—-འཇམ་དབྱངས་དཀར་པོ།
《རྒྱ་དམར་བོད་ནས་མཐའ་སྐྲོད་གཏོང་དགོས། རྒྱ་དམར་བོད་ནས་ཕར་རྒྱུགས།》འདི་ལོ་ངོ་དྲུག་ཅུའི་རིང་ལ་ང་ཚོའི་སེམས་ནད་སངས་བྱེད་ཀྱི་འབོད་ཚིག་ཅིག་རེད། སྐབས་ཤིག་ལ་བཀའ་ཤག་གིས་འབོད་ཚིག་འདི་སྒྲོག་མི་ཆོག་པའི་བཀའ་ཁྱབ་ཀྱང་བཏང་མྱོང་། ཅིའི་ཕྱིར་ཞེ་ན། བོད་རྒྱ་ཞི་མོལ་གྱི་ཆེད་དུའོ།།
འབོད་ཚིག་དེ་ཅི་ཙམ་བསྒྲགས་ཀྱང་རྒྱ་དམར་བོད་ནས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཇེ་མང་དུ་འགྲོ་བའི་རྒྱ་དམར་རྣམས་ཇག་པ་དང་རྐུན་མ་ཏག་ཏག་ཡིན་ཚོད་གདའ།
རྒྱ་མི་དམར་པོ་ངེད་བོད་པ་ཚང་གི་སྒོ་ནས་མ་འཛུལ་བར། ངེད་ཚང་གི་བྱིས་པ་རྣམས་ཀྱི་ཁ་ངོ་གཙང་མ་ཡིན་ལ། དབང་པོ་ཁ་ཚང་ཡིན། ངེད་ཚང་གི་གངས་རིའི་དབུ་རྩེ་མཐོ་བོ་ལ། སྤང་རྒྱན་མེ་ཏོག་ཡག་མོ་ཡིན།
མ་གཞི་འཛམ་གླིང་འདིར་《རྒྱ་མི་དམར་པོ་དང་གཅིག དུག་སྦྲང་དང་གཉིས། ཞུ་ལུ་མ་དང་གསུམ་》མེད་སའི་ས་ཆ་མེད་དུས་ཙ་ནས། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལ་ཡང་རྒྱ་དམར་པོ་ཚོ་ཅིས་ཀྱང་ཡོད་ངེས་རེད།
སེམས་ཅན་འདི་དག་ས་གནས་གང་དུ་ཡང་ཡོད་ཆོག་མོད། འདི་ཚོ་ཡོད་ས་ན་བདེ་སྐྱིད་མེད་ལ། ལྷིང་འཇགས་དེ་བས་ཀྱང་མེད།
༡) བོད་ལ་རང་དབང་དགོས།
༢) བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།
༣) ཏཱ་ལའི་བླ་མ་ཕ་ཡུལ་ལ་ལོག་ཆོག་དགོས།
གངས་སེང་རྟགས་ཅན་གྱི་དར་ཆ་གཟི་བརྗིད་ཅན་འཁྱེར་བའི་མགོ་སེར་བོད་དགའ་ཚོས་དེ་ལྟར་སྐད་བརྒྱབ།
རྒྱ་དམར་པོ་ཚོ་རྦད་དེ་དམར་པོ་ཡིན། དར་ཆ་དམར་པོ་ཡིན་ལ། གྱོན་པ་དམར་པོ་ཡིན། རྣམ་འགྱུར་དམར་པོ་ཡིན་ལ། ཀུན་སྤྱོད་དམར་པོ་ཡིན། ཚིག་དམར་པོ་ཡིན་ལ། ལག་པ་དམར་པོ་ཡིན།
རྒྱ་དམར་ཚོའི་ལག་པ་དམར་པོ་དེ་དག་གིས། ངེད་ཁ་བ་བོད་པ་ཚང་གི་གངས་སེང་རྟགས་ཅན་གྱི་དར་ཆ་བརྗིད་པོ་དེ་ཅེཀ་གཙང་པོ་ལ་གཡུག་དུས། ཅེཀ་གཙང་པོའི་ཆུ་ཀློང་གིས་འཁྱེར་བའི་དར་ཆ་དེའི་བདག་པོ་སུ་ཡིན་ནམ།
རྒྱ་དམར་པོ་ཚོ། ནམ་ཞིག་ན་་་་ཁྱོད་ཤི་ང་གསོན་གྱི་གཡུལ་ཆེན་མོ་ཞིག་འགྱེད་ཚེ། གངས་སེང་རྟགས་ཅན་གྱི་དར་ཆ་བརྗིད་པོ་དེ་རི་བོ་ཧི་མ་ལ་ཡི་དབུ་རྩེ་ནས་ལྷབ་ལྷུབ་ཏུ་བསྐྱོད་ངེས།
སྤྱི་ལོ་༢༠༡༦ ཟླ་༣ ཚེས་༣༡ ཉིན།
ཡག་པོ་བྲིས་འདུག གསོན་ཤུགས་དང་། ལ་རྒྱ། སྤོབས་པ་ལྡན་འདུག ཁྲེལ་མེད་དམར་སྤྱང་ཚོས་རྒྱ་ནག་དང་བོད་ནང་གང་དྲན་དྲན་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་པས་བརྫི་ཆོག་ཀྱང་། རང་དབང་དམངས་གཙོའི་ལུང་པ་ན་དེ་ལྟར་བྱེད་ས་མེད་པའི་ར་སྤྲད་སོང་། ཅེག་གི་མི་རྣམས་བཀའ་དྲིན་ཆེ། བོད་རྒྱལ་གྱུར་ཅིག བདེན་པ་ཉིད་རྒྱལ་ལོ།།
ཀརྨ་བློ་གསལ་ཡོད་ས་ན་གདུག་འདྲེ་ཡོད། གདུག་འདྲེ་ཡོད་ས་ན་ལྷིང་འཇགས་མེད། གདུག་འདྲེ་དང་རྒྱ་དམར་གཅིག་པ་རེད། གདུག་འདྲེ་དང་རྒྱ་དམར་བར་ན་ཀར་བློ་ཡོད།
ཅེག་རྒྱལ་སོང་། རྒྱ་ཕམ་སོང་། བོད་རྒྱལ་ལོ།།
བློ་བཟང་སེངྒེ་ངོ་རྒོད་བྱེད་མཁན་བོད་པ་ཚོས་སྟེང་ལ་ངར་ལངས་བཞིན་ཞིས་ཅིན་ཕེན་ལ་དགོངས་དག་ཞུ་ཡོད་པ་མིན་ནམ།
རྒྱལ་དར་སེང་གེ་ཁ་སྤྲད་ཆུ་ནང་དུ་གཡུགས་དུས་སེང་གེའི་མིང་ཅན་གྱི་སྲིད་སྐྱོང་ཁོང་ཐུགས་ཕམ་པོ་བྱུང་ཡོད་ཀྱི་རེད།
རྒྱ་དམར་གཞུང་མགོ་གཏིང་མ་ལོག་པར་ངེད་བོད་པ་ཚང་ལ་བདེ་སྐྱིད་ཅིག་མེད་པ་ཐག་ཆོད་རེད།
རྒྱ་དམར་ཡོད་ན། སྡུག་རྩུབ་ཡོད། བོད་པ་ཡོད་ན། སྡུག་འཁུར་ཡོད།