རྀ་ཤི་པྲཛྙཱས།
སྤྱིར་དམར་ཤོག་གི་སྲིད་གཞུང་གང་ཞིག་ཡིན་ཡང་སྲིད་དབང་གཅིག་སྡུད་དང་དྲག་པོའི་དམག་གི་སྲིད་གཞུང་ཞིག་ཡིན་པ་རེད། དེ་ནི་ཕལ་ཆེར་མ་ཁེ་སིས་གསར་བརྗེ་ལ་ཡངརང་ཉིད་ཀྱི་དམག་དཔུང་དགོས་ཟེར་བའི་ལུང་ལ་བརྟེན་ཡོད་ཤས་ཆེ། བྱེ་བྲག་ཏུ་རྒྱ་ནག་དམར་ཤོག་སྲིད་གཞུང་ནི་མའོ་ཙེ་ཏུང་གིས་མེ་མདེའི་ཁ་ནས་སྲིད་དབང་ལེན་དགོས་ཟེར་བ་ལྟར། ཐོག་མཐའ་བར་གསུམ་དུ་དབང་ཆ་གཅིག་སྡུད་དང་དྲག་པོའི་དམག་དཔུང་གིས་བཟུང་ཡོད། དེར་བརྟེན་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་སྤྱི་ཁྱབ་སྲིད་འཛིན་ནི་རྒྱལ་ཁབ་དང་དམག་དཔུང་གཉིས་ཀའི་སྲིད་འཛིན་ཡིན་དགོས་པ་དེ་རེད། གུང་ཁྲན་ཏང་གི་ལག་པར་རྒྱལ་ཁབ་ཀྱི་སྲིད་འཛིན་དང་དམག་དཔུང་གི་དབང་ཆ་ཡོངས་རྫོགས་ཡོད་ཕྱིན་གཞན་སུ་གང་ལ་ཡང་སྐྲག་དགོས་དོན་མེད་པ་རེད།
དམར་ཤོག་གི་དཔལ་འབྱོར་ལམ་ལུགས་ནི་སྤྱི་ལ་དབང་བའི་ལམ་ལུགས་ཤིག་ཡིན་པས་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་གཞི་རྩ་མེད་པ་རེད། ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ནི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཤིག་རེད། དེར་བརྟེན་མ་ཁེ་སིའི་མ་རྩའི་རྣམ་བཤད་དུ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལ་དགག་པ་ནན་པོ་བརྒྱབ་ཡོད་ལ།མའོ་ཙེ་ཏུང་གིས་ཀྱང་དགག་པ་ནན་པོ་བརྒྱབ་ཡོད།ཏིང་ཞའོ་ཕིན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཟེར་བ་གསར་བཏོད་བྱས་ཡོད་ཀྱང་། དེ་ནི་རྒྱ་ནག་དམར་ཤོག་གི་སྲིད་དབང་སྲ་བརྟན་ཡོང་ཆེད་ཡིན་པ་ཁོ་རང་གིས་བཤད་ཡོད། དེས་ན་མི་དམངས་ལ་དཔལ་འབྱོར་འདུ་འགོད་དང་ཚོང་ལས་སོགས་ཁྲོམ་རའི་དཔལ་འབྱོར་སྒོ་མོ་ཕྱེ་ཡང་དེ་ནི་མི་དམངས་མགོ་སྐོར་བསླུ་བྲིད་ཅིག་ཡིན་པས་མཐར་ཐུག་དབང་ཆ་ཡོངས་རྫོགས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལག་པར་ཡོད་པས། དམ་ལྷོད་གང་བྱེད་ཁོ་བ་ཚོའི་འདོད་པ་རང་ཡིན་པ་རེད། རང་ཅག་བོད་མིའི་རྩ་དོན་ལ་ཆ་མཚོན་ན་་རྒྱ་ནག་དམར་ཤོག་གི་ལག་པ་ནས་ང་ཚོར་ཁེ་གང་ཡང་འཐོབ་རྒྱུ་མེད་པ་གསལ་པོ་རེད། ང་ཚོར་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་མི་རིགས་ས་གནས་རང་སྐྱོང་ངམ་ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་སྤྲོད་རྒྱུ་མིན་པར་གསལ་པོ་བཟོས་ཟིན་པ་རེད།རང་བཙན་ནི་དེ་བས་སྤྲོད་མི་སྲིད་པ་ཞིག་ཡིན་པར་ཤོད་ཅི་དགོས།
ད་འོ་ན་ང་ཚོ་བོད་པར་རེ་བ་གཏན་མེད་པ་རེད་དམ་ཟེར་ན་དེ་མ་རེད། ང་ཚོ་བོད་པར་རེ་བ་ཞིག་ཡོད་པ་རེད།གང་ཡིན་ཟེར་ན་རྒྱ་ནག་དམར་ཤོག་སྲིད་གཞུང་འདི་མགོ་རྟིང་བསློགས་ཏེ།རྒྱ་ནག་མི་མང་ལ་མང་གཙོ་ཚད་དང་ལྡན་པའི་མང་གཙོའི་སྲིད་གཞུང་ཞིག་བྱུང་བ་ཡིན་ན་ང་ཚོར་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐུབ་པར་མ་ཟད། གཅིག་བྱས་ན་རང་བཙན་ཡང་འཐོབ་སྲིད་པ་རེད། དེས་ན་ང་ཚོས་ཡུལ་དུས་སོ་སོའི་གནས་སྟངས་འགྱུར་འགྲོས་དང་བསྟུན་ཏེ་རྔ་ལ་དཔག་པའི་འཆམ་འཁྲབ་ཤེས་པ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ༸གོང་ས་མཆོག་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་ཀྱང་རྒྱ་ནག་མི་མང་ལ་ཡིད་ཆེས་ཡོད་ཅེས་ཡང་ཡང་གསུངས་ཡོད