ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
རྒྱ་གར་ནང་སྲིད་བློན་ཆེན་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཟེར་བ་ཀོང་རེ་སི་ཚོགས་པའི་སྲིད་བྱུས་ནོར་བ་དེ་ལས་བྱུང་ཚུལ་གསུངས་འདུག
ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༢༣ ཉིན་ཉིན་རེའི་གསར་ཤོག་[Daily Mail] ཞེས་པའི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཇ་མུ་ཀ་ཤི་མིར་མངའ་སྡེའི་འོས་འདུ་བསླེབ་ལ་ཉེ་བའི་སྐབས་འདིར་རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་རཱཇ་ནཱཐ་སིངྒ་ Rajnath Singh མཆོག་གིས་ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༢༠ ཉིན་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་རྒྱལ་ས་སླེ་ཡི་སྤོ་ལོ་རྩེད་ཐང་དུ་མང་ཚོགས་རྣམས་ལ་གསུང་བཤད་གནང་འདུག
སྐབས་དེར་ཁོང་གིས་རྒྱ་གར་ས་མཚམས་ཁག་ནང་རྒྱ་མིའི་དམག་མིས་གློ་བུར་བཙན་འཛུལ་བྱས་དང་བྱེད་མུས་ཡིན་པ་དེར་ཟུར་བརྡ་འཕེན་ནས་གསུང་དོན། བཙན་འཛུལ་བྱས་པ་དེས་མཐུན་འབྲེལ་ལ་གནོད་རྒྱུ་རེད། ཅེས་གསུངས་པ་མ་ཟད། པེ་ཅིང་གཞུང་གིས་རྒྱ་གར་ཇ་མུ་དང་ཀ་ཤི་མིར་མངའ་སྡེའི་ས་ཁོངས་ཡིན་པ་ཨཀ་ས་ཡི་ཅིན། Aksai Chin ཞེས་པའི་ཐོག་ཁྲིམས་འགལ་གྱི་བཙན་འཛུལ་བྱས་ཡོད། རྒྱ་ནག་ང་ཚོའི་ཁྱིམ་མཚེས་བཟོ་མཁན་དེ་ཀོང་རེ་སི་ཚོགས་པ་རེད། ཅེས་གསུངས།
རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ནས་ཨཀ་ས་ཡི་ཅིན་ལ་དབང་བསྒྱུར་བྱེད་བཞིན་པ་དང་རྒྱ་གར་གྱི་ས་མཚམས་ཁག་ནང་ཁྲིམས་འགལ་གྱིས་བཙན་འཛུལ་བྱེད་བཞིན་པའི་བྱ་སྤྱོད་དེ་དག་གིས་ཡུལ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་འགོག་རྐྱེན་བཟོ་རྒྱུ་རེད། ཅེས་གསུངས་པ་ལུང་འདྲེན་བྱས་པ་མ་ཟད། གསར་ཤོག་དེའི་ནང་མུ་མཐུད་འཁོད་དོན། ཐེངས་འདིར་ནང་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་ཤུགས་ཆེ་སྤེལ་བ་མ་ཟད། དེ་སྔ་ཁོང་ནས་རྒྱ་ནག་གཞུང་གིས་རྒྱ་གར་ས་ཐོག་ཏུ་འཛུགས་སྐྲུན་ལས་གཞི་རྩོམ་བཞིན་པ་དེར་ཡང་ཉེན་བརྡ་བཏང་ཡོད།
གཞན་ཡང་ནང་སྲིད་བློན་ཆེན་མཆོག་གིས་ཊུ་ཝི་ཊར་(twitter) ནང་ཟིན་བྲིས་ཤིག་བཀོད་ཡོད་པའི་ནང་རྒྱ་ནག་ནི་དུས་ནམ་ཡང་རྒྱ་གར་གྱི་ཁྱིམ་མཚེས་བྱེད་མྱོང་མེད། འོན་ཀྱང་ཀོང་རེ་སི་གཞུང་འཛིན་ཚོགས་པའི་སྲིད་བྱུས་ནོར་བ་ལ་རྟེན་ནས་རྒྱ་ནག་ང་ཚོའི་ཁྱིམ་མཚེས་ཆགས་ཡོད། ད་ཆ་བོད་དེ་རྒྱ་དཀར་ནག་གཉིས་ཀྱི་བར་བཞུགས་རྒྱལ་ཁབ་ཅིག་ཏུ་གནས་ཐུབ་མེད། བོད་དང་འབྲེལ་བ་མཚམས་འཇོག་བྱེད་མཁན་དེ་ཀོང་རེ་སི་ཚོགས་པ་རེད། ཅེས་འཁོད་འདུག
