སྲོང་བཙན།
དབུ་མའི་ལམ་ནི་རྒྱ་ནག་གོང་བུ་གཅིག་གྱུར་ཁས་ལེན་པའི་ཐབས་ལམ་ཞིག་ཡིན་སྟབས་རྒྱ་ནག་དང་འབྲེལ་ལམ་བཟང་བའི་རྒྱལ་ཁབ་ཚོས་བོད་ཀྱི་དཀའ་རྙོག་ལ་ལག་པ་འཆང་རྒྱུ་ཅུང་སྟབས་བདེ་པོ་ཡོད། རྒྱ་ནག་གོང་བུ་གཅིག་གྱུར་ནི་རྒྱ་ནག་གི་ཚོང་འབྲེལ་ཚུན་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གཞི་རྩའི་རྨང་གཞི་དེ་ཡིན་པས་དེ་ཉིད་ཁས་ལེན་མ་ཐུབ་ཚེ་རྒྱལ་ཁབ་བར་སྐད་ཆ་ཙམ་ཡང་བཤད་ས་ལྷག་མེད་ཅེས་རྒྱ་ནག་གིས་མཐའ་ལ་བཀར་བཞིན་ཡོད་ཅིང་། ཨ་རི་སྲིད་འཛིན་ཊོམ་གྱིས་ཀྱང་ཐ་མར་རྒྱ་ནག་གཅིག་ཁས་ལེན་བྱེད་ཀྱི་ཡིན་ཞེས་ཡོངས་གྲགས་བྱེད་དགོས་ཐུག་པའི་གནས་ཚུལ་ཡང་ཐོན་མྱོང་ཡོད་པ་རེད། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དེས་ཤར་ནུབ་ཡོངས་ལ་ཁྱབ་པ་ཙམ་མ་ཟད་སྟོབས་ཤུགས་དེས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དང་བོད་དང་ཐེ་ཝན་སོགས་ཀྱི་གནད་དོན་ཡང་རང་འདོད་ལྟར་སྡོམ་བཅུར་བཟོ་ཐུབ་པའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་གཏོང་རྒྱུར་རེ་བ་དང་དམིགས་ཡུལ་ཆེན་པོ་བཟུང་ཡོད། ནུབ་ཕྱོགས་ཀྱི་དཔལ་འབྱོར་ཉམས་ཉེས་ཚབས་ཆེན་བྱུང་བ་ནས་འགོ་ཚུགས་ཏེ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་བྱུང་ཞིང་དེ་དང་མཉམ་དུ་ཆབ་སྲིད་ཀྱི་ལག་པ་ཡང་ཇེ་རིང་སོང་ནས་བོད་དང་ཐེ་ཝན་སོགས་ཀྱི་གནད་དོན་ཡང་རང་ཉིད་ཀྱི་ལག་འོག་ཏུ་འཚུད་ཐབས་ལ་རེ་བ་ཆེ་རུ་སོང་ཡོད། ཞི་བའི་དོན་ཚན་ལྔ་ནས་ཀྲུང་གོའི་རྩ་ཁྲིམས་ཁས་ལེན་བྱེད་པའི་འགྱུར་འགྲོས་ཆེན་པོ་དེ་ནི་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས་མཐའ་ལ་བཀའ་བའི་བཙན་མནན་འོག་ནས་འགྲོ་ལམ་མེད་པའི་ཐབས་ལམ་དེ་མ་འཚོལ་དཀའ་མེད་ཆགས་པའི་གནས་ཚུལ་སྐྱོ་པོ་ཞིག་གི་དཔེ་མཚོན་དེ་ཆགས་ཡོད།
རྒྱ་དཀར་ནག་བར་གདོང་ཐུག་དེ་ཇེ་ཉེ་དང་ཛ་དྲགས་པའི་གནས་བབ་དེ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདི་འདྲ་ལ་ཕྱོགས་གཉིས་ཀས་བེད་སྤྱོད་གཏོང་རྒྱུ་གང་ཡོད་ལ་ལག་པ་འཆང་འགོ་བཙུགས་ཡོད་ཅིང་། ཇ་མུ་ཀ་ཤི་མིར་ནི་རྒྱ་ནག་གིས་རང་ལག་གི་དབྱུག་པ་བྱས་ཏེ་རྒྱ་གར་ལ་ཚུལ་རྒོལ་བྱེད་ཆོག་པའི་ལག་ཆ་ཡག་པོ་ཞིག་ཡིན་པས་ཉེ་ཆར་རང་དུ་རྒྱ་ནག་གིས་ཇ་མུ་ཀ་ཤི་མིར་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་སྲིད་པའི་ཉེས་བརྡ་བཏང་བ་བྱུང་ཡོད། དེ་བཞིན་རྒྱ་གར་གྱིས་ཀྱང་༸གོང་ས་མཆོག་མོན་ཡུལ་དུ་ཕེབས་བཅུག་པ་ཙམ་མ་ཟད་ཆིབས་སྒྱུར་དང་མཛད་རིམ་ཁག་དེ་སྔ་བྱུང་མ་མྱོང་བའི་རྒྱ་གར་གྱི་གསར་ཁང་ཁག་གིས་སྦིར་གྲགས་དང་མོན་ཡུལ་ནི་རྒྱ་གར་གྱི་ས་ཁོངས་འཁྲུལ་མེད་ཡིན་ཚུལ་གསལ་པོར་སྟོན་ཐབས་བྱས་ཡོད། སྤང་མགོ་མཚོ་ཁར་བོད་ཀྱི་རྒྱ་དར་སྒྲེངས་བའི་གནས་ཚུལ་དེ་གསར་པ་ཞིག་ནམ་ཡང་མིན་རུང་ད་ལོའི་རྒྱ་དར་སྒྲེངས་འཛུགས་དེ་སྦིར་གྲགས་ཆེན་པོ་བྱུང་བའང་རྒྱ་གར་གྱིས་བེད་སྤྱད་དེ་རྒྱ་ནག་ལ་རྣམ་འགྱུར་སྟོན་པའི་ཆབ་སྲིད་ཀྱི་ཐབས་ཇུས་ཤིག་ལས་བྱུང་བ་ཡིན་པར་གསལ་པོ་རེད། སྐུ་ཞབས་ཀོ་ཤཱེ་ཡཱ་རེས་སྒེར་གྱི་བསམ་ཚུལ་བརྒྱུད་བོད་རང་བཙན་ལ་རྒྱ་སྐྱོར་བྱེད་སྲིད་ཅེས་ཉེན་བརྡ་བཏང་བ་ནི་མ་འོངས་པའི་རྒྱ་གར་གཞུང་གི་ལངས་ཕྱོགས་ཤིག་ལ་མི་འགྱུར་བར་སུས་ཀྱང་བརྗོད་མི་ཐུབ་ལ་ད་ཡོད་ཀྱི་རྒྱ་དཀར་ནག་གི་གནས་ཚུལ་ལ་གཞིགས་ན་རིང་པོ་མི་ཐོགས་པར་རྒྱ་གར་གྱི་བོད་ལ་འཛིན་པའི་གཞུང་སྲིད་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་རྒྱུ་ངེས།
དབུ་མའི་ལམ་ནི་བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐོག་ནས་རྒྱ་ནག་ལ་སྤྲོད་རྒྱུའི་སྲིད་ཇུས་ཞིག་ཆགས་ཡོད་སྟབས་དབུ་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་ངལ་ཡོངས་སུ་སེལ་མཚམས་རྒྱ་ནག་ལ་སྔར་བྱུང་མ་བའི་ས་ཁོངས་བདག་དབང་དང་ཨེ་ཤ་ཡའི་ཆུ་བོ་ཀུན་གྱི་མགོ་ཁུངས་ཡིན་པའི་བོད་ཀྱི་ས་ཆེན་དེ་ཁྲིམས་མཐུན་གྱི་ཐོག་ནས་ཐོབ་བཞིན་ཡོད་སྟབས་འདི་ནིི་རྒྱ་གར་མཚོན་ན་མཐོང་མི་འདོད་པའི་གནས་བབ་ཅིག་ཡིན།