་ལ།བོད་དོན་བདེན་མཐའ་གསལ་བ་ཡང་རྒྱ་ནག་དེ་མང་གཙོའི་རྒྱལ་ཁབ་ཅིག་ལ་འགྱུར་དགོས་པ་ཡང་བཀའ་བསྩལ་ཡོད། དེར་བརྟེན་རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་དང་། རྒྱ་ནག་གི་ཤེས་ཡོན་ཅན་རྣམས་དང་།རྒྱ་ནག་མི་དམངས་མཉམ་དུ་འབྲེལ་བ་བྱ་རྒྱུ་གལ་ཆེན་དུ་་བརྩིས་གནང་བའི་གནད་དེ་རེད།དེ་བཞིན་དུ་རང་བཙན་གྱི་ལྟ་བ་གཙིགས་སུ་འཛིན་པའི་གཞོན་ནུ་ཚོགས་པ་ལྟ་བུ་སྤྱིར་མང་གཙོའི་གཞུང་དང་སྤྱི་ཚོགས་ནང་ཡོང་ཆོག་པ་དང་ཡོད་དགོས་པར་དགོངས་པ་ཞིག་ལོས་ཡིན་མོད། འོན་ཀྱང་དེ་ཙམ་་མ་ཡིན་པར་དགོས་པ་རྒྱུ་མཚན་གཞན་ཡོད་པ་ཞིག་རེད།དེས་ན་ང་ཚོས་ད་ལྟ་རང་བཙན་དང་དབུ་མ་སོགས་ནང་ཁུལ་གྱི་ཆབ་སྲིད་ལྟ་བ་མི་འདྲ་བ་དེ་དག་རྒྱུ་མཚན་དུ་བྱས་ཏེ།ཕན་ཚུན་རྩོད་པ་རྒྱག་རེས་དང་།འཁང་ར་དང་ངན་ཁག་གཡོག་རེས་སོགས་གཏན་ནས་བྱེད་མི་རུང་ཞིང་།དེ་ལྟར་བྱེད་པ་ནི་༸གོང་ས་མཆོག་གི་དགོངས་པ་གཏན་ནས་མ་རེད།
དེས་ན་ང་ཚོས་ད་ལྟ་རང་བཙན་དང་དབུ་མ་སོགས་ནང་ཁུལ་གྱི་ཆབ་སྲིད་ལྟ་བ་མི་འདྲ་བ་དེ་དག་རྒྱུ་མཚན་དུ་བྱས་ཏེ།ཕན་ཚུན་རྩོད་པ་རྒྱག་རེས་དང་།འཁང་ར་དང་ངན་ཁག་གཡོག་རེས་སོགས་གཏན་ནས་བྱེད་མི་རུང་ཞིང་།དེ་ལྟར་བྱེད་པ་ནི་༸གོང་ས་མཆོག་གི་དགོངས་པ་གཏན་ས་མ་རེད་ལ།བོད་མིའི་ནང་ཁུལ་མ་འཆམ་པར་འགྱུར་བྱེད་དང་ཆིག་སྒྲིལ་དང་མཐུན་ལམ་ལ་གནོད་བྱེད་ཁོ་ན་ཡིན་ཞིང་།རྒྱ་ནག་གཞུང་ལ་ཡང་དགོས་རྒྱུ་དེ་རང་ཡིན་པས།ང་ཚོས་དགག་བྱ་དགོས་པ་་གང་ཞིག་ལ་ཁ་གཡར་ཏེ་ནམ་ཡང་ནང་ཁུལ་ལྟ་བ་དང་ཡུལ་ལུང་སོགས་ཀྱི་རྩོད་རྙོག་འཐེན་འཁྱེར་ཕྱོགས་རིས་བྱེད་མི་རུང་། དེང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་དུག་དེས་རྒྱ་ནག་མི་མང་ལ་བརྡབ་བསིག་ཚད་མེད་བཟོས་པར་མ་ཟད།འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དམངས་གཉིས་ཀར་ཡང་་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་ཡོད།དེར་བརྟེན་ད་ཆ་རྒྱ་ནག་མི་དམངས་དང་འཛམ་གླིང་གཞུང་དམངས་གཉིས་ཀ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཞེན་པ་རྦད་དེ་ལོག་ཡོད་པས། ང་ཚོས་གོ་སྐབས་འདི་བེད་སྤྱད་དེ་རྒྱ་ནག་མང་གཙོ་དོན་གཉེར་བ་རྣམས་དང་། ཐན་ཝན་མི་མི་དམངས་དང་ཧོང་ཀོང་མི་དམངས་ལྷན་དུ་དཔུང་པ་མཉམ་གཤིབས་ཀྱིས།རྒྱ་ནག་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་སྟེ་རྒྱ་ནག་མི་དམངས་དུང་ཕྱུར་བཅོ་ལྔ་དེ་དག་ལ་མང་གཙོ་ཚད་དང་ལྡན་པ་ཞིག་དང་། རང་དབང་དང་དྲང་བདེན།འདྲ་མཉམ་སོགས་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ཞིག་ལོངས་སུ་སྤྱོད་ཐུབ་པ་བྱུང་ན།གཞི་ནས་ང་ཚོ་བོད་་དོན་བདེན་མཐའ་གསལ་ཏེ་བོད་མིའི་མངོན་འདོད་འགྲུབ་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། དེ་མིན་ད་ལྟའི་རྒྱ་དམར་གཞུང་ལ་རེ་བ་ཇི་ཙམ་བྱས་ཀྱང་བོད་རེ་བས་འཕུང་ཞེས་པའི་གཏམ་དཔེ་ལྟར་ལས་ཡོང་རྒྱུ་ཅི་ཡང་མེད་པ་གསལ་པོ་རེད།ང་ཚོས་དེ་སྔོན་ཏིང་ཞའོ་ཕིན་ལ་རེ་བ་བརྒྱབ་པ་རེད། ཅང་ཙེ་མིན་དང་ཝུའུ་ཅིན་ཐའོ། ཞེན་ཆིན་ཕིན་ལ་རེ་བ་བརྒྱབ་པ་རེད་མོད། ང་ཚོར་ཅི་ཡང་ཐོབ་ཡོད་མ་རེད།མ་འོངས་པར་རྒྱ་ག་དམར་ཤོག་གཞུང་ལ་རེ་བ་བརྒྱབ་ནས་ང་ཚོར་ཡོང་རྒྱུ་ཅི་ཡང་མེད་པ་རེད། གང་ཡིན་ཟེར་ན་རྒྱ་ནག་དམར་ཤོག་གཞུང་གིས་་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་ངམ་མི་རིགས་ས་གནས་རང་སྐྱོང་ཟེར་བ་ཡོང་ཐབས་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཟིན་པ་རེད།དེ་སྲིད་གཞུང་ཞིག་གི་ངོ་བོའི་ཐོག་ནས་བཤད་པ་རེད་མ་གཏོགས་གང་ཟག་སྒེར་བ་ཞིག་གི་རྣམ་འགྱུར་མ་རེད།
