞིབ་ཕྲ་ལག་ལེན་དངོས་ལས་ཤེས་དགོས།
རྒྱ་གླིང་ལ་ཕོ་མོའི་སྒྲ་སྐད་ཀྱི་ཁྱད་པར་དང༌། ཚ་བ་དང༌། སྙན་པའི་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པ་ལས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་ཀྱི་དུང་སྒྲ་སྙན་ལ། རྒྱ་གླིང་གི་སྒྲ་སྐད་ཚ་བའི་ཐུན་མིན་གྱི་ཁྱད་ཆོས་ཡོད་ཅིང༌། རོལ་མོ་དེ་དག་གི་སྙན་དབྱངས་ཕྱི་ནང་གི་སྐྱེ་བོ་སུའི་སྒྲ་འཛིན་པདྨའི་ལྟོ་བར་ལྷུང་ཡང་རྣ་བར་སྙན་ལ་ཡིད་ལ་འཇེབས་པ་སྟེ་ཡིད་གསོས་ཀྱི་བདུད་རྩིར་སྨིན་པ་ཤ་སྟག་གོ། །།
་ཧང་སངས་དགོས་པ་ཅིག་ལ་བོད་མི་འདི་ཚོ་ལས་རྩོག་ནི་གི་་ཆོ་མེད་པའི་དོན་དག་ཆུང་ཆུང་ཞིག་གི་ཆེད་དུའང་ཡར་བཤད་མར་བཤད་བཅོ་བརྒྱད་ལུང་བ་གང་བཤད་དེ་རྫོགས་རྒྱུ་མེད་པ་འདི་ཅི་ཞིག་གིས་མ་འགྲིག་པ་ཡིན་ནམ། བུ་ག་རྟོལ་བའི་དབྱུག་པ་ཞིག་གི་མིང་ཙམ་ལའང་འདི་འདྲའི་ཉ་ཉོག་ལུང་བ་གང་ཤོད་དགོས་པ་ག་རེ་ཡིན་ནམ། དགོས་པ་དང་ཕན་ཐོགས་དིལ་འབྲུ་ཙམ་ཞིག་ཡོད་རྒྱུ་ན་འུ་ཙམ་ཡིན་ཡང་དེ་གང་ན་ཅིག་ཡོད།
བཤད་གྲྭ་རྩོད་གྲྭ་ཁག་གི་དགོན་སྡེ་དག་ན་ཟླ་གི་ཁར་ལོ་བསྟུད་ནས་ཀ་བ་དང་བུམ་པ་གཉིས་དངོས་པོ་ཡིན་མིན་བརྩད་ནས་ཐག་མ་ཆོད་པར་བསྡད། སུམ་རྟགས་སློབ་པའི་སློབ་གཉེར་པ་ཚོས་བདག་སྒྲའི་པ་བ་གཉིས་ཀྱི་འཇུག་ཡུལ་ཐག་མ་ཆོད་པར་ལོ་ནས་ལོ་ལ་བརྩད། སྤྱི་ཚོགས་གི་སྣེ་འཁྲིད་མཁན་ཆབ་སྲིད་ཁ་ལོ་བ་དག་གིས་རང་སྐྱོང་དང་རང་བཙན་ གཉིས་ཐག་མ་ཆོད་པར་ལོ་དང་ལོ་ལ་བརྩད།
མི་རིགས་འདིས་སྔ་མོ་ནས་ཚག་སྒྲ་སྒམ་ཆུང་གང་ཇི་ལྟར་ལས་དགོས་མིན་ཐོག་རྩོད་པ་འདི་འདྲ་ཞིག་བརྒྱབས་ཡོད་རྒྱུ་ན་ཅི་མ་རུང་། ཨ་ཡོ་ཤེ། ད་དུང་ད་རུང་ཡང་ས་སྟོང་ལུང་སྟོང་ན་སྟོང་བཤད་རྐྱང་རྐྱང་ལས་མི་འདུག ཡུམ་བ་རྒྱུ་རེད་ན།
ད་འདིར་སྐད་ཆ་གཅིག་གི་ཁ་ཐུག་ཀྱི་མིན་འདུག། སྔོན་ལ་མཆན་ཞིག་གི་ནང་ལ་གོང་ས་མཆོག་གིས་རྒྱ་གླིང་ནི་རོལ་མོ་ཡིན་པ་དང་། དེ་དགོན་པའི་ནང་ལ་དཀྲོལ་ན་མི་བདེ་བའི་གནད་འགག་ལ་སོང་སྟབས། རྒྱ་གླིང་བཀག་སྒོ་མཛད་ཟེར། རྗེས་མ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། རྒྱ་གླིང་གི་འགྲེལ་བ་རྒྱས་ཅིང་རྒྱས་པ་གནང་བ་དང་རྣམ་གྲྭར་རྒྱ་གླིང་དཀྲོལ་གྱི་ཡོད་པའི་རྣམ་པ་བསྟན་གྱི་འདུག། འདྲི་བ། ད་ལྟ་རྣམ་རྒྱལ་གྲྭ་ཚང་ལ་རྒྱ་གླིང་དཀྲོལ་གྱི་ཡོད་མེད་ལ་གསལ་བཤད་ཅིག་གནོངས་རོགས།
ཐུབ་བསྟན་ཡར་འཕེལ་ལགས་ཀྱི་འགྲེལ་བཤད་འདི་བློ་ལ་འགྲོ་པོ་འདུག། ཁུངས་བཙན་ཤོས་སུ་སྣང་། སྔོན་མ་ལྷ་སར་དམངས་གླུ་ཞིག་ཡོད། འདི་གསན་ཨ།
གསེར་པོ་གསེར་གྱི་རྒྱ་གླིང་།
པོ་ཏ་ལ་ནས་བཏང་བྱུང་།
སྙན་པོ་རག་གི་རྒྱ་གླིིང་།
ལྕགས་པོ་རི་ལ་ཡོད་དོ།
ཟེར། དམངས་གཞས་འདི་ལ་བལྟས་ན། ལྕགས་པོ་རིའི་རྒྱ་གླིང་འདི་སྙན་པ་ཡོད་ཚོད།
རྒྱ་གླིང་འདི་ཐོག་མར་རྒྱ་གར་ནས་རྒྱ་ནག་ལ་དར་བ་དང་། དེ་རྗེས་རྒྱ་ནག་ནས་བོད་ལ་དར་བའི་རོལ་ཆས་ཤིག་ཡིན ། སྔར་བོད་ཀྱི་བླ་མ་རྣམས་རྒྱ་ནག་གོང་མའི་དབུ་བླ་རུ་ཕེབས་སྐབས་ཕེབས་བསུའི་སྐབས་སུ་རྒྱ་ནག་པས་བེད་སྤྱོད་བྱས་པ་དང་། ཁོང་རྣམས་པ་ཡར་ཕེབས་སྐབས་སུ་ཁུར་ཡོང་བའི་རིགས་ཤིག་རེད། འདི་ལ་རིགས་གཉིས་ཡོད་ཅིང་སྔ་དུས་སུ་ཁུར་ཡོང་བ་འདི་ལ་ཅུང་ཟད་གྲ་རྒྱས་སུ་བཏང་ནས་གསེར་དངུལ་གྱིས་རྒྱན་པ་དང་། ཞབས་ཆེ་རུ་བཏང་བ་སྤུས་དག་ཏུ་བཏང་བ་བཅས་བྱས་ནས་ད་ལྟའི་ཡོངས་གྲགས་ཀྱི་རྒྱ་གླིང་འདི་དར་བ་དང་། ཕྱིས་སུ་ཁྱེར་ཡོང་བའི་རྒྱ་གླིང་ཞིག་ནི་བཟོ་ལྟ་ངན་ལ་སྤུས་ཞན་པའི་རྒྱ་གླིང་ངམ། ཡོངས་གྲགས་སུ་སི་ལ་ཞེས་པ་ཞིག་ཡོད་པ་དེ་རེད། གང་ལྟར་འདི་བཏང་སྲོལ་དར་ཡང་རུང་ཉམས་ཀྱང་རུང་གལ་གནད་ཆེ་བ་ཞིག་ཡིན་བཟོ་མི་འདུག
