ཉི་མ་རྒྱལ་པོ་ཤར་པ། ཝ་ྞ་མཐོ་སློབ།
རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཞིག་གྱི་ནང་དུ་རྒྱ་དཔོན་ལ་རྒྱབ་སྐྱོར་བྱོས། པྞ་ཆེན་བླ་མས་གསུངས། ཞེས་འགོ་བརྗོད་དུ་བཀོད་པའི་གནས་ཚུལ་སྤེལ་བའི་ནང་དོན་དུ་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པྞ་ཆེན་རིན་པོ་ཆེས་རྒྱ་གཞུང་གི་མགྲིན་ཚབ་བྱས་ནས་ཧི་མཱ་ལ་ཡའི་ས་ཁུལ་གྱི་མི་རིགས་ལ་དམར་ཤོག་གི་དཔོན་རིགས་ལ་རྒྱབ་སྐྱོར་བྱོས་ཞེས་གསུངས་འདུག་ཅེས། ས་གནས་གསར་དགོད་པས་བརྗོད་ཡོད།
རྒྱལ་རབས་ལོ་རྒྱས་ཀྱི་ཐོག་ནས་བལྟས་ན་ཧི་མཱ་ལ་ཡའི་མི་རིགས་ཀྱི་ཆོས་དང་རིག་གཞུང་ཡུལ་གོམས་ལུགས་སྲོལ་ཐམས་ཅད་བོད་མི་དང་གཅིག་མཚུངས་ཡིན་པས་ངེད་ཅག་ནི་བོད་མི་དང་ནམ་ཡང་ཁ་འབྲལ་ཐབས་མེད་ལ། རྒྱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་བསྟན་སྲིད་ལ་གནོད་ཚབས་ཤིན་ཏུ་ཆེན་པོ་བཏང་དང་གཏོང་བཞིན་པའི་གནས་རྟངས་དེར་གཞིགས་ན་ངེད་ཅག་ཧི་མཱ་མ་ལ་ཡའི་མི་རིགས་ལྟ་ཅི་སྨོས། འཛམ་གླིང་ནང་ཞི་བདེ་དང་བདེན་པར་གཙིགས་ཆེར་བྱེད་པའི་སྐྱེ་བོའམ་མི་རིགས་ཀུན་གྱིས་བཟོད་བསྲན་ག་ལ་བྱེད་ཐུབ། རྒྱ་དཔོན་ཚོས་དཀར་ནག་གོ་ལྡོག་པའི་ཆེད་དུ་པྞ་ཆེན་མ་ཡིན་པར་པྞ་ཆེན་རིན་པོ་ཆེའི་མཚན་བཏགས་ནས་བཙན་དབང་གིས་ངང་མི་མི་དམངས་ལ་སླུ་ཁྲིད་བྱེད་འཇུག་གི་ཡོད་པ་ནི་ཕྱི་གསལ་ནང་གསལ་དུ་གྱུར་ཡོད་པས། གོང་དུ་པྞ་ཆེན་རྫུན་མས་གསུངས་པ་དེའང་རྒྱ་དཔོན་གྱིས་ཁོང་ལ་སྡིག་དམོད་བྱས་ནས་དེ་ལྟར་གསུངས་བཅུག་པ་ཐག་གིས་ཆོད། འདི་ནི་རྒྱ་དཔོན་གྱི་རྫུན་གཏམ་ལ་ཡིད་ཆེས་བྱེད་མཁན་མེད་རྐྱེན་རྒྱ་དཔོན་ནམ་རྒྱ་གཞུང་ཐབས་ཟད་ཅིང་འུ་ཐུག་པའི་གནས་སྟངས་སུ་སླེབས་པའི་རྟགས་མཚན་ཉག་གཅིག་ལོས་ཀྱང་ཡིན་ཞེས་ཚིགས་གཅད་ཀྱི་ཕྲེང་མཛེས་ཤིག་བོད་མིའི་སྤྱན་ལམ་དུ་ཕུལ་འདོད་བྱུང་།
ང་ནི་ཧི་མ་ལ་ཡི་མི་རིགས་ཏེ།།
རིགས་གཞུང་གཅིག་པའི་བོད་རིགས་ཤར་པ་ཡིན།།
ལོ་ཆུང་དུས་ནས་བོད་མིའི་ལྷན་དུ་གཤིབ།།
ད་ནི་བྲལ་ན་ཅི་འདྲའི་སྐྱོད་བ་ལ།།
༸གོང་ས་ཡིད་བཞིན་ནོར་བུ་ང་ཡི་བླ་མ་ཡིན།།
༸གོང་ས་ཡིད་བཞིན་ནོར་བུ་འཛམ་གླིང་རྒྱན་གཅིག་ཡིན།།
༸གོང་ས་ཡིད་བཞིན་ནོར་བུ་འགྲོ་བའི་དགོན་པོ་ཡིན།།
གང་ཉིད་སྐུ་ཚེ་ཁྲི་ནས་ཁྲི་ལོར་རྟན་གྱུར་ཅིག།