དེར་བརྟེན་མ་འོངས་པར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་སུ་ཞིག་བསླེབས་ཀྱང་དེ་ལ་འགྱུར་ལྡོག་གཏོང་དཀའ་ལས་ཁག་པོ་རེད།དེས་ན་ང་ཚོའི་སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་དབུ་མའི་ལམ་རེད་ལ།དེར་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད།གཞོན་ནུ་སོགས་ཚོགས་སྡེ་ཁག་འགའ་ཞིག་ལྟ་བ་ལངས་ཕྱོགས་རང་བཙན་རེད། དེར་ཡང་་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་རེད།དེར་བརྟེན་གཏམ་དཔེ་ལ་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བ་་ལྟར།ང་ཚོས་དབུ་མ་དང་རང་བཙན་སོགས་ནང་ཁུལ་རྩོད་པ་རྐྱང་བརྒྱབ་ནས་བསྡད་ན་ཕན་ཐོགས་མེད་ལ་དེ་བས་གནོད་པ་ཆེ་བ་ཡོད་པ་རེད།དེས་ན་མཛུབ་མོ་ལྔ་པོ་ཁུར་ཚུར་གཅིག་ལ་བསྒྲིལ་ན་ཤུགས་ཆེ་བ་ཡོད་པ་ཇི་བཞིན་ང་ཚོས་ནང་ཁུལ་གྱི་རྩོད་རྙོག་ཐམས་ཅད་གཡུགས་ནས་མཐུན་ལམ་རྡོག་རྩ་གཅིག་ཏུ་བསྒྲིལ་བ་ཡིན་ན།གཏམ་དཔེར།ནང་་དཔའ་བོའི་དཔའ་གྲལ་མ་ཞིག་ན་ཕྱི་གེ་སར་དམག་ལ་སྐྲག་མི་དགོས་ཟེར་བ་ལྟར།བོད་དོན་བདེན་མཐའ་གསལ་རྒྱུར་ཕན་ཐོགས་ངེས་ཅན་ཡོད་རེད།འཛེར་མེད་ཀྱི་ཤིང་དཀོན།སྐྱོན་མེད་ཀྱི་མི་དཀོན་ཟེར་བ་བཞིན་སྐྱོན་ཕྲན་ཚེགས་རེ་མེད་པ་དཀོན་ལ།གཞན་་ཡང་བཟང་རྟོག་ངན་རྟོག་ཐམས་ཅད་རང་སེམས་ལ་ཐུག་གསུངས་པ་རེད།གོང་ཞུས་རྒྱུ་མཚན་དེ་དག་ལ་ཕྱོགས་ཡོངས་ནས་ཐུགས་གཞིགས་ཟབ་མོ་གནང་ནས་རྒྱ་དམར་གྱི་རྒྱུག་ཁྱི་ཕུད་པའི་བོད་མི་ཚང་མས་དམ་ཚིག་འོ་ཆུ་གཅིག་འདྲེས་དང་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་བྱས་ཏེ། རྒྱ་ནག་མི་དམངས་ཡོངས་དང་ལག་གདང་མཉམ་སྦྲེལ་གྱིས་མང་གཙོ་དངདརྩ་དོན་རྩོད་དགོས་པ་འདི་མ་འོངས་པའི་རང་རེའི་བོད་དོན་འཐབ་རྩོད་ཁ་ཕྱོགས་མ་ནོར་མ་འཁྲུལ་བ་ཞིག་ཡིན་པས། དེ་ལྟར་འབད་བརྩོན་ལྷོད་མེད་གནང་དགོས་སོ།།
རྀ་ཤི་པྲཛྙཱས་ཕྱི་ལོ་༢༠༢༠།ཟླ་༤།ཚེས་༧། ལ་བྲིས།
བོད་རང་བཙན་གྱི་འཐབ་རྩོད་ལ་གནོད་པ་བསྐྱལ་མཁན་གྱི་དབུ་མའི་ལམ་གྱི་རྒྱལ་བཙོང་བ་ཚོ་ནི་རྒྱ་དམར་གྱི་རྒྱུགས་ཁྱི་རེད་ལ་་བོད་མི་རིགས་དང་རང་བཙན་གྱི་དགྲ་བོ་ངོ་མ་རེད། རྒྱ་དམར་གྱི་རྒྱུགས་ཁྱི་དེ་ཚོས་བཙན་བྱོལ་བའི་ནང་དུ་བོད་རང་བཙན་གྱི་འཐབ་རྩོད་འདི་ནུས་མེད་བཟོས་ཡོད་ལ་བོད་མི་ནང་ཁུལ་དུ་འཆབ་པོ་མེད་པར་བཟོས་ཡོད། རྒྱལ་བཙོང་བ་དེ་དག་གི་བྱེད་ལས་ལ་མ་འོང་བོད་ཀྱི་མི་རབས་གསར་པ་ཚོས་ངོ་རྒོལ་དང་གྱེན་ལོག་བྱ་ངེས་པར་རེད།
རྒྱལ་གཅེས་བོད་མི་དག་གིས་སྒུག་ནས་འདུག
རྒྱལ་བཙོང་བ་ཚོ་ནམ་ཤི་སྒུག་ནས་འདུག
སྐབས་བཟང་པོ་ཞིག་ལ་སྒུག་ནས་འདུག
དམར་གཞུང་མགོ་རྟིང་ནམ་ལོག་སྒུག་ནས་འདུག
ཅོ་རོ་རྙ་མ་ལགས། རང་བཙན་འཕྲོག་མཁན་རྒྱ་གུང་ཁྲན་རེད།
གློས་དང་བླུན་པོའི་ཕུལ།།
ཅོ་རི་ཉི་མས་ཉོན།།
རང་བཙན་ཟེར་བ་ནི།།
ཚེ་སྲོག་འབེན་བཞག་ནས།།
དམག་འཐབ་བྱེད་མཁན་ཚོར།།
དབང་བ་མི་ཤེས་སམ།།
རང་བཙན་ངུ་འབོད་ཀྱིས།།