རྒྱ་དཀར་ནག་བར་ཅི་ཙམ་འགལ་ཟླ་ཇེ་ཆེ་འགྲོ་ན་དབུ་མའི་ལམ་ལ་དཀའ་ཁག་འབྱུང་རྒྱུ་གཏན་འཁེལ་ཡིན་ཅིང་། སྟབས་ཉེས་ན་རྒྱ་ནག་ལ་དབུ་ལམ་གྱི་ཐོག་ནས་གྲོས་མོལ་བྱེད་པའི་འགོག་རྐྱེན་བྱེད་མཁན་གཙོ་བོ་རྒྱ་གར་ཆགས་སྲིད་པས་བཙན་བྱོལ་སྒྲིག་འཛུགས་དང་རྒྱ་གར་ནང་གི་བོད་པ་སྐྱབས་བཅོལ་བ་ཚོ་ཕར་ཡང་མི་གློད་ཚུར་ཡང་མི་འཛིན་པའི་དཀའ་ངལ་ཞིག་འོག་ནས་བཀག་སྡོམ་ཆེན་པོ་ཞིག་ཡོང་ཉེན་འདུག སྐབས་དེ་འདྲ་ལ་ནུབ་ཕྱོགས་སུ་འགྲོ་བསམ་ན་འཕུར་མི་བཅུག །སྡོད་ན་བསམ་ན་ད་ཡོད་ཀྱི་ཐོབ་ཐང་ཕྱིར་བསྡུ་དང་དམ་དྲག་ཇེ་ཆེར་གཏོང་ངེས་པས་རང་རེ་སྒྲིག་འཛུགས་དང་མི་མང་གཉིས་ཀ་ཧ་ཅང་དཀའ་ཚེགས་ཤིག་འོག་ཏུ་གནས་རྒྱུ་ངེས་པས། ད་སྐབས་ནས་གནས་ཚུལ་ཇེ་སྡུག་སོང་ན་སྒྲིག་འཛུགས་གནས་ཡུལ་རྒྱ་ཁབ་གསར་པ་ཞིག་ཏུ་སྤོ་ཐབས་ལ་ཞིབ་འཇུག་དང་ཆ་གཞི་སྒྲིག་རྒྱུ་དགོས་ངེས་མཐོང་ལ། རྒྱལ་ཁབ་གསུམ་པ་ཞིག་ཏུ་ཆབ་སྲིད་སྐྱབས་བཅོལ་ལེན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནུབ་ཕྱོགས་སུ་འགྲོ་ཐབས་རྒྱ་ཇེ་ཆེར་དང་གྲངས་ཀ་ཇེ་མང་དུ་གཏོང་ཐུབ་དགོས་པ་སྙམ། ཡང་མིན་ན་ལོ་དུས་ཚད་བཀག་གིས་དབུ་མའི་ལམ་ཕྱིར་བསྡུ་དང་རང་བཙན་ཐོག་ཏུ་བསྐྱར་བགྲོད་བྱེད་རྒྱུ་དེ་གདམ་ཀ་བཟང་ཤོས་སུ་ཡིན་པས་རང་བཙན་ཐོག་ཏུ་བགྲོད་ཐུབ་ན་གནས་ཡུལ་རྒྱ་གར་གྱི་ཆབ་སྲིད་དང་འགལ་ཟླ་མི་ཡོང་བའི་ཐབས་ལམ་ལེགས་པོ་ཞིག་ཆགས་རྒྱུ་རེད། འོན་ཀྱང་རྒྱ་ནག་གི་སྟོབས་ཤུགས་ཇེ་རྒྱས་སུ་འགྲོ་མུར་དེར་རང་བཙན་འཐབ་རྩོད་ཀྱི་ལམ་དུ་བསྐྱོད་ན་ཕྱོགས་གང་ཐད་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ངེས་པས་ལྐུག་པའི་ཨུ་ཚུགས་འདྲ་མ་བྱེད་ན་ནི་ཆེས་ལེགས་པའི་ཐབས་ལམ་ཞིག་རྙེད་དུ་མེད་ཚོད་རེད། དེས་ན་ཐབས་ལམ་བཟང་ཤོས་དེ་ཁྱེད་ཀྱིས་ལྟ་ན་ཅི་འདྲ་ཞིག་དགོས་སམ།
2017/7/18
ད་གཞི་ནས་རྒྱ་གར་གཉིད་སད་བཞིན་པ། tibatti ajadi bharat ki raschha.
་
https://www.facebook.com/nyima.tsering.35?hc_ref=ARTDCPTJIMe-taefnOBmFqDMEW5R_458exANoZ8xBx8SpVpEYH5J69wEbRRoyy53jp4
བོད་ས་ཆེན་པོ་འདི། ཆ་ཤས་ཤིག ཨིན་ཇིའི་རྒྱ་གར་ལ་ཤོར་བ་དང་། འབྲུག་བར་ལ་ཕར་ཐོན་པ་དང་། བལ་པོས་ཡུལ་ལུང་འགའ་ཟིན་ཟིན་པའི་ཐོག་ལ། ལྷག་མ་ཡོངས་རྗོགས་༡༩༥༡ལོར་ཡིག་ནས་བཟས་པ་དང་། ༥༩འི་ལོར་བཙན་དམག་གིས་བཙན་བཟས་བྱས་པ་རེ་སྙམ་མོ།།
རྒྱ་དགར་ནག་གདོང་ཐུག་འོག་ལ། རྒྱ་གར་མི་སེར་གྱི་བོད་རིགས་ཚོས། དབུ་མའི་ལམ་ལ། རྒྱ་ནག་གི་ཁས་མ་བླངས་བར། རྒྱ་ནག་ཁོངས་སུ་འགྲོ་བགྱི་མིན་ཞེས་མི་མངས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཞིག་ལྷག་འདུག་སྙམ་ལགས།།
ད་རེ་གནས་དོན་འདི་ཡི་འོག་ནས་རང་བཙན་འཐབ་རྩོད་པ་རྣམས་དཀར་པོ་ཆགས་པའི་རེ་བ་འདུག
གལ་སྲིད་བོད་རྒྱ་ནག་གི་ཆ་ཤས་ལབ་ཡིན་ན། སྟོད་མངའ་རིས་ལ་དྭགས་དང་། གར་ཞྭ་དང་སྤི་ཏི། འབྲུག་དང་འབྲས་ལྗོངས། ཤར་མོན་རྟ་དབང་དང་། བལ་ཁོངས་ཀྱི་ཤར་པ། མུ་ཁུམ། རྟ་མངས། སྙེ་ཤངས། གློ་ཆུ་མིག་བརྒྱ་རྩ་སོགས་ཡུལ་ལུང་ནང་གི་བོད་སྐད་རྒྱག་མཁན་དང་། བོད་ཆོས་བྱེད་མཁན་ཡོངས་རྗོགས་རྒྱ་ནག་ཁུངས་གཏོགས་རེད་ལབ་པ་དང་གཅིག་པ་རེད་དོ།།
བོད་ཀྱི་ས་སྦྲེལ་ཁྱིམ་མཚེས་རྒྱ་དཀར་ནག་གཉིས་བར་ཚོང་འབྲེལ་དང་ཆབ་སྲིད་ཤེས་རིག་དང་འཁོར་ཡུག་སོགས་ལ་འབྲེལ་ལམ་བརྟན་པོ་ཡོད་ན་ཡང་བོད་ཀྱི་ས་ཆའི་བདག་དབང་ལ་རྒྱ་དཀར་ནག་ཁ་རྩོད་དང་ཚིག་རྩོད་ཧམ་རྩོད་འོག་ནས་དམག་སྒྲ་བྱེད་བཞིན་པ་ནི་ཆབ་སྲིད་ཀྱིས་རྒྱབ་བསྟེན་ཚོལ་བའི་ཐབས་ལམ་ཞིག་མ་རེད་དམ་།