༧གོང་ས་མཆོག་གིས་བཀག་པ་དངོས་སུ་མ་ཐོས། འོན་ཀྱང་ད་ལྟ་རང་རེའི་བླ་ཆེན་རྣམས་ཀྱིས་ཐེག་པ་ཆེན་པོ་དང་། གསང་བ་སྔགས་ཀྱི་སྡེ་སྣོད་ལས་བྱུང་བ་དག་སྣང་ཆུང་བྱས་ནས། ཉན་ཐོས་མགོ་རེག་རྣམས་ཀྱི་ཕྱི་ཚུལ་མཛེས་པོ་དང་། མོ་སྡོམ་ཡོད་པ་ཙམ་གཙིགས་སུ་བཟུང་ནས་མངོན་པར་བསྟོད་པ་དང་།། རྗེས་སུ་འབྲངས་ནས་ཅི་ཐུབ་ཀྱིས་རང་ལུགས་ཡལ་བར་དོར་བ་ནི་བློ་ཕམ་པའི་ཡུལ་རེད། ཐེག་ཆེན་གྱི་ལྟ་སྤྱོད་དང་།སྔགས་ཀྱི་དམ་ཚིག་སོགས་བླ་མ་རང་གིས་མི་དགོས་གསུངས་ན། ཅི་གསུང་བཀའ་སྒྲུབ་ཟེར་བ་དེའང་མི་དགོས་པ་བྱས་ན་མི་ཆོག་པ་ཅི་ཡོད། རྒྱུན་དུ་བཟང་སྤྱོད་དང་། སྤྱོད་འཇུག་གི་མཆོད་ཆོག་འདོན་པ་དེ་ལས་མ་བྱུང་བའི་རྒྱས་སྤྲོས་གཞན་པ་ཞིག་བོད་ཀྱི་དགོན་སྡེ་ཚོས་མཇོན་མི་ཡོང་། ཐེག་དམན་སོགས་གཞན་གྱིས་བོད་ཀྱི་སྡོམ་བརྒྱུན་ཁས་མི་ལེན། བོད་ཀྱི་ནང་ཆོས་ཀྱང་ཕྱོགས་ཙམ་ལས་ཁས་མི་ལེན་མོད། རང་ཉིད་བཙན་གྱིས་གཞན་འོག་ཏུ་འཚང་ཀ་ལ་བྲེལ་བར་ངོམ་སོ་དང་གཟེངས་སུ་མཐོ་བ་ཡོད་ཚུལ་གནང་ན་ཅི་དགར་གྱིས། ཤྲཱི་ལངྐ་སོགས་ལ་བསྟན་པ་དར་སྔ་བ་ཙམ་གྱིས་བདེན་པ་དང་། ལོ་རྒྱུས་ལ་འཕོ་འགྱུར་ཅི་རིགས་པ་དང་ཐེག་དམན་གྱི་མདོ་གཞུང་ལ་བཟོ་བཅོས་ཅི་ཙམ་བྱུང་བཏང་སྙོམ་དུ་བཞག་སྟེ་ད་དུང་ཐོག་མའི་ཆོས་ལུགས་དང་། རྣམ་པར་དག་པའི་ནང་ཆོས་སོགས་སུ་འདོད་ན་དེ་ལྟར་མཛོད། །རྒྱ་ནག་གི་དགེ་སློང་ཚོ་ཕྱུག་པོ་ཡིན་པས་བསྟན་པ་ནོར་ལ་བརྗེ་བའམ། ཤྲཱི་ལངྐ་གར་རྒྱལ་ཁབ་ཡོད་པས་མི་གྲྭལ་དུ་ཨེ་ཐོན་བལྟ་ན་ནི་རང་དབང་རེད།
ཡང་བསྐྱར་དོག་འདྲི་ཞིག་ལ།
ཚེས་བཅོ་ལྔ་དང་ཚེས་བརྒྱད་གནམ་སྟོང་འདི་གསུམ་ལ་ཚེས་བཟང་ཞེས་ངོས་འཛིན་ནམ།
ཡང་ན་དུས་བཟང་ཞེས་ངོས་འཛིན། དམིགས་བསལ་གྱི་ནང་པ་ཚོའི་འདི་གསུམ་གྱི་སྐབས་
གཙོ་བོར་བཟུང་ནས་ཆོས་བྱས་ན་དགེ་བ་འགྱུར་ཆེ་ཞེས་བཤད། འགྱུར་ཆེ་དགོས་དོན་ག་རེ་ཡིན་ནམ།
འབྲེལ་བཤད་ཅིག་རྒྱག་རོགས་ཞུ།
ཁ་ཉིན་ནང་ཆོས་ཀྱི་བགྲོ་གླེང་སྐབས་གོང་གི་འདི་
དྲི་བ་སླེབས་པས་ལན་རྒྱག་ཐུབ་མཁན་ཞིག་བྱུང་ཐུབ་མ་སོང་།
དེ་བས་དྲ་གྲོགས་ཚོར་མི་ཞུ་ཐབས་མེད་སོང་བས་
དྲ་གྲོགས་ཚོས་འགྲེལ་བཤད་རེ་གནང་བར་ཞུ།
༧གོང་ས་སྐྱབས་མགོན་ཆེན་པོས་རྒྱ་གླིང་ཐ་ནན་གྱིས་བཀག་བཞག་པ་ཅིག་ནམ་ཡང་གོ་མ་སོང་ལ་མཐོང་ཡང་མ་མྱོང་།འོན་ཀྱང་།ན་ནིང་༧གོང་ས་མཆོག་མཚོ་པདྨ་དང་ལ་དྭགས་བཅས་སུ་ཕེབས་སྐབས།ཧ་ལམ་རྒྱ་གླིང་ཚུད་པའི་བོད་ཀྱི་ཆོས་པ་ཚོའི་ཁྱོ་མེད་ཀྱི་གོས་ཆས་ཁྲོ་ལོ་མོ་ལོ་མང་པོ་ཅིག་གི་སྐོར་ལ་བཀའ་གནང་སོང་ཞིང་།སྐབས་དེར་ཁོང་གིས་ང་ཚོའི་མི་རབས་གོང་མ་ཚོས་དུས་ཚོད་འཕྲོ་བརླག་དང་བྱབ་ཤི་བོ་ཅིག་བསྐྱལ་འདུག།དགོས་རྒྱུ་བྱམས་སྙིང་དང་སྟོང་ཉིད་ཀྱི་ལྟ་བ་སོགས་ཆོས་ཀྱི་སྙིང་པོ་ཉམས་ལེན་མི་གནང་བར།མི་དགོས་པའི་ཞྭ་གོས་སྣ་ཚོགས་གོན་རྒྱུར་དང་དོད་དང་།བླ་མ་ཚོ་ཕར་ཚུར་ཕེབས་དུས་གདུགས་དང་རོལ་ཆས་སྣ་ཚོགས་དཀྲོལ་ཏེ་གང་རྫིག་གང་དྲག་བྱེད་པ་ནི་ནོར་འཁྲུལ་རེད།ད་ནས་ང་ཚོས་དེ་རིགས་ཀྱི་ཕྱོགས་ལ་དང་དོད་ཉུང་ཙམ་དང་ཆོས་དག་མ་ཅིག་ཉམས་ལེན་གནང་རྒྱུར་འབད་བརྩོན་བསྟེན་དགོས་པ་རེད།ཅེས་མཚོ་པདྨར་གསུངས་སོང་།