ཐོབ་ན་ཅོ་བླུན་ལ།།
རང་བཙན་ཚར་བརྒྱ་སྟོང་།།
གནའ་ནས་ཐོབ་ལོས་ཡོད།།
མ་གཞི་རང་བཙན་ནི།།
དཔའ་སྤོབས་ཅན་ལ་དབང་།།
བླུན་པོའི་ངུ་འབོད་ལ།།
རང་བཙན་འཐོབ་ལེ་མིན།།
ཁོ་རེ་གློས་རྒན་ཁྱོད།།
རྣ་བས་གོ་སོང་ངམ།།
རང་བཙན་རང་བཙན་པས་རྐྱལ་མེད།
རང་བཙན་དབུ་མས་རྐྱལ་མེད།
རང་བཙན་དབུ་མ་གཉིས་པོ།
བོད་མིའི་དཀའ་བསེལ་ལམ་ཡིན།།
རང་བཙན་དགོས་ནའང་བརྩོད་དགོས།
དབུ་མ་དགོས་ཀྱང་བརྩོད་དགོས།
ཕར་བརྙས་ཚུར་བརྙས་བྱས་པས།
དོན་འབྲས་བཙན་གནོན་པར་ཕུལ་ཡོང།།
རང་བཙན་དགོས་ནའང་བརྩོད་དགོས་ལ།
དབུ་མ་དགོས་ཀྱང་བརྩོད་དགོས་ལ།
གསུམ་བཅུ་དུས་དྲན་གཅིག་པུ་ལས།
དེ་མིན་ག་དུས་བརྩོད་ཡིན་པས།
དེ་ལའང་སོ་སོ་ཡོད་དང་མེད།
རང་གི་རང་ལ་དག་བཤེར་དང།
ངས་ནི་ང་དང་ཁྱེད་ལ་དོག་གནས་སོ།།
རང་གཞན་གཉིས་ཕན་མེད་ན་དབུ་མ་ཐོབ་མི་ཤེས།
དཀའ་དཔྱད་སྲོག་བཙུགས་མེད་ན་རང་བཙན་ཐོབ་མི་ཤེས།
ཐབས་ལམ་དེ་གཉིས་ཤེས་ན་བྱ་ལམ་བདེ།
བྱ་ལམ་བདེ་བས་ནམ་འཕང་གཅད་རེ་ཡང།
བཤད་ཤེས་མི་གཙོ་བརྩོན་པ་ཆུ་རྒྱུན་གཙོ།
བརྩོན་རྒྱུན་ཡོད་ན་ཅི་འདོད་འབྲས་རྒྱུན་ཡོད།
བདེན་པར་གཟིགས་ན་རང་རྣམ་འཁྱོངས་ལ་དཔུང་རན་ནོ།།
ཡང་། ཅོ་ཅོ་རིས། མི་ལབ་དགུ་ལབ་ཟེར་བགྱིད་འདུག་གདའ། ཨ་རོགས་བླུན་རྒན་ཁྱོད། ཁ་ཁ་རོགས་བསྡད་ན་རང་སྐྱིད་གཞན་བདེ་མི་འོངས་སམ། ལགས།
བོད་ནས་རྐུ་བྱས། ཁ་མ་གསོས། རྒྱབ་མ་ཁེབས། མྱི་བསད། ཕུ་བོ་དང་ནུ་བོའི་ཆུང་མ་ལ་གཡབ། ཚ་བོའི་ཆུང་མ་ལ་གཡབ། ངོ་ཚ་ནས་སྡོད་ས་མེད་པར་གྱུར་པའི་མྱི་འདི་ཚོ་ཕྱི་ལོགས་ལ་ཐོན་དུས་རྒྱལ་གཅེས་དཔའ་བོ་རེད། ཧ་ཧ། ཞབས་འདྲེན་པ། དབུས་གཙང་གི་གླུད། ཁམས་པའི་གླུད། ཨ་མདོ་བའི་གླུད། ངོ་ཚ་མེད་པའི་མྱི་ཁྱི་ཕག་དང་འདྲ་བ་འདི་ཚོས་རང་བཙན་རྩོད་ཐུབ་ཀི་མ་རེད། འདི་ཚོ་ལ་རང་བཙན་ཐོབ་ཀྱི་མ་རེད། གལ་སྲིད་ཁྱི་རྒན་འདི་ཚོའི་གྲས་ལ་བོད་རང་བཙན་ཐོབ་སོང་ན། ང་ནི་བོད་ལ་མི་འདུག་འབྲོ་རྒྱུ་ཡིན། མྱི་འདི་ཚོའི་ལག་ཏུ་དབང་ཆ་ཤོར་ཚེ་རྒྱ་དམར་པོ་ལས་བཙོག་ནི་རེད། བོད་རྒྱལ་ཁབ་དེ་ནི་བཙན་གཡེམ། རྐུན་ཇག གཉའ་གནོན། བྲན་གཡོག ནང་དམེ། ཐུབ་ཚོད། ར་བཟི། ཆང་རྐྱལ། ཁྲིམས་མེད་ལུགས་མེད། སྲིད་པ་གསུམ་གྱི་བྱ་བ་ངན་པ་དང་སྡུག་ཅག་ཡོད་ཚད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་བཟླུམས་ནས་མྱི་ངན་འདིའི་རིགས་ཀྱིས་མངོན་སུམ་འཛེམ་མེད་དུ་ལག་ལེན་ལ་བསྟར་གི་རེད། བྱས་ཙང་། དམུ་རྒོད་ཀྱི་སྤྱི་ཚོགས་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་མྱི་འདིའི་རིགས་ཀྱིས་འཛུགས་ཀི་རེད།
སྤྱི་ལོ་ ༡༩༥༠ ནས་བཟུང། ང་ཚོ་བོད་རིགས་ཡོངས་རྫོགས་རྒྱ་ནག་དམར་འོག་ཏུ་བཙན་པོ་དབང་འོག་ཏུ་ཤོར་བ་དང་། ༡༩༥༩།༠༣།༡༧ ནས་བཟུང་༸གོང་མཆོག་གིས་ཆབ་སྲིད་ཀྱི་དབུ་འཁྲིད་མུ་མཐུད་གནང་ནས་ ༡༩༧༤ བར་བོད་ཕྱི་ནང་གཉིས་ཕྱོགས་བོད་རང་བཙན་གཙང་མ་འོངས་བ་ལ་བརྩད་ཡོད་པ་རེད།
དེ་ནས་བཟུང་ད་བར་བོད་སྤྱིའི་སྒྲིག་འཛུགས་ཀྱིས་རང་བཙན་བཞག་ནས་དབུ་མར་ལག་ལེན་བསྟར་ནས་ད་ཆ་མི་ལོ་ཧྲིལ་པོ་ ༣༦ ལྷག་བརྒལ་ནས་འགྲོ་བཞིན་ཡོད་རེད། འོནད་ཀྱང་བོད་མི་རིགས་ཀྱི་སེམས་ཤུགས་ཆག་ཡོད་མ་རེད།