ངའི་མ་འོངས་སྔོན་དཔག་གི་སྐད་ཆ་བཅུ་གྲངས་ཤིག་བཤད་ཡོད་པ་རེ་རེ་བྱས་ནས་བྱུང་སོང་།(བོད་རྒྱའི་འབྲེལ་མོལ། ཀརྨ་པ། སྲིད་སྐྱོང་སུ་ཐོབ། བླ་རུང་གཏོར་བཞིག འབྲུག་མཐའི་དམག་འཁྲུག སོགས) འོན་ཀྱང་ཤོག་བའི་སྟེང་ནས་རྩོད་པ་བྱེད་མཁན་དང་། རང་མདུན་ལས་མི་མཐོང་མཁན་རྣམས་ཀྱིས་ད་དུང་ཨུ་ཚུགས་བྱེད་སྲིད། རྒྱ་དཀར་ནག་གི་རྩོད་པ་འདི་ལོ་མཇུག་ཙམ་ནས་ཞི་འགྲོ་རྒྱུ་རེད། སྤྱིར་གཉིས་ཀར་དམག་རྒྱག་འདོད་གཏན་ནས་མེད་པས་སོ། ། གལ་ཏེ་དམག་འཁྲུགས་བྱུང་བ་ཡིན་ན་འབྲུག་ཡུལ་ཉེན་ཀ་ཆེ་ཤོས་རེད། རྒྱ་ནག་གི་ཞིབ་འཇུག་པ་འགའ་རེས་འདོད་པ་ལྟར་ན་རྒྱ་ནག་མི་རིགས་འབུམ་གཉིས་འབྲུག་ལ་སྡོད་རྒྱུ་བྱུང་ན་དམག་འཁྲུགས་མེད་པར་དབང་བསྒྱུར་ཐུབ་པ་རེད། འབྲུག་བོད་ལྷོ་བ་ཡིན་པའི་ལོ་རྒྱུས་རྒྱ་ནག་གིས་ནམ་ཡང་བརྗེད་མེད། ལྷོ་བའི་ས་ཁུལ་གཅིག་སྡུད་དགོས་པ་རྒྱ་ནག་དཔོན་རིགས་ཀྱི་ལས་འགན་གལ་ཆེན་ཞིག་རེད། དེའི་ཆེད་དུ་ཡུལ་སྐོར། ཚོང་ལས། གཉེན་སྒྲིགས། འཛུག་བསྐྲུན་བཅས་ལ་བསྐུལ་སློང་ཡོད་པ་རེད། སེམས་ལ་མ་འཁོར་པའི་གནས་ཚུལ་ཞིག་ནི་རྒྱ་གར་གྱིས་སྔོན་རྟོགས་ཀྱིས་རྒྱལ་མཚམས་བརྒལ་བའི་དམག་མི་བཏང་རྗེས་གཞི་ནས་འབྲུག་གི་གནས་ཚུལ་དེ་ཧ་གོ་བརེད། དམག་འཁྲུགས་ཉེན་ཁའི་གནས་ཚུལ་བྱུང་རྐྱེན། ༡༽རྒྱ་ནག་གཙོ་བོ་ཞི་ཅིན་པིན་གྱིས་རྒྱ་ནག་ནང་ཁུལ་སྲ་བརྟན་དང་རང་གི་གོ་གནས་རྒྱུན་འཁྱོང་ཡོང་བའི་ཐབས་ལམ་ཞིག ༢༽རྒྱ་གར་སྲིད་འཛིན་གྱིས་རྒྱ་གར་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཡིན་པའི་དམག་ངོམ་ཞིག། ༣༽འབྲུག་ཡུལ་དུ་ལམ་བཟོ་སྟེ་འབྲུག་ཤོར་བ་ཡིན་ན་རྒྱ་གར་ལ་ཉེན་ཁ་ཡོད་པའི་སྔོན་འགོག་ཞིག །༤༽ཐེངས་གཉིས་ལ་རྒྱ་གར་གྱི་དམག་ཕམ་པས་འཁོན་ལན་སློང་བའི་རྔམ་སྟོན་ཞིག །གང་ལྟར་ཡང་དམག་འཁྲུགས་མེད་པར་ཞི་བདེ་ཡོང་བར་སྨོན། ཞི་བདེ་ཡོང་བར་ཤོག ཞི་བདེ་ཡོང་བར་ཤོག །
རྒྱ་གར་གྱི་བདེ་སྲུང་ཟུར་བ། རྒྱལ་སྤྱིའི་འབྲེལ་མཐུད་པ་སོགས་ཀྱིས་བོད་དོན་ཡང་གླེང་ཡོང་གི་འདུག །བཙན་བྱོལ་བོད་གཞུང་ཟེར་མི་ཆོག་ཟེར་མཁན་རྒྱ་གར་མིན་ཚུལ་གསལ་བོ་བྱུང་ན། བོད་མིའི་དབུ་ཁྲིད་རྣམས་ཀྱིས་བོད་རིགས་ལ་ཅི་ལྟར་འགྲེལ་བཤད་བྱེད། རྒྱ་ནག་རེད་ཅེས་ཁས་ལེན་དགོས་པ་མིན་ནམ། དེ་ལྟར་ཁས་བླང་ན་སྔོན་ངས་བཤད་པའི་ལོ་རྒྱུས་ཤིག་ཀྱང་ཁས་རང་བཞིན་གྱིས་ལེན་དགོས་པར་འགྱུར། །
རྒྱ་གར་གའར་འགྱུར་གསར་པས་་་་་
https://www.facebook.com/tenzin.tharchen/videos/pcb.10213394680599350/10213394597117263/?type=3&theater
བོད་མིའི་བསྒྲིག་འཛུགས་ཀྱི་ངོས་ནས་ཅང་ཞུ་ན་མ་ནུས་ན། སྤྱི་མཐུས་ཚོས་ཀྲུང་གོར་ཁ་བརྡུངས་ཤུགས་དྲག་བཏང་བའི་དུས་ལ་བབ་ཡོད། རྒྱ་ནག་ལ་རྒྱ་གར་དང་འདྲ་མཉམ་ཐོག་ས་མཚམས་གླེང་བའི་ཐོབ་ཐང་གཅིག་ཀྱང་མེད་པ་ས་བསྒྲག་གནམ་བསྒྲགས་བྱེད་དགོས་ཀྱི་རེད་གདའ།
རྒྱ་ནག་རྒྱ་གར་གྱི་འགྲམ་ལ་སླེབས་ནས་ལོ་དྲུག་ཅུ་ལས་འགོར་མེད་པས་དམའ་འབོད་དང་ཁ་བརྡུང་ལ་འཇིགས་པའི་གནོངས་ཆེན་པོ་ཡོད་རེད། ང་ཚོས་བོད་མིའི་མངོན་འདོད་བསྒྲུབ་ན་ཀྲུང་གོ་མཉམ་དུ་མ་འོངས་པར་བསྡད་ཆོག་ལབ་པ་མ་གཏོགས། འདས་པའི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པས་དགེ་སློང་གི་ལྕེ་ཡིས་རྫུན་བཤད་མི་ཆོག་པ་དབུ་མའི་ལམ་གྱི་གཞུང་ཐིག་གི་ཐིག་མཚམས་ཡིན་པ།
་་་་་་་ ང་ཚོས་བོད་མིའི་མངོན་འདོད་བསྒྲུབ་ན་ཀྲུང་གོ་མཉམ་དུ་མ་འོངས་པར་བསྡད་ཆོག་ལབ་པ་མ་གཏོགས། འདས་པའི་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པས་་་་་་་་་་་་་
རྒྱ་གར་གྱི་བཀག་འགོག་མེད་ན་འབྲུག་གིས་རྒྱ་ནག་དང་ས་མཚམས་རྩོད་རྙོག་སེལ་ཐུབ།
http://tibettimes.net/2017/07/23/161201/
རྒྱ་ནག་གི་མཁས་པ་མང་པོའི་འདོད་པ་ནི། འབྲུག་དང་རྒྱ་ནག་ལ་རྩོད་པ་བྱུང་དོན་མེད། མཐའ་མཚམས་བོད་ལྷོ་བརྒྱུད་ཀྱི་ཁོངས་སུ་གཏོགས་པར་ཁས་བླང་ན། འབྲུག་ལ་ཁེ་ཕན་ཆེ་ཞིང་། དཔལ་འབྱོར་ཡར་རྒྱས་འགྲོ་བར་ཕན་པ་ལས་གནོད་པ་མེད། འབྲུག་གི་བློ་གཏད་ས་རྒྱ་ནག་བྱས་ན་ནོར་མེད། འཚོ་བ། རིག་གཞུང་། ས་ཕྱོགས་གནས་བབ་གང་གི་ཆ་ནས་ཀྱང་ཀྲུང་གོའི་བོད་རིགས་དང་གཉིས་སུ་མེད། རྒྱ་གར་དང་ཁྱད་པར་ཆེ། ཀྲུང་འབྲུག་གི་གནད་དོན་འདི་རྒྱ་གར་གྱིས་བསམ་བཞིན་བསླང་བ་ཞིག་རེད། །འབྲུག་རང་གི་འདོད་པ་གཏན་ནས་མ་རེད་ཟེར།
ད་འོ་ན། གངས་ཅན་པའམ། བོད་འདོད་མའི་མི་རིགས་ཟེར་ནས། ཨ་ཤི་ཆ་དཀྱིལ་མའི་རྒྱལ་ཁབ་གསར་པ་ཞིག་འཛུགས་བསྐྲུན་བྱེད་ཐུབ་ན། བོད་ཡིག བོད་ཆོས། བོད་སྐད་དང་མི་རིགས་མ་ཉམས་པ་ལ་ཕན་ཐོགས་པར་ངེས་པར་འདུག་ཀྱང་། ག་དུས་མཁ་མཐུན་པའི་དུས་ཤིག་ཤར་འོངས། ཧཧ།།