བོད་རིགས་སྤུན་ཟླ་ང་ཡི་སྙིང་གྲོགས་ཡིན།།
བོད་རིགས་སྤུན་ཟླ་དཔེ་བཟང་མི་རིགས་ཡིན།།
བོད་རིགས་སྤུན་ཟླ་བདེན་པའི་དཔེ་མཚོན་ཡིན།།
བོད་མིའི་བདེན་མཐའ་མྱུར་དུ་གསེལ་བར་ཤོག།
མཛེས་པའི་བོད་ཀྱི་ཡུལ་དེ་རྒྱ་མིས་ཕྲོགས།།
རྒྱ་མི་དམར་པོས་བོད་མི་ཁྲིད་དྲག་བསད།།
ྐླ་ྐློ་མ་འུའི་རྗེས་འབྲང་བསྟན་གྲ་རེད།།
དེ་ལ་འཚར་གཅོད་བྱེད་ཕྱིར་བོད་འབངས་ལོངས།།
རྒྱ་མིས་མི་བྱེད་ཅི་ཡང་མེད།
རྒྱ་མི་འདི་ཚང་གི་དཔོན་ངལ་དེ་ཚོས་ད་ནི་ཐབས་ཤེས་ཡོངས་རྫོགས་སད་གྲབས་ཡོད་ས་རེད།
དབོན་ངན་དེ་ཚོས་
པཎ་ཆེན་རྫུན་མས་ཇི་ལྟར་བཤད་ཀྱང་དོན་འབྲས་ཡོད་མི་སྲིད། རྒྱུ་མཚན་ནི་ཁོ་ནི་རྫུན་མ་རེད། དེས་ན་སྨན་རྫུན་མས་སྨན་གྱི་བྱ་བ་བྱེད་སྲིད་དམ། ལྷ་མེད་སྨྲ་བའི་ཏང་འདི་ངོ་མ་དགོད་བྲོ་བ་ཞིག་རེད། ལྷ་མེད་ཡིན་ཞེས་བཤད་བཞིན་དུ། པཎ་ཆེན་གྱི་སྤྲུལ་རྫུན་ཞིག་ངོས་འཛིན་བྱས།
དེ་ནི་ཁོང་ཚོས་ཆབ་སྲིད་ཀྱི་དགོས་འཁོ་ཞིག་གི་ཆེད་དུ་དེ་ལྟར་བྱས་པ་ལས། ནང་བསྟན་ཆོས་ལུགས་ལ་བརྩི་བཀུར་དང་ཡི་རུང་ཡོད་པས་གཏན་ནས་མ་རེད། ཡིན་ཡང་། པན་ཆེན་བླ་མ་རྫུན་མར་འབོད་པ་དེ་ནི་དངོས་ནས་སྙིང་རྗེ་བའི་ཡུལ་ཁོ་ན་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ཁོ་རང་གི་རང་དབང་ཡོད་པའི་སྒོ་ནས་པན་ཆེན་བླ་མའི་ཁྲི་སྟེང་དུ་འབུད་པ་མ་ཡིན་པར། མི་འདོད་ཀྱང་ལྡོག་དུ་མེད་པར་དེ་ལྟར་མགོ་ཐོག་དུ་སླེབས་པ་ཞིག་ཆགས་ཡོད་པ་རེད། སྟབས་ཡག་ནས་ཁོ་རང་བསྐྱེད་སྲུང་བྱེད་མཁན་གྱི་དགེ་རྒན་ནི་བོད་ཀྱི་དགེ་བཤེས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད། དེའི་གྲུབ་འབྲས་གང་ཞིག་གིས་བོད་ལ་ཤ་ཞེན་ཡོད་པ་ཞིག་ཏན་ཏན་ཡོད་སྲིད་པ་རེད། དེའི་སྟབས་ཀྱི་ང་ཚོ་ལ་དགོས་པ་དེ་ནི་བོད་ལ་ཤ་ཚ་ཡོད་མཁན་ཞིག་ཆགས་ཡོད་པ་ནི་ད་ལྟའི་གནས་བབ་འདི་ལ་མཚོན་ན་དེ་ལས་ལྷག་པ་ཞིག་གང་ཡོད་འདོད། འོན་ཀྱང་། ང་རང་གི་བསམ་ཚུལ་འདི་མཐའ་གཅིག་དུ་ཡིན་དགོས་པ་དང་ཁས་ལེན་བྱེད་དགོས་པ་གང་ཡང་མེད་པ་རེད།
དེང་སྐབས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་ས་ཆར་གཉེར་བའི་ནང་བསྟན་གླེང་མོལ་ཚོགས་འདུའི་སྟེང་དུ་པཎ་རྫུན་དང་གངས་དགྲ་བླ་མ་གཉིས་ཀ་ཐོན་འདུག འབུ་དུང་སྐྱོང་འོ་མས་གསོས་གསོས་ནས། ཟེར་བ་དེ་ཅི་མ་བདེན།