བོད་མི་རིགས་ཀྱིས་རྒྱ་གཞུང་ལ། བོད་རིགས་རང་གི་ཐོབ་ཐང་རྩོད་བཞིན་ཡོད་རེད། ཐོབ་ཐང་དེ་ཡང་གཉིས་ཡོད་རེད། བྱུང་ན་བོད་རང་བཙན་གཙང་སླར་ཡང་སྤྲོད་རོགས་ཟེར་རྒྱུ་དང་། དེ་ད་ལྟའི་དུས་ཚོད་ཀྱི་དམར་ཤོག་གཅིག་སྡུད་རིང་ལུགས་པའི་སྤམ་འདོད་ལ་གནོད་བགྱིད་ཡོད་ནས། རང་བཙན་འོངས་ཐབས་མེད་ན།
བོད་པས་འོ་ན། རང་བཙན་སྤྲོད་འདོད་མེད་ན། རྒྱ་ནག་རྩ་ཁྲིམས་ནང་ལ་ཡོད་པའི་ཐོབ་ཐང་ཆ་ཚང་། བོད་མི་རིགས་ཀྱི་ཆོས་དང་། རིག་ཞུང་། སྐད་དང་གོམས་གཤིས་བཟང་པོ་རྣམས་རང་བདག་རང་སྤྱོད་འོངས་བ་ལ་དབུ་མ་རྩོད་བཞིན་ཡོད་ན། དེ་མིན་དབུ་རང་གཉིས་རྩོད་དོན་གང་ཐུག་ཡོད་དམ། དེ་ནི་ཧ་གོ་བགྱིད་མིའ་དུག་གོ
དེས་ན་ཆོས་བརྒྱུད་དང་། ལུང་ཚན་ཁ་ལ་འཁུར་ལ་བོད་མི་ནང་ཁུལ་མ་དཀྲུགས་པར་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བགྱིས་ན་བོད་ཀྱི་སྤྱི་དོན་མ་ཟད། བོད་མི་རང་རང་སྒེར་ཁ་སོ་སོའི་དགོས་དོན་ཡང་དེས་བསྒྲུབ་བགྱི་རེད་སྙམས་སོ།།
རང་བཙན་ནི་རང་གི་ཕ་མེས་ནས་རྒྱུད་པའི་རང་ས་རང་བདག་ཆེད་རྩོད་གླེང་བྱེད་དགོས་པ་དེ་ཕ་ཡུལ་བུ་འཛིན་དང་ཕ་རྒྱུ་བུ་ཐོབ་ཟེར་བའི་དུས་སྔ་མོའི་འཇིག་རྟེན་མི་གི་གཏམ་དཔེ་ལ་ང་ཚོའི་འགན་འཁུར་དགོས་པ་དེ་བོད་མི་རིགས་ལ་ཁྲག་རྩ་དང་སྒལ་ཚིག་མེད་ན་ལས་དེ་མིན་ང་ཚོ་སྐྱེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེས་པའི་ཉིན་མོ་ནས་ང་ཚོར་ཡོད་པའི་འགན་ཞིག་ཡིན་པ་དང་དབུ་མའི་ལམ་ནི་གཞིས་སུ་ཡོད་པའི་རང་རིགས་རྒྱ་ཆེ་མི་མང་ལ་འཕྲད་བཞིན་པའི་དཀའ་སྡུག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ཡིན་ན་རང་བཙན་དང་དབུ་མའི་ལམ་བར་འགལ་བ་ཡོད་པ་མ་མཐོང་ཡང་རང་བཙན་འཐབ་རྩོད་གནང་མཁན་དང་དབུ་མའི་ལམ་གྱི་ལས་འགུལ་སྤེལ་མཁན་བར་གཅིག་གི་གཅིག་ལ་ཟུར་ཟའི་གཏམ་དང་ཚིག་རྩུབ་བེད་སྤྱོོད་མ་གནང་བའི་ཐོག་ནས་ནང་ཁུལ་མཐུན་འབྲེལ་དམ་ཟབ་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་བོད་མི་ཚང་མས་འགན་འཁུར་བཞེས་དགོས་པ་དེ་བཅའ་ཁྲིམས་དོན་ཚའ་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་མ་རེད་དམ?
ཁ་མིན་དོན་གྱིས་རང་བཙན་རྩོད་མཁན་དག་ནི་གུས་པའི་ཡུལ། ཕྱག་བྱ་བའི་ཡུལ། བསྟོད་པའི་ཡུལ་བཅས་ཡིན། ཁ་མི་གསོ་མཁན་གྱི་རྐུན་ཇག་འགས་རང་བཙན་གྱི་དར་ཆ་འཕྱར་ནས་ཕ་མེས་ཡང་མེས་ཚོས་འཇོན་མ་སོང་། ཕ་མེས་ཚོས་་བཙོང་ཡོད་མདོག་མདོག་གིས་སྐད་ཆ་བཤད་ན། རང་བཙན་གྱི་གཤེགས་པའི་དཔའ་བོ་དཔའ་མོ་རྣམ་པར་དམའ་ཕབ་པ་རེད། མ་གུས་པ་རེད། རྒྱ་སྒོར་ཟོས་ནས་རྒྱ་ཁྱིའི་ལས་བྱེད་མཁན་དག་གི་སྐེ་རྩ་བསྒག་དགོས་ནི་རེད།
ཁ་མིན་དོན་གྱིས་རང་བཙན་རྩོད་མཁན་དག་ནི་གུས་པའི་ཡུལ། ཕྱག་བྱ་བའི་ཡུལ། བསྟོད་པའི་ཡུལ་བཅས་ཡིན། ཁ་མི་གསོ་མཁན་གྱི་རྐུན་ཇག་འགས་རང་བཙན་གྱི་དར་ཆ་འཕྱར་ནས་ཕ་མེས་ཡང་མེས་ཚོས་འཇོན་མ་སོང་། ཕ་མེས་ཚོས་བོད་རང་བཙན་བཙོང་ཡོད་མདོག་མདོག་གིས་སྐད་ཆ་བཤད་ན། རང་བཙན་གྱི་གཤེགས་པའི་དཔའ་བོ་དཔའ་མོ་རྣམ་པར་དམའ་ཕབ་པ་རེད། མ་གུས་པ་རེད། རྒྱ་སྒོར་ཟོས་ནས་རྒྱ་ཁྱིའི་ལས་བྱེད་མཁན་དག་གི་སྐེ་རྩ་བསྒག་དགོས་ནི་རེད།
ཕོ་ཉ། མི་བཤོད་དགུ་བཤོད་མ་བྱེད། ཁྱེད་མྱི་སྲིད་པ་གསུམ་གྱི་སྡུག་ཅག་དང་བྱ་བ་ངན་པ་ཧ་གོ་ཤེས་ཞིག་གིས་རྒྱ་མིར་རང་བཙན་མ་བརྩོད་མཁན་ལ་རང་བཙན་རག་རྒྱུ་ཡོད་པ་དང་དེ་དུས་ཁྱེད་བོད་ལ་ལོག་རྒྱུ་མིན་པ་ཟེར་ཇི་ལྟར་ཡིན་ནམ། བོད་རྒྱལ་གཅེས་མི་མང་ལ་གདོང་བསྟན་མ་ནུས་པ་གང་གིས་བྱས། གཉིས་སུ་རང་བཙན་དང་དབུ་མ་གཉིས་ཁྱེད་དང་ང་བོད་ལ་ལོག་མ་ལོག་ཆེད་མིན་པར་བོད་མི་མང་གི་བདེ་སྐྱིད་དོན་དུ་ཡིན་པས་བརྩོད་ཤོག རང་བཙན་བརྩོད་ཤོག དབུ་མ་བརྩོད་ཤོག ང་གླེན་པས་གཉིས་ཀར་བརྩོད་གིན།