རྒྱ་ནག་གི་མཁས་པ་རྣམས་ཟེར་ན་ད་ལྟའི་ཀྲུང་གོའི་མཁས་པ་དེ་ཚོ་རེད།
དེ་ཚོ་ནི་གོན་ཏང་སྲིད་གཞུང་གི་རྔོན་ཁྱི་དང་འདྲ་བས་བསམ་ཚུལ་ཡང་གོན་ཏང་སྲིད་གཞུང་གི་འཛུབ་རྩེ་ནས་སྐྱེད་ཡོང་གི་རེད། འབྲུག་པའི་མི་སེར་ཚོས་རྒྱ་ནག་གི་ཅ་དངོས་ལ་རྣམ་རྟོག་ཟ་བས་ནང་འདྲེན་བྱེད་ཀྱི་མེད། རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་བདེ་སྲུང་ཆེད་རེད། རྒྱ་ནག་ནི་འདོད་སྲེད་ལ་ཚོད་འཛིན་དཀའ་བའི་བཙན་གཡེམ་པ་ཡིན་པར་དོགས་ནས། ཕོ་རྒོད་མོར་རྡི་སྲིད་བློན་དུ་བཞེངས་མ་ཐག་ཏུ་འབྲུག་རྒྱལ་ཁབ་ཏུ་གདན་ཞུའི་སྐུ་མགྲོན་དང་པོར་ཕེབས་གནང་བ་རེད། འབྲུག་མི་མང་གིས་ཕེབས་བསུ་ཚད་མེད་གནང་སོང་། ཁྱིམ་མཚེར་སྲུང་སྐྱོབས་བྱེད་པ་ནི་རྒྱ་གར་གཞུང་ཙམ་མ་ཟད། ཕལ་བའི་མི་ཚང་དང་གྲོང་ཁྱིམ་མཚེ་ནས་གོམས་ལོབས་ཀྱི་འགྲོ་སྟངས་ཙམ་རེད། རྒྱ་གར་ལ་དམིགས་བསལ་གྱི་ཉམས་མྱོང་གཅིག་ཡོད། བོད་ས་ཤོར་དུས་སུ་རང་བཙན་ཐོབ་ནས་མ་འགོར་བས་དམག་ཤུགས་ཀྱིས་མ་ལྡང་བར་བོད་སྐྱོབས་པའི་ནུས་པ་མེད་པར་ཤོར་བའི་ཕངས་སེམས་ཚ་བོ་ཚ་བོ་ཉར་ཡོད། འབྲུག་གིས་རྣམ་རྟོག་ཟ་སའི་རྒྱ་ནག་དང་རྒྱ་ནག་གི་མཁས་པས་རྟོག་ཞིབ་མེད་པར་གུང་ཁྲན་གྱི་འཛུབ་མོར་བལྟ་བཞིན་གསར་འགྱུར་ཉན་བཞིན་བོད་རིགས་མེར་བསྲེགས་ལྟ་བུ་རྨོངས་དད་ཆོ་ག་ལྟ་བུར་མཐོང་སྲིད། ཉེ་ཆར་གྱི་གྲགས་ཅན་ལོའུ་ཞ་པའོ་ཡང་གོན་ཏང་གི་རྔོན་ཁྱིའི་ལས་ཀ་ཕྱེད་མཚམས་བཞག་པ་ཙམ་རེད།
འབྲུག་དང་། རྒྱ་གར། རྒྱ་ནག པཀིསྟན་དང་སོག་ཡུལ་སོགས་ལ་བོད་མིའམ། བོད་རིགས་ཐོར་སྡོད་མཁན་ཚང་མ་གཅིག་འགྱུར་གྱི་རང་བཙན་གཙང་མའི་རྒྱལ་ཁབ་གསར་པ་ཞིག་འཛུགས་ཐུབ་ན་ཅི་མ་རུང་།
སོག་རིགས་རྒྱལ་ཁབ་གསུམ་དུ་ཁ་ཐོར་བ་ལྟར། བོད་མི་རིགས་ནི། རྒྱལ་ཁབ་གསུམ་ལས་མང་བར་ཁ་ཐོར་ནས་བསྡད་མི་འདུག་གམ། ལགས།
ང་ཚོ་ཚང་མ་ཆོས་དང་རིགས་གཞུང་མཉམ་སྐྱོད་བྱས་པ་ལྟར། ས་མཚམས་ཀྱང་གཅིག་གི་ནང་ལ་འཛིན་སྐྱོང་ཐུབ་ན་ཅི་མ་རུང་ཨ། འདི་ན་ངའི་ཉི་མོའི་རྨི་ལམ་དེའོ།།
དམག་ཤུགས་ཀྱིས་བཙན་གནོན་དེ་རྒྱུན་ཡུན་སྲིང་མི་ཐུབ་པ་མ་ཟད། དིང་སང་མི་རིགས་མི་མངས་རང་རང་སོ་སོས་བློ་ཐག་བཅད་ནས་རང་བཙན་དགོས་པའི་ཐ་ཚིག་འབོད་སྒྲས། རང་བཙན་ལོན་མི་ཐུབ་པ་ཞིག་མ་རེད་སྙམ་ཡང་་་་་་་
མཆོག་ཏུ་བཀུར་འོས་ཟམ་གདོང་རིན་པོ་ཆེས་བོད་ཡིག་གི་ཁྱབ་ཁུངས་ཀྱི་ས་དང་། བོད་སྐད་ཀྱི་ཁྱབ་ཁུངས་ས་ཁུལ་ཅེས་གཏམ་བཤད་གནང་གི་འདུག
རྒྱ་ནག་མིག་འོག་གི་བོད་ནང་གི་རིགས་གནས་མཁས་དབང་ཚོས་བོད་སྐད་བརྒྱ་ཆ་བརྒྱ་སྤྱོད་མཁན་ནས། བདུན་ཅུ། ལྔ་བཅུ། བོད་སྐད་བརྒྱ་ཆ་བཞི་བཅུ། སུམ་ཅུ་བར་བེད་སྤྱོད་གནང་མཁན་གྱི་ཐ་སྙད་བེད་སྤྱོད་གནང་གི་འདུག
དེ་ལྟར་ན་༧གོང་ས་མཆོག་ལྟ་བུ་འཇིག་རྟེན་སྤྱི་ཡོངས་ལ་གཟིགས་རྟོག་གནང་ནུས་པའི་སྐྱེས་བུ་ཟམ་མ་ཆད་པར་འབྱོན་བསྡད་པ་དང་། སྤྱི་ཡོངས་ལ་སེམས་ཚོར་ཡོད་པའི་སྙན་དངགས་པ། རིག་གནས་པ། སྒང་བ་སྤྱི་ཡོངས་ཀྱི་དགྲ་བོར་འགོག་རྒོལ་ནུས་པའི་དམག་སྤྱི་ཆེན་མོ་སོགས། སྐྱེས་བུ་དམ་པ་མུ་མཐུད་ནས་འབྱུང་བསྡད་ན་ང་ཚོ་ཅི་ཙམ་གྱིས་འདུ་འཛོམ་མང་བ་དང་། ཅི་ཙམ་ཀྱིས་སྐད་ཡིག འཚོ་བའི་གོམས་སྲོལ། བལ་སྣམ་གྱི་གྱོན་གོས་འདྲ་མིན་བཟོ་བའི་ལག་རྩལ། རྩམ་པ་དང་མར་ཕྱུར་བཀོལ་སྤྱོད་དང་། དྲང་རེག་ལ་བཟོད་བསྲན་ཆེན་པོས་མཁའ་དབུགས་གཙང་བའི་གནས་རྣམས་བསྲུང་ཞིང་འཚོ་བའི་ཐབས་དང་། ད་དུང་མིའི་ཁྲག་ནང་གནས་པའི་དྲང་རེག་ལ་གདོང་ཐུག་ནུས་པའི་ཁམས་དཀར་གྱི་ཕྲ་ཕུང་འགའ་ཡང་མཐོ་སྒང་གི་བོད་རིགས་ཚོ་ཁོ་ནར་མཆིས་པས་ང་ཚོ་ནི་ས་མཐོ་ས་དང་ཆུ་གཙང་སར་འདུ་འཛོམ་མཉམ་འདུས་བྱེད་དགོས་པའི་སྲོག་ཆགས་རིགས་གཅིག་པུ་དེ་ཡིན།
གཅིག་བྱས་ན་གཟིགས་རྒྱང་རིང་བའི་ཆོས་རྒྱལ་མེས་དཔོན་ཚོས་ལོ་ངོ་ཆིག་སྟོང་གི་སྔོན་དུ་དགོངས་ཟིན་པ་ཤ་སྟག་ཡིན་བགྱི་རེད་ཨ།
Unite state of Tibet = བོད་རིགས་སྤྱི་མཐུན་རྒྱལ་ཁབ།
བོད་རིགས་ཚོས། Asian Union འཛུགས་ཐབས་ལ་འབད་དགོས། དེ་མ་བྱུང་བར་ལ། Unite state of Tibet = བོད་རིགས་སྤྱི་མཐུན་རྒྱལ་ཁབ། ཅིག་ལ་རེ་བ་མ་རྒྱག་རང་རྒྱག་ཆགས་མི་འདུག་གམ། ལགས།