འགོ་རྩོམ་མཁན་ཀོང་རི་སི་ཚོགས་པ་ཡིན་ནའང་མཇུག་སྐྱོང་མཁན་བྷིཇ་བྷི་སོགས་སྲིད་དོན་ཚོགས་པ་ཚང་མ་རེད་པ
སྟོད་པས་དགའ་བར་མི་བྱ་བཞིན་།སྨད་པས་མིི་དགའ་མི་བྱ་བ་ཞིན་།
རང་གི་ཡོན་ཏན་ལེགས་སྤེལ་ན་།སྐྱེ་བུ་དམ་པའི་ཚན་ཉིད་ཡིན་།གསུང་པ་ལྟར་
རང་གི་སྐུབ་ཀྱག་གི་ཆེད་དུ་ཁ་དམག་་ལ་འགན་འཁྱེར་མཁན་མང་པོ་ཡོང་སྲིད་་
པ་ལ་བལྟ་མིི་ཉན་ཀོང་རེས་སིའི་ནོར་ཡོད་ན་་བི་ཇི་ལ་དབང་ཐོབ་ཡོད་པས་ནོར་
བཅོས་རྒྱོབ་དང་་ཧ་ཧ་ཧ་མི་གི་བྱྱས་དུས་མིག་ཚ་རང་གི་བྱས་དུས་་མ་འཇོན་
གང་ལྟར་བྷེ་ཅི་བྷེ་ཚོགས་གཙོའི་རྒྱ་གར་གཞུང་ནོར་ཚར་བ་ཁས་ལང་འདུག
རང་སྐྱོན་ངོས་ལེན་བྱེད་ཐུབ་མཁན་ནི་བློ་སྟོབས་ཅན་དང་མཁས་པ་རེད། ངོ་སོ་བསྟོད། མོ་དྷིས་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གསར་པ་འདིས་བོ་པའི་ཐོག་ལ་འཛིན་པའི་སྲིད་བྱུས་ལ་ལེགས་བཅོས་ཆེན་པོ་གཏོང་གི་ཡོད་པའི་རྣམ་པ་ཐན་དང་ཐོན་བཞིན་པ་འདི་དགའ་འོས་པ་ཞིག་རེད། ཚང་མ་ལ་སྐྱོན་བརྗོད་མ་བཏོགས་མི་ཤེས་པའི་དྲ་འབུ་ཚོའི་སྐད་ཆ་ལ་དོན་སྙིང་ཅི་ཡང་མེད་པ་རེད།
ད་ཡིན་ན་དབུས་བོད་མི་འི་སྒྲིག་འཛུགས་ནས་འཇོན་ན་སྒོ་སྐབས་བཟང་པོ་
ཐོབ་འདུག་རྒྱ་གར་ནང་སྲིད་བློན་ཆེན་ནས་རྒྱ་གར་་གྱི་ནོར་བ་ངོས་བླང་འདུག་ད་འཇུ་དགོས་པ་རེད་གོ་སྐབས་བཟང་པོ་ཤོར་མི་ཉན་བོད་ཚང་གཉིད་མ་བསྡད་
ད་ལོང་ཤོག་ལོང་ཤོག་བོད་མི་ཚོ་ལོང་ཤོག་ད་ལྟ་བར་རྒྱ་གར་གྱི་གཞུང་འཛིན་
སུ་སླེབ་ན་ཡང་བོད་རྒྱ་མིའི་ཆ་ཤས་ལ་་ངོས་འཛིན་བྱས་ནས་་འགྱུར་བ་་བཏང་
མེད་་་ད་ལམ་རྒྱ་གར་གྱི་ནང་སྲིད་བློན་ཆེན་ནས་འཛམ་གླིང་ལ་གསལ་པོ་བཟོས་
འངུག་པ་དབུས་བོ་མིའི་སྒྲིག་འཛུགས་་ནས་ཁོང་ལ་དགའ་བསུའི་འཚམས་དྲི་
དང་མཉམ་ནོར་་བཅོས་ལ་འགན་་བཀུར་དགོས་དེ་ནི་ང་ཚོར་ཐོབ་པའི་རྒྱལ་ཁ་ཆེན་པོ་ཞིག་མིན་པ་ཡིན་ནམ་།
ད་རིང་རྒྱ་གར་གཞུང་ནས་སྔར་བྱེད་ལས་ལ་ནོར་འཁྲུལ་བྱུང་བ་གསུང་འདུག། མ་གཞི་སྲིད་དོན་དོན་ཕྱོགས་འགལ་ཚོགས་པ་ལ་རྐྱོན་བརྗོད་ཡིན་ཡང། རྩ་བའི་ཆ་ནས་བདེན་གཏམ་རེད། སྲིད་བློན་ནེ་རུས་ནོར་འཁྲུལ་གྱི་འབྲས་བུ་ལ་ད་ལྟ་རྒྱ་གར་ཁག་པོ་བཟོ་ཡོད། ཧི་འདུ་ཅ་ན་སྦ་ཡི་སྦ་ཡི་གལ་ལ་སོང་(Hindi China baye babe ) མ་འོང་པར་རྒྱ་གར་ཁག་རུ་བཟོས་ཡོད།