ངས་ཤེས་པ་ལ་ས་འོག་ས་སྟེང་ས་ལའམ་ས་ལྷའམ་ས་བླ་གང་ཡིན་མི་ཤེས་ཀྱང་དེ་གསུམ་ལ་སྲིད་པ་གསུམ་ཟེར། ས་སྟེང་གི་བྱ་ངན་དང་སྡུག་ཅག་གང་མཚམས་ཤིག་ངོས་ཤེས་ཀྱིས་ཁྱེད་ཀྱི་བཀོད་ལ་ངས་ཀྱང་འགའ་ཤས་འཕར་སྣོན་ཞུ་ཐུབ། ཡིན་ཀྱང་སྲིད་པ་གཞན་གཉིས་ཀྱི་བྱ་བ་ངན་པ་དང་སྡུག་ཅག་ངས་མི་ཤེས་པས་ཁྱེད་ཀྱི་ཁ་ཤས་རྫུབ་སྟོན་གནང་རོགས་ལ་མང་བ་དེབ་བམ་དཔེ་ཆ་གང་ཞིག་ཀློག་དགོས་ང་ལ་ལམ་སྟོན་ཞིག་གནང་དང་།།
ཉོན་དང་། དགྲ་དམར་པོར་ཐུག་དུས་ཞི་བདེ་བཤད་སྟངས་ལ་ཉོན་དང་།
ལྟོས་དང་། ནང་བོད་མིར་ཐུག་དུས་འཇིགས་སྐུལ་བྱེད་སྟངས་ལ་ལྟོས་དང་།
གསོན་དང་། དགྲ་དམར་པོར་ཐུག་དུས་གཉིས་ཕན་བཤད་སྟངས་ལ་གསོན་དང་།
གཟིགས་དང་། ནང་བོད་མིར་ཐུག་དུས་ཁ་འཐོར་བཏང་སྟངས་ལ་གཟིགས་དང་།
དབུ་མ་པ་ཚོ།་་་ཁྱོད་ཚོའི་བྱེད་་སྟངས་འདི་ནི་བོད་མི་རྒྱལ་གཅེས་པ་ཚོའི་སྙིང་གི་ན་ཟུག་རེད། སེམས་གི་སྡུག་བསྔལ་རེད། མིག་གི་མཆི་རེད་ད།་་་་་བསམ་བློ་ཐོངས་་་་མ་འོང་མཇུག་འབྲས་ཅི་ཡོང་བསམ་བློངས་ཐོངས།
ཀྱོག་ལོག་རྙ་མ་ལགས། འཇིགས་སྐུལ་སུས་བྱས་སོང་། བཀའ་ལོག་གླེང་འགེལ་མ་བྱེད། བོད་མི་ནང་དཀྲུག་བྱེད་མཁན་ཁྱོད་ལྟ་བུའི་མི་དེ་ཚོ་རེད། རང་བཙན་རྩོད་མཁན་དག་ཁྱོད་ནང་བཞིན་ཡོད་མ་རེད། རྒྱ་མི་དམར་པོ་དང་གདོང་ཐུག་འཆི་གསོན་འཐབ་རྩོད་བྱེད་ཀྱི་ཡོད་རེད།
བཀའ་ཡི་བདེ་འཇགས་ཕོ་ཉ་མཆོག་ལགས་སུ་ཞུ་གསོལ།
ང་ཅོ་རི་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཟེར་བཞིན་མེད། གོ་ནོར་མ་ཤོར་བ་བྱོས། ང་ནི་
རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་ལྟར་དགྲ་དམར་པོ་དང་གདོང་ཐུག་ནས་འཆི་གསོན་འཐབ་རྩོད་བྱེད་ཕོད་པའི་དཔའ་ནི་ང་ལ་མེད། ཁྱོད་བདེན། རྒྱལ་གཅེས་དཔའ་བོ་ཀླུ་བྱམས་ལྟར་བཤད་ཕོད་པའི་ཁ་ནི་ང་ལ་མེད།་་ཁྱོད་བདེན་་་་ངས་ནི་ང་རང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཟེར་མྱངས་མེད་དོ།་་ཧཧཧཧ
ལགས་སོ་ལགས་སོ་ཇོ་ཇོ་ཉི་མ་ལགས། དེས་ན་ཁྱེད་ཀྱིས་ཅི་ཡང་བྱས་མི་འདུག་ག འུར་ཞེད་པོ་ཞིག་བརྒྱབ་ནས་མཐོ་མཐོ་གཉན་གཉན་ཡོད་ཚད་ལ་ཁ་འདྲ་ཞིག་གཏོང་གི་འདུག ངའི་ཡིད་ལ་ཁྱེད་ཀྱིས་ད་ལྟ་རང་ལག་པ་གཉིས་ཀྱི་རྒྱ་མི་གུང་ཁྲན་ཏང་མ་རབས་ཤིག་གི་ཐོང་ག་ནས་འཇུས་བསྡད་མེད་གྲོ་བསམ་སོང་། དེ་འདྲ་ཡིན་ན་འུ་གཉིས་ལ་གཞན་ལ་ཁ་གཏོང་ཡ་ཐོབ་ཐང་ཁོ་རང་མི་འདུག་གོ།
ངས་ནི་ང་རང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཟེར་མྱངས་མེད་དོ།་་ཧཧཧཧ
ཅོ་རི་ཉི་མ། ཧ་ཧ་ཧ་ཟེར་ནའང་རེད་མ་ཟེར་ནའང་རེད་ཁྱེད་རང་བཙན་འཐབ་རྩོད་པ་མིན་པའི་དམ་བཅའ་འམ་དག་གཙང་དེ་མཆན་ཐུང་ངུ་སྟར་བཞིའི་ནང་ཐེངས་གཉིས་བཀོད་འདུག རྒྱ་གཞུང་གི་མཐོང་མཆན་རག་གི་མ་རེད་བསམ་པ་ཡིན་སྲིད། དེ་མ་རེད་དོ། ངས་བསམ་ན་རང་བཙན་རྩོད་མཁན་ཡིན་ཟེར་ན་ལམ་དབུས་མར་མ་གུས་མཁན་རེད་ཟེར་ཉེན་མཐོང་ནས་བྲིས་པ་ཡང་ཡིན་སྲིད། དེ་ཡང་མ་རེད་དོ། དམངས་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་བ་དང་ཡོད་པའི་གསལ་བཤད་ལམ་དབུ་མའི་ནང་བཀའ་ཕེབས་ཡོད། མཇལ་མ་སོང་ངས། འཇོན་རྒྱུ་མེད་པའི་ལམ་དབུས་མར་སྨད་མཁན་བྱས་ན་མི་འཐུས། རང་བཙན་ལ་རྩོད་ན་ཆུ་གྲོགས་དང་མེ་གྲོགས་ངེས་པར་ཡོང། རང་བཙན་རྩོད་དང། དབུ་མ་རྩོད་དང། ཤོག་ལེབ་དང་སྟོང་བཤད་དུ་མིན་པར་མིག་ཅན་གྱི་མཐོང་རྒྱུ་དང་མིག་དམན་པའི་མཐོས་རྒྱུ་ཡོད་པ་རྩོད་ཤོག མཐའ་མ་དམངས་གཙོས་ཐག་གཅོད་། ང་ཚོ་ཚང་མ་དམངས་གཙོ་ལ་མོས་མཁན་མ་རེད་པས།།