དེ་ནས་དྲི་མེད་ལྷག་བསམ་ཅན་ཁྱེད་ཀྱི་ལྷག་བསམ་ལ་དྲི་མ་ཡོད་རྒྱུ་མ་རེད་དེ།ཉིད་ནས་༼འོན་ཀྱང་ད་ལྟ་རང་རེའི་བླ་ཆེན་རྣམས་ཀྱིས་ཐེག་པ་ཆེན་པོ་དང་། གསང་བ་སྔགས་ཀྱི་སྡེ་སྣོད་ལས་བྱུང་བ་དག་སྣང་ཆུང་བྱས་ནས། ཉན་ཐོས་མགོ་རེག་རྣམས་ཀྱི་ཕྱི་ཚུལ་མཛེས་པོ་དང་། མོ་སྡོམ་ཡོད་པ་ཙམ་གཙིགས་སུ་བཟུང་ནས་མངོན་པར་བསྟོད་པ་དང་།། རྗེས་སུ་འབྲངས་ནས་ཅི་ཐུབ་ཀྱིས་རང་ལུགས་ཡལ་བར་དོར་བ་ནི་བློ་ཕམ་པའི་ཡུལ་རེད།༽ཅེས་གསུང་བྱོན་པ་དེ་དངོས་ཡོད་དེང་གི་གནས་ཚུལ་དང་རྒྱབ་འགལ་རེད།དེང་སང་བོད་ཀྱི་ཆོས་པ་མང་ཤོས་མྱུར་ལམ་ཁོ་ན་མ་གཏོགས་ཉན་ཐོས་མགོ་རེག་ཚོའི་སྡོམ་པ་སྲུང་རྒྱུར་དགའ་མོས་ཁོ་རང་མེད་པ་རེད།དཔེར་ན།བོད་ཀྱི་བླ་ཆེན་མང་ཆེ་ཤོས་གཟན་ཤམ་གྱོན་རུང་རྒན་མོ་དང་འཁོར་བ།བུ་ཕྲུག་བཅས་ཡོད་པ་མ་ཟད།བོད་ཀྱི་བླ་མ་ཚོ་སྒོར་མོ་དང་ནག་ཆང་ལ་དགའ་མོས་ཆེན་པོ་ཡོད་པ་ཧ་ལམ་འཛམ་གླིང་ཡོངས་གྲགས་ཡིན་པ།དྲ་རྒྱ་ཁག་ནང་གཟིགས་དང་བོད་ཀྱི་བླ་མས་གཙན་གཡེམ་བྱས་པ་དང་།མགོ་བསྐོར་ཀྱིས་རྒྱུ་འཕྲོག་པ།གཞན་གྱི་ཆུང་མ་འཕྲོག་པ་དང་།མཚན་མཐུན་འཁྲུག་སྤྱོད་ཚུལ་མིན་བསྟེན་པ་ཚུན་ཁེངས་བསྡད་འདུག་ག།བོད་ཀྱི་ཆོས་པ་རྣམས་ཡོངས་གྲགས་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་ཀྱི་སྤྱོད་ལམ་དང་མི་མཐུན་པས།གཞན་གྱིས་ང་ཚོ་ལ་བཙོག་བལྟ་བཞིན་པར་ཁག་མེད་པ་རེད།ང་ཚོས་སྤྱོད་ལམ་ཡ་མ་བརླ་དེ་བསྒྱུར་དགོས་འདུག།ཅེས་༧གོང་ས་ཆེན་པོས་གསུངས་ཐེངས་མང་ཤོར་སོང་།གང་ལྟར་ཐེག་ཆེན་དང་གསང་སྔགས་སོགས་ཟབ་ཟབ་མང་པོར་ཁག་བཞག་སྟེ།ང་ཚོ་མྱོས་རྫས་སྣ་ཚོགས་ཟ་མཁན་གྱི་ཧིན་དུ་སྔགས་པ་འདྲ་བོ་དང་།སྐབས་རེར་ནང་པ་འདྲ་བོ་ཕུང་གསུམ་པ་ཅིག་ཡིན་དུས།དེང་སང་འཛམ་གླིང་གི་ཤེས་བྱ་ཀུན་ཁྱབ་རིགས་ཀྱི་དེབ་མང་པོར་བོད་ཆོས་དེ་བཞིན་སངས་རྒྱས་ཀྱི་ཆོས་ཁོངས་སུ་འཇོག་གི་ཁོ་རང་མེད་པ་རེད།
ལར་གསང་སྔགས་ཀྱི་སྡོམ་དམ་ཚིག་ཚུལ་བཞིན་སྲུང་མཁན་བོད་བླའི་ནང་ཇི་ཙམ་ཡོད་མེད་ང་ཚོས་ཤེས་གསལ་རེད།རྒྱ་གར་མཁས་པ་ལྗོ་ཤིས་ཟེར་བ་ཅིག་གི་གསུང་༧གོང་ས་མཆོག་གིས་ལུང་འདྲེན་བྱས་པའི་ནང་།རྒྱ་གར་དུ་ཆོས་ཉམས་དོན་ནི༡ཁ་ཆེ་ཏིར་ཀི་ནས་བཙན་འཛུལ་བྱས་པ་དང་།༢ནང་པའི་དགེ་འདུན་པ་ཚོ་རྒྱུ་ནོར་དང་སྦྱིན་བདག་ལ་རྔམ་ཆེ་བ།༣གསང་སྔགས་ཀྱི་ཆོས་ཁྲོམ་བསྒྲགས་བྱེད་དྲག་པས་ཡིན་པ་གསུངས་འདུག་ཅིང་།
གསང་ཞིང་སྦས་པའི་ཉམས་ལེན་གྱིས་འགྲུབ་ལ་སྣོད་མིན་ལ་བསྟན་མི་རུང་བའི་གསང་སྔགས་ཀྱི་ཆོས་ཚུལ་ཟབ་མོ་དེ།དེང་སང་ང་ཚོས་ཚོང་ལས་ཀྱི་ངོ་བོ་ཅིག་ལ་ཁྱེར་ཏེ་ཁྱབ་སྒྲག་རྐྱང་བྱས་བསྡད་འདུག་པས།དེང་གི་བོད་བླ་རྣམས་ནས་ཉན་ཐོས་ཀྱི་སྡོམ་པ་སྲུང་བ་དང་མོ་སྡོམ་སྲུང་གི་ཅེས་ཐུགས་ཞེད་སྣང་གནང་གི་ཡོད་ན།དེ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རང་རེད་དོ།།