Unite state of Tibet = བོད་རིགས་སྤྱི་མཐུན་རྒྱལ་ཁབ། དེ་ཆོས་དད་དང་། རིགས་གཞུང་གི་ས་མཚམས་ཀྱིས། གོ་ལའི་ས་མཚམས་རང་བཞིན་འོངས་ཐུབ་སྙམ་ཡང་་་་་་་་ ངའི་ཉིན་མོའི་གཉིད་ལམ་བཟང་པོ་འདི། ཧ་ཧ།། ཧོ་ཧོ།། །།
རྒྱ་ནག་ལ་དམག་སྟོབས་ཆེ་བས། རྒྱ་གར་གྱི་དམག་ཕམ་ནས། སྲིད་འཛིན་ནེ་རུ་ངུ་ཤོར་བའི་ལོ་རྒྱུས། དམག་འདི་འདྲ་བརྒྱབ་ན་རྒྱ་གར་ལ་ཕམ་ཉེས་ལས་ལམ་ཁ་གཞན་རྙེད་དཀའ། འདི་མནན་ན་དངོས་བྱུང་གནས་ཚུལ་མཐོང་ཐུབ། 纪录片1962中印边境风云ཞིབ་མོར་བལྟས་ན་རྒྱ་གར་ལ་དམག་ཤུགས་ཡོད་པ་ལས། དམག་འཇུས་གཏན་ནས་མི་ཤེས་པར་སྣང་། ཉི་ཧོང་གིས་རྒྱ་ནག་ཕམ་ཐུབ་དོན་ཁོང་ཚོ་རྒྱ་ནག་གི་དམག་འཇུས་ལ་རྒྱུས་ཆེ་ཞིང་། རང་ལུགས་ཉམས་མྱོང་གི་དམག་འཇུས་ཡག་པོ་ཡོད་པས་ཡིན། ད་དུང་ཉི་ཧོང་ལ་ཀླད་པ་མ་གཡར་ན། ཨ་རི་དང་རྒྱ་གར་གཉིས་ཀྱིས་རྒྱ་ནག་ཐུབ་དཀའ་བར་འདུག །དཀོན་མཆོག་གི་ཐུགས་རྗེས་དམག་འཁྲུགས་མེད་པར་ཞི་བདེ་ཡོང་བར་སྨོན། །
United state of Tibet = བོད་རིགས་སྤྱི་མཐུན་རྒྱལ་ཁབ། ལ་བཅོས།
བོད་རིགས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཁག་པོ་རེད། འབྲུག་ལ་སོགས་པ་འདི་དག་བོད་བཙན་པོའི་དེང་རབས་མ་གཏོགས་ས་སྐྱའི་སྲིད་གཞུང་ནས་དགའ་ལྡན་ཕོ་བྲང་བར་སྲིད་འཛིན་རིམ་པའི་སྐབས་མངའ་འོག་ཏུ་ཆུབ་མེད་ལ་དེའི་རྗེས་སུ་ལྟ་ཅི་སྨོས། དེས་ན་དོན་མེད་ཀྱི་ངལ་བ་འདི་གཡུག་ནས་རྒྱ་དམར་སྲིད་གཞུང་གི་འོག་ཏུ་བཙན་གྱིས་བཅུག་ཡོད་པའི་བོད་པ་ཡོངས་རྫོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་ཞི་དྲག་གཉིས་ཀའི་སྒོ་ནས་རྒྱ་ནག་ལ་འཐབ་རྩོད་དང་རྒྱ་གར་ལ་རྒྱབ་བསྐྱོར་བྱེད་དགོས།
བཙན་གྱིས་ བཅུག་ ཅེས་པ་ འདི། མི་བདེན་ ཡང་། ཁྱེད་རང་གི བསམ་ཚུལ་བཤད་པ་ ཙམ་ལ་ ཡི་རང་ ཡོད་དོ།།
གལ་སྲིད་དམག་ཅིག་བརྒྱབ་འགྱུར་ན།
་
རྒྱ་དཀར་ནག་གི་དམག་ཅིག་བརྒྱབས་ན། །
བོད་འཕྲོག་རེས་ཀྱིས་དགའ་སྣང་ཡོད་མདོག་གིས། །
ས་རྩོད་རྙོག་གི་དམག་འོག་མི་དཀྱུས་དང་། །
བོད་ཕྱི་ནང་གི་དམག་མི་ཇི་ཙམ་འཆི།།
་
དཀར་ནག་གཉིས་ཕུང་བོད་ཕུང་རེད།
རྒྱ་དམར་གྱིས་བོད་དབང་དུ་སྡུད་བར་ཐབས་ཤེས་སྣ་ཚོགས་བྱས་ཡོད་ཀྱང་། མཐར་དྲག་དམག་གིས་སྦྱོར་བས་ཡ་ལན་བྱེད་མི་རྣམས་གསད་རྡུང་། བཙན་འཇུག མཐར་སྤྲོད་སོགས་བྱས་ཏེ་ད་ལྟའི་བོད་ཀྱི་གནས་སྟངས་ངན་པ་འདི་བྱུང་བ་རེད། བྱེད་སྟངས་ངན་པ་འདི་ལ་འཛམ་གླིང་རྒྱལ་སྤྱིའི་དེབ་ཐེལ་ནང་དུ་བཙན་ཀྱིས་དབང་འོག་ཏུ་བཅུག་པ་ཟེར།
རྣམ་རྒྱལ་གྱི་བཤད་པ་ལྟར། རྒྱ་དམར་གྱིས་བོད་དབང་དུ་སྡུད་བར་ཐབས་ཤེས་སྣ་ཚོགས་བྱས་ཡོད་པ་རེད། བོད་ཀྱིས་ལས་དབང་ལྡོག་ཏུ་མེད་པས་དེ་དག་ཤེས་ཐུབ་ཡོད་པ་མ་རེད། དཔེར་ན། མོའུ་ཙེ་ཏུང་གིས་བོད་ཀྱི་རྒོལ་བ་བྱུང་ན་དང་པོ་ཁོ་རང་ཚོ་ལ་ཅུང་ཟད་རྒྱལ་ཁ་ཐོབ་འཇུག་དགོས། དེ་ནས་ཁོ་རང་ཚོའི་ངན་རྟགས་བསྟན་ཡོང་ལ། ང་ཚོས་བཅིང་གྲོལ་བྱེད་པའི་དུས་ཚོད་སྔ་ནུར་བྱེད་ཆོག་བྱས་ཡོད། དོན་ཚན་བདུ་བདུན་ལ་མིང་རྟགས་བཀོད་རྗེས། རྒྱ་ནག་ཆེས་སྐྲགས་ས་དེ་གོ་སྐབས་དེ་བེད་སྤྱད་ནས་བོད་ཆིག་སྒྲིལ་དང་། ཕྱི་ལོག་ནས་དམག་རོགས་ཡོང་རྒྱུ་དེ་རེད། དེ་མི་བྱུང་ཆེད་བོད་ནང་ནས་ཡར་ལང་བྱེད་བཅུག་ན། དོན་ཚན་བཅུ་བདུན་ཐོག་མར་རྩིས་མེད་བྱེད་མཁན་བོད་པ་ཆགས་རྒྱུ་དང་། ནང་ཁུལ་བདེ་འཇག་གི་ཆེད་དུ་དམག་སྣོན་མ་ཡོང་རྒྱུ་དེ་རེད། དམག་དཔོན་张国华,高峰,李井泉སོགས་ཀྱི་ལོ་རྒྱུས་ལ་བལྟས་ན་དམག་འཇུས་ཅི་བཏང་གསལ་བོར་ཤེས་ཐུབ། སྐབས་དེའི་བོད་ཀྱི་མི་ཆེན་ཁྲོད་རྒྱ་ནག་གི་དམག་འཇུས་ཤེས་མཁན་གཅིག་ཀྱང་བྱུང་མི་འདུག་ལ། ད་ལྟ་ཡང་བོད་ཀྱི་མི་ཆེན་ཚོའི་རྒྱབ་ཤ་དཀར་པོའི་དེབ་རེ་ཀླགས། ཚག་པར་རེར་བལྟས། ཨ་རི་དང་རྒྱ་གར་གྱིས་རང་ལྟ་མཆོག་འཛིན་གྱི་བཤད་སྟངས་ལ་ཉན་ནས། རྒྱ་ནག་གི་འཇུས་ལ་རྒྱུས་གཏན་ནས་མེད་པའི་ཁ་ཕོ་འཐེན་ནས་སྡོད་རྒྱུ་ཙམ་རེད། །