དབུ་མ་རང་བཙན་གཉིས་ཀ་རྩོད་དགོས་རེད།་་འདི་གཉིས་བར་ན་འགལ་བ་ཞིག་མེད་ཚུལ་བཤད་མཁན་ཚོས་ཉོན།
༡་་་་དབུ་མའི་ལམ་པ་བ་ཚོས་བོད་རིགས་ཡོངས་རྫོགས་རྒྱ་ནག་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་བཅུག་གི་ཡིན་ཟེར་གྱི་ཡོད་རེད། རང་བཙན་པས་བོད་རིགས་ཡོངས་རྫོགས་རྒྱ་ནག་དམར་ཕྱོགས་པའི་འོག་ཏུ་བསྡད་ཀྱི་མིན་པར་རང་ས་རང་བདག་དགོས་ཟེར་གྱི་ཡོད་རེད། འདི་གཉིས་འགལ་བ་མིན་ན་ཅི་རེད་དམ།
༢་་་་འཐབ་རྩོད་བྱེད་པར་འགྲོ་སོང་གཏོང་ཡ་དཔལ་འབྱོར་དགོས་པར་རེད། བཙན་བྱོལ་སྒྲིགས་འཛུགས་ཀྱིས་དབུ་མའི་ལམ་གྱི་འཐབ་རྩོད་ཀྱི་ཆེད་དུ་ལོ་རེ་ལ་ཧན་སྒོར་ས་ཡ་༤༠༠ གཏོང་ཆོག་པར་གྲོས་ཚོགས་ཀྱིས་གཏན་འབེབ་བྱས་བསྡད་ཀྱི་ཡོད་རེད། རང་བཙན་འཐབ་རྩོད་ཀྱི་ཆེད་དུ་གྲོས་ཚོགས་ནས་སྒོར་མོ་གཅིག་འགྲོ་སོང་སྤྲད་ཀྱི་ཕར་ཞོག རང་བཙན་མ་དངུལ་ལག་དེབ་ཀྱང་དང་བླང་བཅའ་ཁྲལ་ལ་བསྒྱུར་ནས་རང་བཙན་མ་དངུལ་མེད་པར་བཟོ་ཚར་བ་རེད། འདི་གཉིས་འགལ་བ་མིན་ན་ཅི་རེད་དམ།
༣་་་་་འཐབ་རྩོད་བྲེད་པར་སྡིངས་ཆ་དགོས་པར་རེད། དབུ་མ་ལམ་པ་བ་ཚོས་བཙན་བྱོལ་བོད་པའི་སྡིངས་ཆ་ཡོངས་རྫོགས་བེད་སྤྱོད་ཆོག་གི་རེད། རང་བཙན་བཤད་སའི་སྡིངས་ཆ་མི་སྤྲད་པ་དང་། སྤྱི་པའི་ཚོགས་ཁང་སོགས་གཡར་གི་མ་རེད། འདི་དབྱེ་འབྱེད་དང་འགལ་ཟླ་མིན་ན་ཅི་རེད་དམ།
༤་་་་འཐབ་རྩོད་བྱེད་པར་གོ་གནས་དགོས་རེད། དབུ་མའི་ལམ་པ་བ་ཚོ་ལ་གོས་གནས་རག་ཡོད་རེད། མཐོ་སྲིད་སྐྱོང་ནས་ས་གནས་འགན་འཛིན་བར་དུ་གོ་གནས་རག་ཡོད་རེད་ལ་སྤྲད་ཡོད་རེད། རང་བཙན་འཐབ་རྩོད་པ་ཞིག་ལ་སྲིད་སྐྱོང་གི་གོ་གནས་སྤྲད་ཀྱི་ཕར་ཞོག་གྲོས་ཚོགས་ནང་གི་སྤྱི་འཐུས་ཀྱི་གོ་གནས་ཙམ་སྤྲད་ཁ་པོ་རེད། འདི་གཉིས་འགལ་བ་མིན་ན་ཅི་རེད་དམ།
༥་་་་འཐབ་རྩོད་བྱེད་པར་བོད་རང་གི་ངོས་ནས་ཁྲིམས་མཐུན་ཡིན་པར་ངོས་ལེན་དགོས་རེད། དབུ་མའི་ལམ་གྱི་རྒྱལ་བཙོང་དག་གིས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཆུང་ཆུང་ཞིག་ལ་བསྒྱུར་ཚར་བ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ཅེས་པའི་མིང་ཙམ་ཡང་མེད་པར་བཟོས་ཚར་བ་རེད། རང་བཙན་འཐབ་རྩོད་བྱེད་དགོས་ན་ཐོག་མར་བོད་མིའི་ཁྲིམས་ཐོག་ནས་བོད་རྒྱལ་ཁབ་དང་བོད་རང་བཙན་ཁས་ལེན་དགོས་རེད། འདི་ཚོ་འགལ་ཟླ་མིན་ན་ཅི་རེད་དམ།
སྤྱིའི་ཆ་ནས་རང་བཙན་དང་དབུ་མ་གཉིས་ཀ་རྩོད་དགོས་རེད། འདིར་གཉིས་འགལ་བ་ཡོད་མ་རེད་ཟེར་ནས་གསུངས་བསྡད་མཁན་ཁྱོད་ཚོ་ཏྭ་ལའི་བླ་མ་ལ་སྐྲག་ནས་ཨུ་ཐུག་པ་ཡིན་གྱི་རེད། མ་གཏོགས་འགལ་ཟླ་མི་མཐོང་བར་ག་ལ་རེད། ཏྭ་ལའི་བླ་མ་ལ་ཅི་ཙམ་སྐྲག་ནའང་དྲང་བདེན་རྡོག་རོལ་བཏོང་ན་ལུགས་མཐུན་ག་ལ་ཡིན། རྗེས་སུ་དབུ་རང་འགལ་བ་མེད་ཚུལ་གྱི་སྐད་ཆ་བྱབ་ཆུང་འདིའི་རིགས་མ་ཤོད་རོགས་བྱོས་ཅེས་ཞུ་བ་ཡིན།