དྲ་གྲོགས་མང་པོ་ཞིག་གིས་ལོ་རྒྱས་ཀྱི་ཁུངས་དང་བཅས་དཔྱད་བརྗོད་གང་མང་སྤེལ་འདུག་ཐུགས་རྗེ་ཆེ། དུས་ཚོད་ཀྱི་དབང་གིས་དེ་རིང་བར་ཡོང་ཐུབ་མ་སོང་། ང་རང་གིས་ཅུང་ཙམ་ཤེས་ཚོད་ལ་རྒྱ་གླིང་ནི་དང་པོ་རྒྱ་ནག་ནས་བོད་དུ་དར་བ་རེད་ཅེས་ལོ་རྒྱས་འགར་མཐོང་མྱོང་། རྒྱ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་ཀོང་ཇོ་བོད་དུ་བསུ་དུས་རྒྱ་ནག་གི་རོལ་མོ་འདི་བཀོལ་ཏེ་དེ་ནས་རིམ་བཞིན་བྱེད་སྒོ་ཁག་སྣ་ཚོགས་སུ་འབུད་སྟེང་གསར་སྣོན་བྱས་ནས་སྤྱོད་སྒོ་ཆེར་གྱུར་བ་ཞིག་ཡིན་ཚོད་འདུག ཉིན་ཤས་སྔོན་ལ་གྲོགས་པོ་ཞིག་དང་གླེང་མོལ་བྱས་པ་ཡིན་ཁོང་གིས་ཉེ་སྔོན་ཏག་ཏག་ལ་༧གོང་ས་མཆོག་གིས་ལྷོ་ཕྱོགས་ནས་ལམ་རིམ་འཆད་ཁྲིད་སྐབས་རྒྱ་གླིང་ནི་རྒྱ་མིའི་རོལ་ཆ་ཞིག་ཡིན་པས་དེ་རྒྱུད་འཛིན་བྱས་ན་རྒྱ་མའི་རིག་གཞུང་རྒྱུད་འཛིན་བྱས་པ་ལས་བོད་ཀྱི་རིག་གཞུང་ལ་ཅི་ཡང་མི་ཕན་ཞེས་བཀའ་གནང་སོང་ཟེར། ༧གོང་ས་མཆོག་གི་ཅི་གསུང་སྐབས་དེའི་འོད་སྡེར་དུ་ཡང་འདུག་ཟེར་མོད་ད་དུང་ལག་སོན་མ་བྱུང་།
༧གོང་ས་མཆོག་གིས་རྒྱ་གླིང་གི་སྒྲ་གསན་དུས་ཐུགས་ལ་སྐྱོ་སྣང་འཁྲུང་གིན་ཡོད་པ་འདྲ།
རྣམ་རྒྱལ་རྩེས་གསུངས་པ་ལ་མངོན་པར་བསྟོད། ཐུགས་བདེན་པ་རེད། ངའི་མཆན་དེར་བླ་་ཆེན་རྣམས་ཞེས་། རྣམས་ཞིག་སྦྱར་བ་ཐལ་སོང་འདུག ཞིབ་ཆ་མ་བྱུང་མི་འདུག ནོར་འཁྲུལ་རེད། དགོངས་དག་ཞུ། རེ་ཟུང་ཡོད་པ་ནི་དྲ་ལམ་ནས་མཐོང་བས་ཞུ་ཆོག་པ་ཞིག་ཡིན། ༡་ཡང་དགོངས་དགོས་པ་ཞིག་ནི། དེང་དུས། གཞན་ངོར་དབུ་རེག་དང་ཞབས་རྗེན། ཕྱག་ན་རྒྱ་ནག་གི་ཤིང་ལྡོག་བཟུང་ནས་གནས་བརྟན་པའི་ལུགས་ཁོ་ན་ལས་བོད་ཀྱི་ཕ་ཇོའི་ཆོས་ལུགས་འཁྲུལ་བ་རེད་ཟེར་མཁན་ཁག་ཅིག་དང་། ༢ཡང་བོད་པ་ལ་གསང་སྔགས་མེད་ཅེས་ཤེས་བཞིན་རྫུན་སྨྲ་བ་དང་། ༣་ཡང་རྒྱབ་ལ་རྒྱ་ཆས་གྱོན་ནས་ཆོས་འཆད་ཅིང་། སངས་རྒྱས་ཀྱི་ཆོས་བོད་པ་གཅིག་པོའི་མིན། བོད་པའི་ལུགས་སྲོལ་འདྲེས་ན་ནང་ཆོས་མིན། ཞྭ་མོ་ཆོས་གོས་་ལ་སོགས་ཁུར་བོ་རེད། ཆོས་སྒྲུབ་པ་རང་དབང་ཐོབ་པའི་ཆེད་རེད། ངོ་ཚ་ཟེར་བ་རང་དབང་གི་སྒོ་ལྕགས་རེད་ཟེར་མཁན་ཁག་ཅིག་སོགས། ཡུ་ཏྲོས་སོགས་ཀྱི་སྟེང་ན་ཡོད་པར་ཡང་གཟིགས་ཙམ་མཛད་ན་དགོངས་པར་འགྱུར་རོ། །ཞིབ་ཏུ་ཞུ་མི་དགོས་པར་མཁྱེན། །
འོ་དེ་རིང་རྒྱ་གླིང་གང་ནས་བྱུང་བ་ཡིན་ཤེས་སོང་། ཏག་ཏག་རྒྱ་ནག་ནས་བྱུང་བ་ཡིན་པ་རེད། གདོང་དམར་བས་བཤད་པ་ལྟར་ན་ཁུངས་ལུང་ཇི་འདྲ་ཡོད་རུང་འདྲ་ཆགས་པོ་འདུག། འབྲུག་གི་དགོན་པ་ཞིག་ལ་ཡང་རོལ་མོ་ཞིག་འདུག། རོལ་མོ་དེའི་སྒང་ལ་རྒྱ་ནག་གི་ཡི་གེ་བྲིས་འདུག། རོལ་མོ་དེ་ནི་རྙིང་པ་ཞིག་རེད། དགོན་པ་དེ་གའི་ངག་རྒྱུན་ལ་ཡང་རོལ་མོ་དེ་རྒྱ་ནག་གི་རྒྱལ་པོས་ཕུལ་བ་རེད་ཅེས་བརྗོད་སྲོལ་མཆིས། དེ་ཡིན་དུས་ཕལ་ཆེར་རོལ་མོ་སྟེ་སྦུབས་ཆལ་ཡང་རྒྱ་ནག་ནས་དར་བ་ཞིག་མིན་ནམ། མ་གཞི་བོད་ལ་ཡོད་ཚད་ཚང་མ་གཞན་ཞིག་ནས་དར་དགོས་པ་མེད་མོད། འོན་ཀྱང་རིག་གཞུང་དང་ལམ་སྲོལ་རྣམས་ནི་ཕན་ཚུན་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་ཕན་ཚུན་འབྲེལ་བ་ཡོད་པ་ཤ་སྟག་རེད་སྙམ། དེ་ཡིན་དུས་བོད་ནས་ཕར་དར་བ་ཡང་ཡོད་རུང་ལ་གཞན་ནས་ཚུར་དར་བ་ཡང་ཡོད་རུང། དེས་ན་གཞན་ནས་ཚུར་དར་བར་འདོད་པ་ལ་སྙིང་ན་དགོས་པ་ཞིང་གང་ཡང་མཐོང་མ་སོང་།