དྲི་མེད་ལྷག་བསམ་ལགས་ནི་ཁ་བརྡ་མང་ལ་འཚམ་རེ་གནད་ལ་ཁེལ་བ་བཤད་གནང་མཁན་གཅིག་རེད། དུས་ཚོད་བྱུང་ན་རྒྱ་ནག་གི་དཔག་དཔོན་ཚོ་བོད་ཡུལ་དུ་སྤྱོད་པའི་ཟིན་ཐོ་དང་། བསྐྱོད་ནས་མུ་མཐུད་ནས་བོད་ཡུལ་དུ་བསྡད་མིན། རྒྱ་ནག་དང་བོད་ཡུལ་དུ་བོད་བླངས་པའི་ངོ་སོའི་གནས་བབས་ཡོད་མིན། རང་ལྟ་མཆོག་འཛིན་དེ་ཚོས་བོད་གོམས་གཤིས་དང་རིག་གཞུང་ལ་མཐོང་ཆུང་བྱ་སྟངས་སོགས་མུ་མཐུད་ནས་ཁ་བརྡ་ལྷོད་རོགས། མ་བྱུང་ན་ཁོ་ཚོ་དང་ད་བུ་རབས་ཚ་རྒྱུད་ཚོས་མུ་མཐུད་ནས་བོད་དོན་ཐོག་སྡིག་ལག་འཆང་གི་ཡོད་མེད་གསལ་བའི་དེབ་འགའ་ངོ་སྤྲོད་གནང་རོགས།
རྒྱ་གར་གྱིས་བོད་པར་ཁོང་ཚོར་རོགས་རམ་བྱེད་ཀྱི་མི་འདུག་ཟེར། དེ་ནི་བདེན་པ་མ་རེད། བོད་པས་རྒྱ་གར་ལ་རོགས་པ་བྱས་པ་གཞན་སུས་ཞིག་གིས་ཀྱང་དེ་ལྟར་རོགས་པ་བྱས་མྱོང་མེད། སྲོང་བཙན་སྒམ་པོ་དུས་རབས་བདུན་པ་བརྒྱད་པ་ཙམ་ནས་ད་བར་དུ་བོད་པས་རྒྱ་གར་ལ་རོགས་པ་བྱས་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་རྒྱ་གར་གྱི་ཡིན་ལབ་ནས་རྒྱ་གར་འདི་ཆོས་རིག་གིས་ཕྱུག་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་དང། མ་ཟད་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཡང་རྒྱ་གར་ནས་ཡིན་ཟེར། དེ་ལས་ཀྱང་གནད་ཆེ་བ་བོད་ཀྱི་ཡི་གེ་ཡང་རྒྱ་གར་གྱི་ཡིན་ལབ་ཡོད། བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན་ལབ་ཡོད། དེ་ལས་ལྷག་པ་ཞིག་རོགས་རམ་བྱེད་རྒྱུ་ཞིག་ལྷག་འདུག་གམ། དེར་མ་ཟད་ཉེ་བའི་དུས་ལའང་ཟམ་གདོང་བླ་མས་ཨ་རུ་ན་ཅལ་ཀྱང་རྒྱ་གར་གྱིས་ཡིན་རབས་ཚིག་ཐག་ཆོད་པོས་བཤད་ཁོང་བཀའ་བློན་ཡིན་པའི་སྐབས་རེད། དེ་ནས་བོད་པས་དེང་འཛམ་གླིང་དུ་ངོམ་རིན་ཆོག་པའི་བོད་སྨན་འདི་ཡང་རྒྱ་གར་གྱི་ཡིན་ལབ་ཡོད། ད་ལྟ་རྒྱ་དཀར་ནག་གཉིས་བོད་སྨན་སུ་ལ་བདག་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་དེབ་བསྐྱེལ་གྱིས་འགྲན་བསྡུར་བྱེད་ཀྱིན་ཡོད། ལྷག་པར་དུ་ཉེ་བའི་འཆར་ནས་བཟུང་༧གོང་ས་མཆོག་ནས་ང་ཡི་སེམས་རྒྱུད་ཐམས་ཅད་རྒྱ་གར་ཡིན། ང་ཡི་ལུས་པོ་འདི་བོད་པ་ཙམ་ལས་དེ་མིན་ཐམས་ཅད་རྒྱ་གར་གྱི་ཡིན་གསུངས་ཡོད། མ་ཟད་༧ གོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་བོད་པ་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན་ཞེས་དྲིལ་བསྒྲགས་ཡང་ཡང་གནང་གི་ཡོད། རྒྱ་གར་གྱི་ཆོས་རིག་དཔལ་ཡོན་འཛམ་གླིང་ལ་དྲིལ་བསྒྲགས་གོང་ས་ལས་གཞན་མེད། ད་བྱེད་དུས་བོད་པས་རང་གི་ཕྱི་ཡི་ཁོར་ཡུག་ཐམས་ཅད་རྒྱ་ནག་ལ་ཤོར། ནང་གི་ཆོས་རིག་དཔལ་ཡོན་ཐམས་ཅད་རྒྱ་གར་ལ་རྩིས་འབུལ་ཞུས། ད་བཤད་རྒྱུ་ཅི་ལྷག་ཡོད་པ་མ་རེད་བསམ། དོན་ངོ་མ་བྱས་ན་ཧི་མ་ལའི་རི་བརྒྱུད་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་སའི་ཡུལ་ལུང་ཐམས་ཅད་བོད་པས་རེད། ཡིན་ནའང་བོད་པས་རང་རང་གི་ཆོས་རྒྱུད་དར་སྤེལ་བྱེད་རྒྱུའི་ཆེད་དུ་རང་གི་ཡུལ་ལུང་ཁ་འཐོར་དགུ་འཐོར་བཏང་བ་རེད། དེ་ཚོ་རྒྱ་ནག་ལ་ངན་ཁག་དཀྲི་རྒྱུ་མེད། ངས་སྐད་ཆ་བདེན་པ་བཤད་ཡོད་ཁྱེད་ཚོ་འདུ་ཤེས་གསུམ་པ་ཅན་ཅིག་ཡོད་ན་དཔྱོད་དང་བསམ་ཤེས་བྱེད་ཐུབ།
སྔོན་མར་གནམ་ལོ་ཡག་ཟེར་བའི་རྒྱ་ནག་ཞིབ་འཇུག་གི་མིང་འཁུར་མཁན་གཅིག་ཡོད། དོན་དངོས་ཐོགས་བོད་ཀྱི་མི་དྲག་ཚོའི་སྤྱན་ཤེལ་གྱི་མདོག་དང་འགྲོ་སྟངས་ལ་རྒྱུན་དུ་དཔྱད་ཞིབ་ཡོད་རེད། ཁོང་ལ་རྒྱ་ནག་གི་ཚགས་པར་སྟེང་གི་སྦོམ་བཤད་མ་ཡིན་པར་རྒྱ་མི་བསྡིག་ལག་ཅན་ཚོའི་གནས་བབ་སྐོར་ཞིབ་འཇུག་རྩོམ་སྐུལ་ཙམ་ཞུས་ཡིན་མོད། ཁས་བླངས་པའི་འགོ་འདྲ་བསྟན་གནང་སོང་ཡང་ཨོང་ཤ་ངས་མཇལ་བའི་སྐལ་བ་མ་བྱུང་། རྒྱའི་སྐོར་མཁྱེན་ཡོན་ཅན་ཚོས་རྒྱ་མི་བསྡིག་པ་ཅན་སྤྱི་དང་། ཇག་པ་ཁྱིམ་ཤོར་ལྟ་བུའི་གསེར་བརྐོ་གཏེར་རྐུན་གྱི་བདག་པོ་རྣམས་ཐེར་འདོན་ནུས་ན་ཧ་ཅང་གི་བཟང་གི་བསམ། རྒྱའི་འོག་ཏུ་བཅུག་པའི་སོག་པའི་རྩ་ས་རྣམས་མེད་བརླག་ཏུ་བཏང་བ་རྣམས། གོའུ་གཱལ་ས་ས་ཁྲ་བརྒྱུད་ནས་བལྟས་ན་རང་བྱུང་གི་འདོད་རྔམས་ཀྱི་གོད་ཆགས་བསྲུང་མི་ཐུབ་པའི་ཕེ་ཅང་གི་ཇག་པ་རྐྱལ་སྟོང་རྣམས་སའི་གོ་ལའི་སྲུང་དམག་གཅིག་ཡིན་ན་ཐར་པ་གཏོང་ས་མ་རེད།