ཀྱོག་རི་རྙ་མ་ཡ་ཀྱོག་རི་རྙ་མ། གློས་བཤད་རྒྱག་གི་མ་འདུག བོད་ཀྱིས་རང་བཙན་ཤོར་དོན་དང་ཤོར་ནས་མི་ཐོབ་དོན་ཁྱོད་དང་ཁྱོད་འདྲ་འདྲ་གླེན་གློས་བླུན་གསུམ་མང་བས་རེད། ཁྱོད་བུ་ཡིན་ན། བུ་ལ་སྙིང་ཡོད་ན། སྙིང་ལ་རུས་པ་ཡོད་ན། སོང་། རང་བཙན་རྩོད་ཀི་སོང་། སུས་ཀྱང་ཁྱོད་ལ་རང་བཙན་རྩོད་པའི་ལམ་ཁ་བཀག་ཡོད་མ་རེད། འགོག་གི་ཡང་མ་རེད། ལག་ལེན་སྐྱག་སྒོང་སྐམ་པོ་ཞིག་ཀྱང་མེད་པར་ཁ་ཤོམ་འཐེན་ནས་ཅི་བྱའམ། ངོ་ཚ་རྒྱུ་མེད་པ་དེ་འདྲ་ག་རེ་རེད། ལྕགས་དང་ཁྲོ་ཡི་ངོ་ཡིན་ནམ། གླང་གོག་གི་ཀོ་བའི་ངོ་རེད། རང་བཙན་རྩོད་མཁན་ལ་དབང་ཆ་དགོས་མདོག་མདོག དངུལ་དགོས་མདོག་མདོག ཚོགས་ཁང་དགོས་མདོག་མདོག དབང་ཆ། དངུལ། ཚོགས་ཁང་། ཧ་ཧ། གློས་རྒན་ཁྱོད་ཀྱི་ཕ་སུ་ཡིན། གློས་ནག་ཁྱོད་སུའི་བུ་ཡིན། ཁྱོད་ཀྱིས་བཏོན་པའི་ཆ་རྐྱེན་འདི་གསུམ་རང་བཙན་རྕོད་མཁན་ཞིག་གི་རྐང་ལག་དང་ཀླད་པ་ནང་བཞིན་རེད་བསམ་གྱིན་འདུག་གེ། ཧ་ཧ། ཁྱོད་འདྲ་འདྲའི་མི་རྣམས་ལོ་རྒྱུས་ཀྱི་མིག་ནི་ལྡོང་། རྗེས་དཔག་གི་རྣམ་དཔྱོད་ནི་རྟུལ། དཔའ་སྤོབ་ཀྱི་རྐང་ལག་ནི་ཞ། ཉིན་རྟག་པར་ངུ་འབུད་གནམ་སར་མི་ཤོང་བ་ལྟ་བུ་བྱེད་ཀི་མ་འདུག ཁྱོད་ལ་དེ་འདྲའི་རང་བཙན་རྩོད་རྒྱུའི་སྙིང་སྟོབས་དང་ཆོད་སེམས་ཡོད་ན། ང་གཉིས་མཉམ་པོར་རྩོད་དུ་འགྲོ། ཁྱོད་ཀྱི་བྱེད་སྟངས་འདི་ལ། གནའ་མི་ཚོས་ཅོ་ནེ་དཔོན་པོར་སྡིགས་མོ་བྱས་ཟེར་ནས་གད་མོ་འགྲམ་སོ་འཐོར་ལ་ཁད་དགོད་ཀི་རེད། རྗེས་སོར་གློས་བཤད་ལ་ཚོད་ཡོད་པར་གྱིས་ཤིག དཔའ་སྤོབ་དང་རྣམ་དཔྱོད་ཡོད་ན་མར་ཐོན་ཤོག རང་བཙན་རྩོད་དུ་འགྲོ། ཡོང་མ་ཐུབ་ན་ནམ་རྒྱུན་གང་ཞིག་ནས་ངུ་འབོད་བྱེད་ཀི་མ་འདུག
བདེ་འཇགས་ཕོ་ཉ་མཆོག
ཁྱོད་དང་མཉམ་དུ་རང་བཙན་རྩོད་མཁན་ཤོག་ཨེ་་་་ཧཧཧ ཁྱོད་ལ་ཁྱི་རྒན་ཞིག་དཔའ་སྤོབས་ཙམ་ཡང་ཡོད་པེ་་་་་་ཡོད་ན་རང་ཉིད་ངོ་སྤྲོད་ཤིག་བྱོས་དང་། རང་མིང་ངོ་མ་ཞིག་བྲིས་དང་། དེ་ཙམ་མི་ཕོད་པར་རང་བཙན་རྩོད་ཀྱི་ཡིན་ཨེ། ཏྭ་ལའི་བླ་མ་ལ་སྐྲག་ནས་སུག་བཞི་ས་ལ་གཙུགས་མཁན་གྲལ་ཡིན་འགྲོ་་་་་ཨོ་་་་་ཧཧཧཧ
ཁྱི་རུལ་རྙ་མ་ཁྱི་ཁ་བཙུམ་ནས་སྡོད། བོད་ཀྱི་བླ་བཙོང་བ།
ཅོ་རི། ངས་ཁྱོད་རང་བཙན་རྩོད་མཁན་མིན་པའི་ཁུངས་མཆན་གོང་མ་ཞིག་ནང་བཀོད་ཡོད། ད་ཆ་དངོས་དོན་རྟོགས་དུས་ཁྱེད་རང་བཙན་མཁའ་ལ་ཕྱར་ནས་དོན་དུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཡིན་འདུག་ག ཧ་སངས་གི་མིན་འདུག ཁྱེད་མི་དང་པོ་མ་རེད་ལ་མཐའ་མའང་ཡིན་མི་སྲིད། ཧོན་ཐོར་གྱིན་སོ་སོའི་བདེ་དོན་གྱི་རྩ་བ་སོགས་དང་མཐའ་ན་འདི་འདྲའི་ཁ་བདེ་པོ་ཤོད་ཐུབ་རྒྱུ་དེ་ཡང་ཁོང་གིས་བཀའ་དྲིན་ལས་བྱུང། དེ་མིན་དཔོན་དང་དབང་བཤད་པ། གཅིག་བསྡུས་རིང་ལུགས་སོགས་ཡིན་ན་ཧམ་བཤད་འདི་འདྲ་ཤོད་རྒྱུ་ཕར་ཞག་སྐད་ཆ་ཤོད་པར་ཁའང་གདངས་འཇུག་གི་མ་རེད། ཁྱེད་ལ་མཐོང་དང་གོ་གནས་མེད་པ་ཁྱེད་རས་བྱེད་སྟངས་ལས་མ་བྱུང་པ་རེད།
ཁྱེད་ཀྱི་དབུ་མ་དང་རང་བཙན་དབར་གྱི་དོན་ཚན་ལྔ་དེ་ཕྲུག་གུའི་སྐད་ཆ་ལས་ལྷག་མིན་འདུག རང་བཙན་རྩོད་མཁན་གྱི་ཚོགས་པ་རྒྱ་གྲགས་བོད་གྲགས་ཀྱི་མཐོང་རྒྱུ་མཐོས་རྒྱུ་ཡོད་པ་མང་པོ་དང་ཚོགས་མི་ཡང་སྟོང་ཕྲག་མང་པོ་ཡོད་པ་འདུག བྱེད་རྒྱུ་འབྱོན་རྒྱུ་མེད་པའི་དྲིན་ལན་ལོག་འཇལ་བའམ་གླེན་པ་ནང་བཞིན་རེ་གཉིས་ལས་མེད། བདེན་པ། ཆོས་དར་སར་བདུད་དར་རོ།།