རྒྱ་གླིང་འདི་གང་དུ་བྱུང་བ་ཡིན་མིན་དཔྱད་པ་བྱེད་དགོས་དོན་མེད་ཁྱིམ་པ་རྣམས་ལ་དེ་མཁོ་སྲིད་ཀྱང་། ཆོས་པ་ཞིག་ལ་འདི་དགོས་དོན་ནི་མེད་དེ། གསང་སྔགས་ཉམས་ལེན་བྱེད་མཁན་ལ་མེད་མི་རུང་ཞེས་གོང་དུ་མཆན་མཁན་རེ་ཟུང་གིས་འདོད་པ་ལྟར་ན་འོ་ན་རྗེ་བཙུན་མི་ལ་རས་པ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སྒྲ་བསྒྱུར་དམར་པ་ཏེ་ལོ་ནཱ་རོ་ཀླུ་སྒྲུབ་ལ་སོགས་པས་ཀྱང་དབེན་པའི་གནས་སུ་འབུད་རྡུང་དཀྲོལ་གསུམ་བྱས་པ་ཡིན་ནམ་སེམས་གནད་དུ་ཞོག་ཅིག རྗེ་བཙུན་མི་ལ་རས་པས། ལྷོ་འཛམ་པོ་གླིང་གི་ས་ཆ་ན།།ཆོས་ཟབ་མོ་མི་བྲིན་ཟིང་ཟིང་བྲིན།།ཞེས་གསུངས་པ་བཞིན་དེང་སང་རེ་ཟུང་གིས་གསང་སྔགས་ཁ་ལ་འཁྱེར་ནས་ཉམས་རྟོགས་ཏིལ་འབྲུ་ཙམ་ཡང་མེད་ཐོག་གསང་སྔགས་ཁྲོམ་སྒྲགས་ཀྱིས་ཞ་འབག་དང་ཆོས་གོས་ཡ་མ་ཟུང་སྣ་ཚོགས་གྱོན་ཏེ་འབུད་རྡུང་དཀྲོལ་གསུམ་སོགས་འཇིག་རྟེན་ཆོས་རྒྱལ་ཁོ་ནའི་ལས་ལ་འཇུག་བཞིན་ཡོད་པ་ལ། ༧གོང་ས་མཆོག་གིས་ཐུགས་ཀྱིས་མ་བཟོད་པར་ཆོས་མིན་པའི་རིགས་དེ་དག་ལ་ཐུགས་མ་རངས་པར་ལམ་རིམ་གསུང་ཆོས་སྐབས་སུ་གསུངས་པ་དེ་རེད། ད་དུང་རྒྱ་གླིང་སོགས་ཟིང་ཟིང་གི་རིགས་དེ་དག་དགོས་ཟེར་མཁན་ཡོད་ན་སྔར་བོད་ནང་དུ་སྲམ་པགས་དང་རྒྱན་ཆ་སོགས་མེ་བསྲེགས་བཏང་བ་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་ཀུན་ནས་མཚུངས་སོ།།
རྣ་བར་སྙན་མོ་ཞིག་ཡོད་ན་འབུད་རྡུང་དཀྲོལ་གསུམ་བྱས་ན་ཡང་འགྲིགས་པ་རེད། རྣ་བར་སྙན་མོ་ཞིག་མེད་ན་འབུད་རྡུང་དཀྲོལ་གསུམ་ཕར་ཟད་འདོན་གདངས་དབྱངས་དེ་ཚོ་ཡང་རྣ་བ་ཚ་གི། བཞག་ན་མ་རེད་པས། དེ་མིན་རྒྱ་དཀར་ནག་ག་པར་ནས་ནང་འདྲེན་བྱས་ཡོད་ན་ཡང་རྣ་བ་ཚ་བྱེད་ཀྱི་རོལ་དབྱངས་དང་འབུད་རྡུང་དཀྲོལ་གསུམ་ག་རེ་ཡིན་ན་ཡང་བྱིན་རླབས་ཀྱི་ཚན་ཁ་དང་རྩ་ཆེན་ཡིན་མདོག་ག་རེ་བྱས་ཀྱང་མཁོ་མེད་དོན་སྟོང་རང་རེད་དོ།
བོད་ཀྱི་རླུང་རྟ་དར་ལྕོག་དང་བསང་གསོལ་དེ། བོད་ཆོས་སྙིང་པ་བོན་ལུགས་ཡིན་པ་ལྟར། རྔ་དུང་སོགས་རོལ་ཆས་འབུད་རྡུང་དཀྲོལ་གསུམ་དེདག་་བོད་རང་ས་ནས་གང་དང་གང་ཐོན་པ་སྐབས་འདིར་བོན་པོ་མཁས་པ་རྣམས་ཀྱིས་གསལ་བཤད་གནང་ཐུབ་ན་ཁུངས་བཙན་པ་གྱུར་ངེས་པས། བོན་པོའི་དྲྭ་གྲོགས་དང་ཆོས་གྲོགས་ཚོས་འདིར་ཕེབས་ནས་ལོ་རྒྱུས་སྨྲ་བའི་རེ་བ་དང་རེ་སྐུལ་ཞུ་བཞིན་ཡོད་ལགས།
སྣང་བྲལ་རྡོ་རྗེ་ལགས། ༧གོང་ས་མཆོག་གིས་ཆོས་མ་རེད་ཀྱང་གསུང་ཡོད་རྒྱུ་མ་རེད། གོང་ད་རྣམ་རྒྱལ་རྩེ་མོས་བཤད་པ་ལྟར། (ང་ཚོས་དེ་རིགས་ཀྱི་ཕྱོགས་ལ་དང་དོད་ཉུང་ཙམ་དང་ཆོས་དག་མ་ཅིག་ཉམས་ལེན་གནང་རྒྱུར་འབད་བརྩོན་བསྟེན་དགོས་པ་རེད)གསུང་ཟེར་བ་དེ་རང་ཡིན་རྒྱུ་རེད་སྙམ། རང་རེ་སྔོན་ཆད་རྙིང་ཞེན་ཆེ་ཐལ། ད་ལྟ་གསར་ཞེན་ཆེ་ཐལ། འདི་འདྲ་ཞིག་གི་འཐབ་རྩོད་འོག་བོད་རིགས་དང་རིག་གཞུང་བོར་འགྲོརྒྱུ་རེད། བོད་མི་རིགས་འདི་བརྟན་པོ་ཞིག་ཡོད་ན། ཆས་གོས་དེང་རབས་ཅན། རིག་གཞུང་དེང་རབས་ཅན། ཆོས་ལུགས་ཀྱི་དཔྱད་བརྗོད་དེང་རབས་ཅན། མཛད་སྒོ་དེང་རབས་ཅན། ཉི་ཧོང་ལྟ་བུ་ཞིག་བྱས་ན་མི་རུང་པ་མེད་མོད། ད་ལྟའི་་ཁ་འཐོར། སེམས་འཐོར་གྱི་གནས་སྐབས་སུ། ཆོས་དང་རིག་གཞུང ། མི་རིགས་ཀྱི་འདུ་ཤེས་བརྟེན་ས་ཉག་གཅིག་པོ་རེད། དེའི་སྒོ་ནས་གཞན་དང་ཁྱད་པར་མེད་པར་གྱུར་ན། སུ་ཞིག་སུ་ལ་བརྟེན། སེམས་ཁྲལ་དང་དཀའ་ངལ་བྱས་ནས་བསྒྱུར་བཅོས་བྱེད་པ་ལས་གཞན་ལ་ཡོད་པ་དེའི་རྗེས་སུ་ཞུགས་ནས་རང་ལུགས་མེད་པ་བྱས་ན་ལས་སླ་ཤོས་རེད། ནཱ་རོ་སོགས་ལ་འགྲན་ན་རྟོགས་པ་དེ་དང་མཉམ་པ་ཞིག་དགོས། ཀླུ་སྒྲུབ་ཀྱི་མགོན་པོའི་གཞུང་དང་། ནཱ་རོའི་བདེ་མཆོག