བོད་ཀྱི་ཆོས་དང་རིག་གཞུང་གཙོ་ཆེ་ཤོས་དེ་ཚོའི་འབྱུང་ཁུངས་རྒྱ་གར་ཡིན་པ་དངོས་ཡོད་རེད། སྐད་ཆ་དེ་ཡིན་པ་ལ་ཡིན་པ་བཤད་པ་རེད། གཞན་གཉའ་ཁྲི་རྒྱ་གར་དང་རྒྱ་ནག་གི་རེད་ཟེར་བ་སོགས་ཁ་ཤས་ཆབ་སྲིད་དང་། ཁ་ཤས་དག་སྣང་དང་དད་པ་སོགས་ཀྱིས་རེད། དེ་ཚོ་ལ་རྒྱུ་མཚན་མེད་ན་གཡུག་བཞག་ན་འགྲིག་གི་རེད་ཧང་སང་དགོས་པའི་དོན་ཅི་ཡོད། དེ་ཙམ་གྱིས་རྒྱ་གར་ལ་ཕན་འདོགས་ཡོད་པའི་ཡུས་བྱེད་པ་ནི་གད་མོའི་གནས་མིན་ནམ། དོན་དངོས་ལ་རྒྱ་གར་ནི་བོད་ལ་སྔ་ནས་ད་ལྟའི་བར་བཀའ་དྲིན་ཆེན་པོ་ཡིན། གནད་དོན་དེ་བོད་པ་ཞིག་ཡིན་ན་ངེས་པར་དུ་ཤེས་དགོས། ངན་བྱེད་མི་ལ་ངན་ལན་བྱེད་འདོད་མེད་ཀྱང་བཟང་བྱས་ངན་བྱས་ངེས་པར་དུ་ཤེས་དགོས། དེ་མ་ཤེས་ན་མི་ལ་སྒལ་ཚུགས་མེད་མཁན་དང་ཁྱི་ལ་རྔ་མ་མེད་པའི་རིགས་སུ་གཏོགས། གཞན་རྒྱ་གར་གྱི་ཁོངས་གཏོགས་ཀྱི་ས་མཚམས་ཀྱི་ས་ཆ་དང་འབྲུག་དང་བལ་ཡུལ་གྱི་ཡུལ་མི་ཁ་ཤས་སྔོན་བོད་བཙན་པོའི་སྐབས་བོད་ཁོངས་ཡིན་ཡང་། ཕྱིས་སུ་དུས་ཀྱི་འགྱུར་རིམ་ཁྲོད་འབྲུག་གིས་གོ་སྐབས་དམ་འཛིན་གྱིས་རང་གི་འཇོན་ཐང་ངོམ་སྟེ་རང་བཙན་རྒྱལ་ཁབ་ཞིག་བྱུང་བ་རེད། དེ་ལ་ཞིབ་ཏུ་བསམ་ན་ང་ཚོ་བོད་པ་ཚོས་དགའ་བསུ་བྱེད་དགོས་ཡ་ཞིག་རེད་འདུག་སྙམ། གལ་སྲིད་འབྲུག་བོད་འོག་ཏུ་བསྡུས་ཡོད་ན་ད་ལྟ་བོད་དང་མཉམ་དུ་འབྲུག་ཡང་རྒྱ་འོག་དུ་དཀའ་སྡུག་མྱོང་བཞིན་ཡོད། རྒྱ་གའི་ཁོངས་ཀྱི་མཐའ་མཚམས་ཀྱི་མི་རིགས་འདི་ཚོ་ཡང་བདག་པོ་མ་བརྒྱག་པ་དང་གོ་ལག་ཆའི་རིན་དུ་སྤྲད་པ་སོགས་བརྒྱུད་རིམ་དུ་མའི་ཁྲོད་ཁྲིམས་མཐུན་གྱིས་གཞན་ཁོངས་སུ་གྱུར་པ་ལས་ཁྲིམས་འགལ་གྱིས་བོད་རྒྱ་ཁོངས་སུ་བཙན་གྱིས་བཅུག་པ་ལྟར་བུ་མིན།
དབུ་མའི་ལམ་ནི་བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐོག་ནས་རྒྱ་ནག་ལ་སྤྲོད་རྒྱུའི་སྲིད་ཇུས་ཞིག་ཆགས་ཡོད་སྟབས་་་་་་གསུངས་འདུག་པ་ནོར་བ་རེད།
བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐཽག་ནས་རྒྱ་ནག་ལ་སྤྲད་ཀྱི་ཡོད་མ་རེད། ཁྲིམས་མཐུན་གྱི་ཐོག་ནས་བོད་ལ་བདག་དབང་ཚུར་དགོས་ཅེས་བཤད་ཡོད་རེད།
བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐོག་ནས་རྒྱ་ནག་ལ་སྤྲོད་རྒྱུའི་སྲིད་ཇུས་ཞིག་ཆགས་ཡོད་ན་་་་ཉིན་མ་དེ་ནས་བཟུང་ང་ཚོས་རྩོད་དགོས་ས་གཅིག་ཀྱང་མེད་དོ།
སྲོང་བཙན་ཟེར་བས་མ་ཤེས་ཤེས་མདོག་གིས་དབུ་མའི་ལམ་ལ་འགྲེལ་ལོག་གནང་གི་འདུག་་་་་ཚང་མས་དོ་སྣང་བགྱིས།
རྒྱ་དཀར་ནག་གི་འགོ་འཁྲིད་ཚོའི་རང་གི་རྐུབ་ཀྱག་མ་འོངས་སྲ་བརྟན་བཟོ་ཐབས་སུ་ཞི་བའི་མི་མང་གི་རྒྱབ་སྐྱོར་ཐོབ་ཐབས་སུ་ས་མཚམས་ལ་དམག་སྒྲ་བྱེད་པ་ལ་ཧང་སང་མ་སོང་ངོ་དེ་ནི་ཆབ་སྲིད་མི་སྣའི་ཆབ་སྲིད་ཁྲབ་སྟོན་གྱི་ཆ་ཤས་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།
་་་་་་་་་་་ བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་རྒྱ་གར་གྱི་ཡིན་ལབ་ནས་རྒྱ་གར་འདི་ཆོས་རིག་གིས་ཕྱུག་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་དང། མ་ཟད་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ཡང་རྒྱ་གར་ནས་ཡིན་ཟེར། དེ་ལས་ཀྱང་གནད་ཆེ་བ་བོད་ཀྱི་ཡི་གེ་ཡང་རྒྱ་གར་གྱི་ཡིན་ལབ་ཡོད། བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན་ལབ་ཡོད། དེ་ལས་ལྷག་པ་ཞིག་རོགས་རམ་བྱེད་རྒྱུ་ཞིག་ལྷག་འདུག་གམ། ་་་་་་་་་་་
་་་་་་་་་་ ད་བྱེད་དུས་བོད་པས་རང་གི་ཕྱི་ཡི་ཁོར་ཡུག་ཐམས་ཅད་རྒྱ་ནག་ལ་ཤོར། ནང་གི་ཆོས་རིག་དཔལ་ཡོན་ཐམས་ཅད་རྒྱ་གར་ལ་རྩིས་འབུལ་ཞུས། ད་བཤད་རྒྱུ་ཅི་ལྷག་ཡོད་པ་མ་རེད་བསམ། ་་་་་་་་་་་་