མཁའ་སྤྱོད། མི་ལས་གནང་བའི་། བདེ་མཆོག་ལུགས་སྲོལ་ཆེ་གསུམ་སོགས་ན་ཚོགས་འཁོར་དང་རོལ་མོ་ཅི་གསུང་ཡོད་དེ་ལ་གཟིགས་རོགས་ཞུ་རྒྱུ་དང་། ལས་དང་པོ་བས་བསོད་ནམས་ཀྱི་ཚོགས་གཙོ་བོར་གཉེར་དགོས་པ་རྒྱལ་སྲས་སྤྱི་ཡི་ལུགས་སྲོལ་ཅི་མི་སྙམ་པར་བཞག་ཏེ། སྟོང་ཉིད་དང་སྟོང་ཉིད་བྱས་རུང་། སྟོང་ཉིད་ཁ་འབོད་ཀྱིས་ཡོང་བ་ཞིག་རང་ཨེ་ཡིན། དེ་ལས་འབྱོར་ཚོད། ནུས་ཚོད་ཀྱིས་ཚོགས་གསོག་སྒྲིབ་སྦྱོང་དེ་ཁེ་ཉེན་མེད་སྙམ།།ཕྲན་ལ་ནོར་བ་ཡང་སྲིད་པས་དགོངས་དག་ཞུ།
རྒྱ་ཞེས་པའི་སྒྲ་ཡོད་པས། རྒྱ་གར་རམ་རྒྱ་ནག་ལ་གོ་དགོས་པས་ཁྱབ་པ་མེད། བདག་ཅག་གི་ཁ་སྐད་དུ། གནའ་བོའི་སྒྲ་ལུས་ཡོད་པ། རྒྱ་ལམ། རྒྱ་སྒོ། རྒྱ་སྐྲས་སོགས་རྒྱ་ཞེས་པ་ཆེན་པོ་ལ་བཀོལ་བའི་མིང་ཚིག་མང་པོ་མཆིས། དེའི་ཕྱིར་རྒྱ་གླིང་ཞེས་པ་རྒྱ་གར་རམ་རྒྱ་ནག་ནས་འོངས་པ་མ་ཡིན་པར་བོད་ཀྱི་གླིང་བུ་ཆེ་བར་བསྐྱེད་དེ། དེ་ལ་རྒྱ་གླིང་ཞེས་མིང་བཏགས་པ་ཡིན་ཆོག གཞན་ཡང་། དྭགས་ལ་ད་མན་དང་བསུ་སྣ་གཉིས་དགའ་སྟོན་གྱི་རྩེད་མོར་མེད་མི་རུང་བ་ཡིན། བསུ་སྣ་དེ་རྒྱ་གླིང་དང་ཕལ་ཆེར་འདྲ། འོན་ཀྱང་བསུ་སྣ་མི་གཅིག་གིས་ཕུ། སྐབས་འགར་ད་མན་རྡུང་མཁན་དང་། བསུ་སྣ་ཕུ་མཁན་མང་དུ་འཛོམས་ན། སྒྲ་འཛོམས་པར་བྱས་ཏེ། ད་མན་རྡུང་བ་དང་། བསུ་སྣ་ཕུ་བར་བྱེད། ད་མན་རྡུང་མཁན་དང་། བསུ་སྣ་ཕུ་མཁན་ལ་མོན་དང་། བེ་ད་ཞེས་རིགས་དམའ་བར་རྩི། དེས་ན། མོན་གྱི་བསུ་སྣ་ལ་དཔེ་བྱས་ཏེ་དུང་ཆེན་འདྲ་བར་ཞབས་སྒོར་ཆེ་བ་འདྲ་བར་མ་ཟད་དུང་ཆེན་དང་འདྲ་བར་མི་གཉིས་ཀྱིས་ཕུ་དགོས་པ་བོད་རང་དུ་སྲོལ་གཏོད་བྱས་པ་ཞིག་ཏུ་མཐོང་། དུང་རྒྱ་གླིང་གསལ་བའི་སྔོན་གྱི་ཡིག་ཆ་འདྲ་རྙེད་ན། དེ་དག་ལ་བརྟེན་ནས་བརྟག་དཔྱད་ཞིབ་པ་གལ་ཆེའོ།།
དྲི་ལྷག་ལགས། ཨུ་ཚུགས་མ་བྱེད་ཆོས་ངོ་མ་དེ་སྒྲུབ་ན་བཟང་། ༧གོང་ས་མཆོག་གིས་རྒྱ་གླིང་དེ་རྒྱ་ཡུལ་ནས་དར་རྒྱུ་ཞིག་རེད་དེ་རྒྱ་མི་ཁོ་རང་ཚོས་བདག་པོ་རྒྱག་གི་རེད། ཅེས་གསུངས་པ་སོགས་ཁྱོད་ཀྱིས་མ་གོ་མ་ཐོས་པ་འདི་ཡ་མཚན་ཆེ་ལམ་རིམ་གསུང་ཆོས་སྐབས་ཀྱི་བརྙན་ཕྲིན་གཟིགས་དང་། སྐུ་མདུན་འདུ་ཁང་ནང་དུ་ཕེབས་སྐབས་རྒྱ་གླིང་འབུད་ཀྱི་མེད་པ་དེ་ཅི་ཡིན་ནམ། ལོ་གཅིག་གཉིས་ཤིག་གི་གོང་དུ་ལྦ་ར་ནཱ་སི་གསུང་ཆོས་སྐབས་ཡང་གོང་ས་མཆོག་གིས་གསུངས་སོང་༧གོང་ས་མཆོག་གི་གསུང་དེ་དག་ལ་རྒྱུ་མཚན་མེད་པ་ཡིན་ནམ། ཁྱོད་འབུད་རྡུང་དཀྲོལ་གསུམ་ལ་ཐུགས་མཉེས་ན་དེ་ལྟར་མཛོད་ལགས།
སྣང་བྲལ་ལགས། ངས་མ་རིག་མ་གོ་བར་བཤད་པ་ཡིན་པ་བདེན་རེད། གལ་སྲིད་གོ་ཤིང་མཐོང་བ་ཡིན་ན་དགོངས་པ་ཁྱད་པར་ཅན་རེ་ཡོད་སྲིད་པས། ལགས་སོ་ཞུ་རྒྱུ་ཡིན། ཞལ་རྩེད་མིན་པར་ནན་ཏུར་གྱིས་གསུངས་པ་ཡིན་ན་ཅི་གསུང་བཀའ་སྒྲུབ་ཡིན། དེ་ལྟར་མ་ཡིན་པར་བོད་པའི་གསར་བརྗེ་བ་རྣམས་ཀྱིས་༧ཁོང་ལ་ཁ་གཡར་བ་ཡིན་ན། ཨུ་ཚུགས་མཐར་སྐྱེལ་གྱི་རྩོད་པ་རྒྱག་རྒྱུ་ཡིན། གཞན་གྱིས་བསྒྱུར་ནའང་ངས་མི་འཇོག་པ་ཐག་ཆོད་ཡིན། ལྤགས་རིགས་སྤོངས་སྐབས་ཕྲན་སྔོན་འགྲོ་བ་ཞིག་ཡིན། ནུས་ཚོད་ཡོད་དགུ་འདོན་མཁན་ཞིག་ཡིན། བཀའ་སྒྲུབས་བྱེད་མཁན་ཡིན། དེ་དང་མཆོད་རྫས་སྤངས་པ་གཉིས་བསྡུར་ཐབས་གཏན་ནས་མེད། གླིང་བུ་འདི་ཕན་གནོད་གཉིས་ལས་ཕན་པ། དགེ་སྡུག་གཉིས་ལས་དགེ་བ་ཡིན་ན་འཇོག་དགོས་པའི་རྒྱུ་མཚན་ཚད་ལྡན་ཞིག་བཤད་རྒྱུ་ཡོད་དགོས། ཡང་ན་མཁྱེན་པའི་ཡེ་ཤེས་ལྡན་པ་༧གོང་ས་ཡིད་བཞིན་ནོར་བུ་ལྟ་བུ་ཞིག་གིས། གཟིགས་སྣང་ལ་དུས་འདིར་འབུད་མི་རུང་པའི་ལྟས་ཤར་གསུངས་ན། འོ་ལེགས་སོ། །ཞུ་དགོས། དེ་ནས་བཟུང་མཚམས་འཇོག་དགོས། རང་ལྟ་བུ་ཡིན་ན་གླེང་སློང་གང་ཡང་མི་བྱེད་ཐག་ཆོད་ཡིན། ལམ་རིམ་གསུང་བཤད་སོགས་ཀྱི་གསུང་བཤད་རྙན་འཁོར་ཡོད་ན་འདིར་འགོད་རོགས། བདེན་པ་ཡིན་ན། ཐལ་མོ་སྦྱར་ནས། གཙོ་བོའི་ཇི་ལྟར་སོགས་འདོན་རྒྱུ་ཡིན། །ཐུགས་ལ་གནོད་པ་མེད་པར་ཞུ། །འཁྲུལ་བ་སོང་ན་འཐོལ་ལོ་བཤགས། །
གྲོགས་ཀརྡོ་ལགས།
རེད་ངོ་ཐོག་བྱས་ན་འདི་དང་འདི་ཡི་སྐོར་བོན་གྱི་ལོ་རྒྱུས་དང་འབྲེལ་བ་ཤོད་རྒྱུ་འདུག་སྟེ།
ངས་དེ་ཡི་སྐོར་མ་བཤད་པར་ཐུན་མོང་དུ་འགྲོ་བ་ཞིག་ལས་བཤད་མེད།
གང་ཡིན་ཟེར་ན་ཁྱེད་རང་གིས་མཁྱེན་གསལ་ལྟར་རེད། བོད་ཀྱི་སྤྱི་བོགས་འདི་ད་དུང་ཡང་བློ་སྒོ་ཡངས་བའི་སྒོ་མོ་ཕྱེ་མེད། བྱས་ཙང་བོན་གྱི་སྐོར་ཅིག་བཤད་ན་ཕ་གཞིས་འཕྲོག་མཁན་གྱི་རྒྱ་གུང་ཀྲན་ལས་ཀྱང་དུག་པར་བལྟ་བའི་མཆན་བུ་བ་རྣམས་ཀྱིས་ཇི་ལྟར་བཤད་མིན་ངས་ཞུ་མ་དགོས་པར་ཀུན་གྱིས་ཤེས་གསལ་རེད། བྱས་ཙང་དེ་ལས་བོད་ཀྱི་སྣོད་ནཅུད་ཡོངས་རྫོགས་ཀྱི་འབྱུང་ཁུངས་རྒྱ་དཀར་ནག་གང་རུང་ལ་གཏུག་ན་ཡག་ཤོས་རེད། དེ་ལ་མང་པོས་བཀུར་གྱི་རེད།
སྣང་བྲལ་རྡོ་རྗེ་ལགས། ཇོ་བོ་ཡབ་སྲས་ཆོས་པ་ཚད་ལྡན་ཡིན་ན་དེ་ཚོས་ཡང་གནང་འདུག རག་དུང་ལྟ་བུ་ཡིན་ན། བོད་དུ་འདྲེན་མཁན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་པ་འདྲ་བོ་བཤད་འདུག ཇོ་བའི་རྣམ་ཐར་ལས། དོལ་དུ་བྱོན་ཏེ་སྣ་བོ་ལ་ཀ་ནས་དུང་བུས་པས། མི་ཐམས་ཅད་བྲོས། ཕྱུག་ཐམས་ཅད་ཐག་པ་བཅད་ནས་ཤོར་སྐད་དོ། །དེ་གོང་དུ་རག་དུང་མེད་པས་ཡིན་གསུངས། །ཞེས་དང་། གླིང་བུ་མཆོད་པའང་། ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་རིན་པོ་ཆེའི་གཏེར་མཛོད་ལས། མཁའ་ལ་བརྡུངས་པས་ས་ལྡིར་པའི། །ཆོས་རྔ་ཆེན་པོ་རབ་ཏུ་འུར། །རྒྱུད་སྟོང་ལྡན་པའི་པི་ཝང་སྒྲ། །འགྱུར་སྟོང་འཚེར་བའི་ང་རོ་ཅན། །དུས་གསུམ་དགེ་བའི་ཚིག་འབྲུར་གསལ། །ཨེ་མ་མཐོ་རིས་ཡིད་དབང་འཛིན། །གླིང་བུ་སྙན་པས་མྱ་ངན་སེལ། །འདོད་ཡོན་རྟག་འཛིན་མི་རྟག་བསྐུལ། །བདེ་འཛིན་ཡིད་འབྱུང་བསྐྱེད་པ་གང་། །ཞེས་སོགས་འདོད་ཡོན་ལྔའི་མཆོད་པ་ལན་ཅིག་མིན་པར་གསུངས་ཡོད། །
་་་་་ རྒྱ་གླིང་ཞེས་རྒྱ་ཡོད་པ་ཙམ་གྱིས་རྒྱ་ནག་གམ་རྒྱ་གར་སོགས་ཡུལ་སྡེ་གཞན་ལས་དར་བར་གོ་དགོས་པའི་རྒྱུ་མཚན་གང་ཡང་མེད། གང་ལགས་ཤེ་ན། རང་རེ་བོད་ཀྱི་སྐད་དུ་ལམ་རྒྱ་ཆེ་བར་རྒྱ་ལམ་ཞེས་དང༌། སྒམ་ཁོག་རྒྱ་ཆེ་བར་རྒྱ་སྒམ། ཅོག་ཙེ་ཁ་རྒྱ་ཆེ་བར་རྒྱ་ལྕོག་ཅེས་འབོད་པས་ན། རྒྱ་གླིང་ནི་ཁ་རྒྱ་ཆེ་བའི་གླིང་བུར་རྒྱ་གླིང་ཞེས་ཐ་སྙད་ཀྱི་མིང་དེ་ལྟར་བཏགས་པ་རིགས་པས་དཔྱད་ཐུབ། ་་་་་ཟེར།
དྲི་མེད་ལྷག་བསམ་ལགས། ཆོས་ཀྱི་སྙིང་པོ་ལེན་སྟངས་དང་ཆོས་སྒྲུབ་ཚུལ་མ་ནོར་བ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད་གོང་དུ་ངས་བཤད་པ་དེ་དག་ལ་རྒྱུ་མཚན་མེད་བསམ་ན་ཁྱེད་རང་གི་འདོད་པ་རེད་རྗེས་སུ་ཡི་རང་ཡོད་མི་ཐམས་ཅད་ཀྱི་བསམ་པ་གཅིག་ཡོང་ཐབས་ཡོད་མ་རེད། དགོངས་འགལ་མེད་པ་མཁྱེན།