དྲན་དཔལ་ལ་འདོད་པ་ཡོད་ན་འདི་འདྲ་ཞུ་འདོད། བོད་དབང་དུ་བསྡུ་མཁན་གྱི་དཔག་དཔོན་ཕལ་མོ་ཆེར་ལོ་རྒྱུས་ཡོད་པས་ཤེས་སླ། བྱས་རྗེས་ཆེན་པོ་ཅན་འདི་རྣམས་རེད། ཡུན་ནན་གྱི་དམག་དཔོན། 谢富治,ཀན་སུའི་དཔོན་པོ། 张仲良,སུ་ཁྲོན་གྱི་དཔོན། 李井泉,མཚོ་སྔོན་པོ། 高峰,ལྷ་སའི་དཔོན། 张国华,དམག་སྤྱི་ཆེན་མོ། 朱德。ཁོང་ཚོ་འགའ་རེ་དམག་དཔོན་དང་། འགའ་རེ་ཏང་གི་དྲུང་ཆེ་རེད། བོད་ལ་སྲུང་མ་ཞིག་ཡོད་པ་ཡིན་ནམ། ལས་རྒྱུ་འབྲས་འཁོར་བ་ཡིན་ཅི་ཤེས། བོད་ས་དབང་སྡུད་མཁན་པོ་ཕལ་ཆེར་མི་ཚེའི་མཐའ་གྲིར་ཤིར་བའམ། །འཐབ་རྩོད་ངང་ཤི་བ། ནད་ཚབ་ཅན་གྱིས་ཡུན་རིང་མནར་བ། བུ་རྒྱུད་རྒྱུན་ཆད་པ་སོགས་ཡག་པོ་རང་མ་བྱུང་བའི་གནས་ཚུལ་ཡོད། ། དབུ་མའི་ལམ་འདི་གནས་སྐབས་ཐབས་ལམ་ཡག་ཤོས་ཅིག་རེད་སྙམ། ཡུན་རིང་མི་ཉན། ཡུན་རིང་ན་མི་རིགས་ཀྱི་འདུ་ཤེས་གཏན་བརླག་ཏུ་འགྲོ་རྒྱུ་རེད། གོང་དུ། དབུ་མའི་ལམ་ནི་བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐོག་ནས་རྒྱ་ནག་ལ་སྤྲོད་རྒྱུའི་སྲིད་འཇུས་རེད་ཟེར་བར་གསལ་བཤད་དགོས། དེ་སྲིད་འཇུས་མ་རེད། འུ་ཐུག་ནས་རྙེད་པའི་ལམ་ཁ་རེད། ཁྲིམས་ཀྱི་སྟེང་ནས་བཤད་ན། ཁྲིམས་མཐུན་གྱི་སྒོ་ནས་བདག་དབང་སྤྲོད་པ་བདེན་པ་རེད། ཁྲིམས་དཔོན་སུ་ལ་དྲིས་ཀྱང་དེ་ལྟར་བཤད་ངེས། དེ་ཙམ་ལས་ལམ་ཁ་མ་རྙེད་པ་འདྲ། རྙེད་མཁན་ཡོད་ན་བཤད་ན་ལེགས།
བོད་མིའི་དབུ་མའི་ལམ་ནི་བལྟས་ཚོད་ལ་གོན་ཏང་ཀྲུང་གོར་གཉེན་སྟོན་གྱི་ཆེད་དུ་ཕུལ་བའི་རྒྱ་ཟེ་མེ་ཏོག་གསར་པ་གཅིག་ཡིན། གོན་ཏང་སྲིད་གཞུང་ནི་བརྒྱད་ཅུའི་རྒན་མོ་གཞོན་ནུ་མའི་གཉེན་སྟོན་གྱི་སང་རས་དཀར་པོ་གྱོན་མཁན་དང་མཚུངས། དཔལ་འབྱོར་དང་ཕྱི་ཚུགས་ཀྱི་གཞོན་ཉམས་དེ་མ་གཏོགས་བོད་མི་རིགས་དང་ལྷན་དུ་རང་དབང་གིས་ཉལ་ནུས་པའི་རིག་གནས་བྱད་གཟུགས་ཡོད་མ་རེད། ཅི་སྲིད་བོད་མིའི་ཆོས་རིག་མ་ཉམས་པ་དེ་སྲིད་དུ་རྒྱ་མི་རིགས་ལ་བོད་མིའི་དད་སེམས་དབང་གི་མ་རེད། བོད་པ་འབངས་དང་གོན་རྒྱ་དཔོན་པོར་རང་དབང་གིས་ཆགས་མི་སྲིད། དེས་ན་ཆོས་རིག་བློས་མ་བཏང་བའི་བོད་ཀྱི་རྒྱ་ཟེ་མེ་ཏོག་དེ་གོན་ཏང་ལ་ལེན་འདོད་ཡོད་མ་རེད།
དཔྱད་བརྗོད་པ་འགའ་རེས་བོད་མིའི་དཔལ་འབྱོར་གཞན་བརྟེན་གྱིས་གྲོད་པ་ཕྱི་ལ་བཟེད་དགོས་པས་ཀྲུང་གོས་ཉར་མི་གཏུབ་ཟེར།
གང་ལྟར་དབུ་མའི་ལམ་ནི་བོད་ཀྱི་བདག་དབང་ཁྲིམས་ཐོགས་ནས་སྤྲད་ཆོག་པའི་གྲོས་གཞི་དང་། གྲོས་འཆམ་བྱུང་ན་མ་འོངས་པ་རྒྱ་ནག་གོང་བུ་གཅིག་གི་ཁྲིམས་ཕྲག་པར་ལེན་ངེས་ཀྱི་བརྡ་རེད། བོད་པར་ཆོས་རིག་འདི་མེད་ན་རྒྱ་ཟེ་མེ་ཏོག་དེ་འུ་ཐུག་ནས་སྤྲད་པར་བརྩི་ཆོག འདོད་རྔམ་ཆེ་བའི་གོན་ཏང་རྒན་མོས་ཀྱང་རྒྱ་ཟེ་མེ་ཏོག་ལེན་ངེས་རེད། ཆོས་རིག་གི་སྤོབས་པས་འཇིགས་ཞུམ་མེད་པར་བཏེགས་པའི་རྒྱ་ཟེ་མེ་ཏོག་དེ་ད་བར་ཀྲུང་གོས་བླངས་ཡོད་མ་རེད། ཐབས་ཟད་དང་མ་ཟད་དེ་ཙམ་ལས་ཞུ་ནུས་མ་བྱུང་།
དྲི་མེད་ལྷག་བསམ་ལགས་ཀྱིས་རྒྱ་མི་སྡིག་ལག་ཅན་ཚོ་བཀྲ་མ་ཤིས་པའི་དཔྱད་ཐུང་གི་བཟོ་དེ་དང་། མིང་དྲུག་བཅས་ངོ་སྤྲད་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་ཀྱི་བདག་དབང་ཁྲིམས་མཐུན་གྱི་ཐོག་ནས་སྤྲད་རྒྱུའི་སྲིད་ཇུས་དང་། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་མཚམས་ཅེས་པ་མ་ཟད། ཡོངས་སུ་སེལ་མཚམས་ཅེས་བྲིས་གནང་འདུག་པས་གསལ་བཤད་གནང་དགོས་པར་མཐོང་མ་སོང་། ཡིན་ནའང་དབུ་མའི་ལམ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་ཀ་ཡིན་ལུགས་མཁས་པས་ཞིབ་མོར་བཤད་པ་མཇལ་ན་སྲིད་ཇུས་དང་ཐབས་ཇུས་ཀྱི་ཚུལ་ཡང་ཅུང་ཤེས་སྙམ་ལགས།
རང་བཙན་དང་དབུ་མ་གང་ཡིན་ཀྱང་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་བརྒྱུད་ནས་རང་བཙན་དང་དབུ་མ་ལ་གསལ་ཁ་གཏོད་དགོས་པ་ལས་ཕྱིའི་རྒྱལ་ཁབ་ལ་སྐྱབས་བཅོལ་ནས་རང་བཙན་དང་དབུ་མ་ལ་རེ་བ་བཅོལ་མཁན་ཡོད་ན་རྒྱལ་སྤྱིའི་ཆབ་སྲིད་དང་རྒྱལ་སྲུང་ཆབ་སྲིད་དང་རྒྱལ་འབྲེལ་ཆབ་སྲིད་སོགས་ལ་གོ་རྟོགས་གང་ཡང་མེད་པའི་རྐྱང་ཤ་འབྲོགས་རྗེས་ལ་བོང་བུ་འབྲོགས་གལ་ཆེ་བའི་གཏམ་ལ་ནན་གཏན་དགྱིས་ཟེར་བའི་དཔེ་ལྟར་ཁྱི་ཕྱེད་ཤ་མཐོང་ཁྱི་ཕྱེད་ཤ་མ་མཐོང་ཟེར་བའི་དཔེ་ལྟར་མ་རེད་དམ་?
འདི་ལ་གསན་གཟིགས་གནོངས་དང་། མཁས་དབང་ཟེར་ན། ཚིག་ཉོག་དོར་ཏེ་གནད་དོན་མདོ་ལ་བསྒྲིལ་ནས་སྡོམ་རྒྱག་ཐུབ་པ་ཞིག་ཡིན་དགོས།
https://www.facebook.com/sherabdhargye?hc_ref=ARSJ6G2kOX3gYIXDyTZSpkOUKyJXySIA5sLHIoJUKncR5Uq59HtNzfyHc2PvkJ7WM88&fref=nf