སྣང་བྲལ་རྡོ་རྗེ་ལགས། ༡༽ཆོས་ཀྱི་སྙིང་པོ་ལེན་སྟངས་དང་ཆོས་སྒྲུབ་ཚུལ་མ་ནོར་བ་ཟེར་ན། སྙིང་པོ་ནི་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་ཞེས་པ་འདི་ལས་མེད་པ་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་ཏུ་བཞེད། སྒྲུབ་ཚུལ་ནི་ཐེག་པ་གསུམ་ན་མན་ངག་རྒྱ་ཆེ་ལ་གྲངས་མང་པ་ཡོད། མཐའ་གཅིག་ཏུ་རིགས་གཅིག་ཁོ་ན་མི་དགོས་པ། རྗེའི་སྔགས་རིམ་ཆེན་མོ་དང་། ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་འགྲེལ། གུ་རུ་པདྨས་གསང་སྔགས་ལམ་རིམ་དང་། ཡང་དག་གསང་འགྲེལ་ཆེན་མོར་གསུངས། ༢༽རོལ་མོའི་ཕན་ཡོན་ནི་གང་པོའི་རྟོགས་བརྗོད་སོགས་ལས། ཁྱེའུ་་རྔ་སྒྲ་དགྲ་བཅོམ་པ་ཐོབ་པའི་རྒྱུ་ཞུས་པ་ན།སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེ་ལ། ཁྱིམ་བདག་ཅིག་གིས་རོལ་མོ་མཁས་པར་སྦྱངས་ནས། ཉིན་རེ་བཞིན་ཏུ་རོལ་མོ་སྣ་ཚོགས་པས་བཀུར་བསྟི་བྱས་པས། དེའི་ལས་ཀྱི་རྒྱུས་ད་ལྟ་རྔ་སྒྲ་ལྟ་བུའི་དབྱངས་ཅན་དུ་གྱུར་ཅིང་རྒྱུ་དེ་ཁོ་ནས་དགྲ་བཅོམ་པ་ཐོབ་པོ་གསུངས། ཡང་ཁྱེའུ་སྙན་གྲགས་དགྲ་བཅོམ་པ་ཐོབ་པའི་རྒྱུ་ཞུས་པས། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་དེའི་དུས་སྟོན་བྱས་ཚེ། གྱད་འགྱེད་པ་རྣམས་སྐྱིས་བ་དན་བསྒྲེང་བ་ལས། རྒྱལ་པོའི་གྱད་གཅིག་གིས་གྱད་གཅིག་ནོན་པ་དང་། དེའི་གྱད་གྱི་བ་དན་ཏོབ་ནས་དེའས་བླངས་ཏེ། སྲོག་ཆགས་འབུམ་ཕྲག་དུ་མས་འཁོར་དང་བཅས་པས། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་པ་ལེན་ཞིང་། བ་དན་དེ་མཆོད་རྟེན་གྱི་སྲོག་ཤིང་ལ་བཏགས་ནས་སྨོན་ལམ་བཏབ་པོ། །རྒྱུ་དེས་འཁོར་བ་ན་བདེ་བ་མཏའ་ཡས་པ་མྱོང་བར་གྱུར་ལ། ད་ལྟ་ཡང་དགྲ་བཅོམ་པའི་བར་ཏུ་གྱུར་བར་གསུངས་སོ། །༣༽མཆོད་རྫས་ཤིག་གི་ནང་ནས་ལྟར་སྣང་དུ་གནོད་པ་ཆེ་ཤོས་ནི་། སྤོས་དང་མར་མེ་གཉིས་ཡིན། འོན་ཀྱང་སྤང་རུང་མིན་ཞུ་ག་ལ་རུང་། སྤོས་མེའི་དུད་པའི་གནོད་སྐྱོན། དཔལ་འབྱོར་གྱི་འགྲོ་སོང་ཆེ་ཤོས། འཁོར་ཡུག་ལ་གནོད་པ། འཕྲོད་རྟེན་ལ་གནོད་ཚུལ་གསར་འགྱུར་རྒང་དུ་ཡང་ཡང་ཐོན་མྱོང་། དཔེར་ན་རྒྱ་ནག་ལྷོ་ཕྱོགས་ཀྱི་བསམ་གཏན་པའི་དགོན་པ་ཆེ་ཆོས་དང་། བཀྭན་ཧྲིན་དགོན་པ་ཆེ་ཤོས་དང་། ཐེ་ཝན་གྱི་མ་ཙོའུ་དགོན་པའི་ནང་དུ་ཉིན་གཅིག་ལ་བསྡད་ན་ཐ་མག་ཤོག་སྒམ་གཉིས་རྐང་བཞི་བཅུ་འཐེན་པ་དང་མཉམ་ཞེས་བཀོད་འདུག །གླིང་བུ་དང་རོལ་དབྱངས་སོགས་ནི། སྙིང་ནད་ཅན་དང་། སྦྲུམ་པ། ཐ་ན་རི་དྭགས་དམུ་རྒོད་རིགས་ཀྱི་རྣ་ལམ་དུ་བསྒྲགས་ན་ཞི་དུལ་ལྷོད་པར་འགྱུར་བ་ལ་ཕན་ཚུལ་ཡང་བཤད་འདུག འདི་ལ་ཚན་རིགས་ཀྱི་སྒོ་ནས་ཞིབ་འཇུག་བྱེད་ཐུབ་པ་ཞིག་རེད། དེ་བཞིན་ཆོས་སྐྱོང་གི་བེ་བུམ་རེ་ན། གླིང་བུ་སྙན་པར་དཀྲོལ་ན་སྲུང་མ་དགྱེས་པ་དང་། དེ་ལས་གཞན་དུ་གྱུར་ན་འཁུ་ལྡོག་གིས་བར་ཆད་གཏོང་ཚུལ་གསུངས་འདུག གཟབ་གཟབ་གནག་རོགས། སླར་ཡང་ཞུ་རྒྱུ། ༧གོང་ནས་གསུང་ཡོད་ན་ལེགས་སོ་ལས་ཅི་ཡོད། དྲ་ལམ་དུ་ཡོངས་ཁྱབ་ཏུ་བསྒྲགས་རོགས། གསུང་མེད་ན་ཐམས་ཅད་མཁྱེན་པ་ལ་ཁག་མ་དཀྲི་རོགས། དེང་དུས་བོད་མི་ཁག་ཅིག་གིས་རང་གིས་འདོད་པ་སྒྲུབ་ཕྱིར་༧གོང་ནས་གསུང་བྱུང་ཟེར་བ་དང་། མི་དགའ་ས་ཞིག་ཡོད་ན་དེ་ལ་༧གོང་ནས་བཀའ་བསྐྱོན་ཡོད། ཐུགས་མི་མཉེས་ཟེར་ནས་། མགོ་གནོན་བྱེད་གྲངས་མང་པས་རང་ཉིད་ཀྱིས་དངོས་སུ་མ་མཐོང་མ་ཐོས་བར་ཡིད་ཆེས་ཐབས་དཀའ་འོ། །