རྩོམ་པ་པོ། ཚེ་རིང་རྡོ་རྗེ།
བཙན་བྱོལ་བོད་མི་ཁ་ཅིག་གིས་བོད་དོན་ལས་འགུལ་དུ་རྒྱ་ནག་གི་རྒྱལ་དར་སྲེག་པ་ནི་གླེན་
རྟགས་ཤིག་ཡིན་པར་འདོད། དམངས་གཙོའམ་སྒེར་གཅོད་པའི་རྒྱལ་ཁབ་གང་ཡིན་ཡང་དེ་ལ་
རྒྱལ་ཁབ་ཀྱི་མཚོན་རྟགས་རྒྱལ་དར་རེ་ཡོད་པ་དང་། རྒྱལ་དམངས་ཀྱི་ཁྲོད་ན་སྲིད་དབང་སྒེར་
གཅོད་ལམ་ལུགས་སམ་སྲིད་འཛིན་ཚོགས་པ་ལ་མི་དགའ་བ་ཡོད་ཀྱང་། ཁོ་ཚོ་རང་གི་རྒྱལ་དར་ལ་
མི་དགའ་བས་མ་ཁྱབ། རྒྱ་ནག་མི་དམངས་ལ་མཚོན་ན། སྐར་ལྔའི་དར་དམར་ནི་རང་གི་རྒྱལ་ཁབ་
ཀྱི་མཚོན་རྟགས་སུ་བརྩི་བ་དང་དེ་ལ་དགའ་ཞེན་ཡོད་པའི་གནས་ལུགས་དེ་ཀུན་ལ་གསལ་བ་སྨྲས་
ཅི་དགོས། རྒྱ་ནག་རྒྱལ་འབངས་ཀྱི་ནང་ན་རྒྱ་གུང་ཁྲན་ཏང་ངམ་རྒྱལ་ཁབ་ཀྱི་ལམ་ལུགས་ལ་ཞེ་འཁོན་གྱི་མེ་འབར་བ་ཡོད་ཀྱང་། ཁོ་ཚོས་རང་གི་རྒྱལ་དར་མེ་ལ་སྲེག་པ་ཤིན་ཏུ་ཉུང་། མདོར་ན་རྒྱ་མི་དུང་
ཕྱུར་བཅུ་གསུམ་གྱི་སེམས་ན་སྐར་ལྔའི་དར་དམར་ནི་རང་ཉིད་མཚོན་བྱེད་ཀྱི་ཁྱད་ནོར་ཞིག་ཡིན་པ་དང་། ཁྱད་ནོར་དེ་སྲེག་ཚེ་ཁོ་ཚོའི་སེམས་སྲེག་པ་དང་གཉིས་སུ་མ་མཆིས།
དེའི་ཕྱིར། རྒྱ་ནག་གི་རྒྱལ་དར་སྲེག་པའི་བཙལ་བྱོལ་བོད་མི་དེ་ཚོར་འབོད་སྐུལ་ཞུ་རྒྱུར། ཁྱོད་ཚོས་
མིག་ཟུང་ལེགས་པར་ཕྱིས་ན་ལྟོས་དང་། བོད་དོན་འཐབ་རྩོད་ཀྱི་ཁ་གཏད་ས་དེ་རྒྱ་ནག་མི་མང་
ག་ལ་ཡིན། བོད་རྒྱལ་ཁབ་ནི་རྒྱ་ནག་མི་མང་གིས་བཙན་བཟུང་བྱས་པ་མིན་པར་རྒྱ་ནག་གུང་ཁྲན་
ཏང་གིས་སྒེར་བཟུང་བྱས་པ་དང་། དེ་ནི་བོད་མི་སྡུག་ལ་སྦྱོར་མཁན་གྱི་གཏེ་བོ་དང་བོད་ཀྱི་སྤྱི་དགྲ་
ཡིན། སྲེག་འདོད་ན་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་རྟགས་དེ་སྲེག་དགོས།
རྒྱ་དར་བསྲེགས་ནས་བོད་རྒྱ་མི་མང་བར་ལ་འཁོན་སེམས་སློང་བའི་བྱ་བྱེད་དེ་མཚམས་འཇོག་རན་ནོ།།
ང་དེ་ལ་རྩ་བ་ནས་མོས་མཐུན་མེད།
གང་ཡིན་ཞེས་ན་་་་་རྒྱལ་ཁབ་ཅིག་ལ་མཚོན་དོན་གསུམ་ཡོད་
༡༽རྒྱལ་བོ་རེད།
༢༽རྒྱལ་དར་རེད།
༣༽རྒྱལ་རྟགས་རེད།
དེའི་ནང་དུ་རྒྱལ་རྟགས་དམར་པོ་གཞུང་གི་མཚོན་རྟགས་ཡིན་པ་དང་
རྒྱལ་དར་མ་ཡིན་པའི་སྒྲུབ་བྱེད་ཅིག་མི་འདུག་བསམ།
་་་་་་་་ད་དུང་མང་ཡང་རྗེས་ལ་བྲིས་ཆོག་་་་་་་་
སྡར་རྟགས་ལས་ཅི་ཡང་མ་རེད། མ་དགའ་ན་དགའ་བའི་རྟགས་མཚན་བསྟན་ལོས་དགོས། ཁ་ནས་མི་དགའ་བ་ཙམ་བཤད་པའི་སྤོབས་པ་མེད་ན། རང་དབང་མ་དགོས་ཇ་མ་ཡང་རེག་རྒྱུ་ཁག་པོ་རེད། ཀྱག་ཀྱོག་གི་མི་ཚེ་དེ་འདྲ་འཇམ་པོ་ཞིག་ག་ལ་ཡིན།
གསེ་རི་ཡིས་མི་ཚོས་རྒྱ་ནག་གི་དར་ཆ་སྲེགས་པ་མ་མཐོང་ངམ། རྒུ་སེ་མི་ཁ་ཤས་ཀྱིས་ཡོ་རབ་ཀྱི་དར་ཆ་སྲེགས་པ་མཐོང་ངམ། ཁྱེད་ཀྱིས་དར་ཆ་མ་སྲེགས་ན་རྒྱ་ནག་གིས་ཉིད་ལ་བློ་ཁོག་མེད་པ་བརྩི་རྒྱུ་ལས་བསམ་ཤེས་ནམ་ཡང་བརྩི་རྒྱུ་མ་རེད། ནད་ཡམས་འདི འདྲ བོད་ཀྱི་སྤྱི ཚོགས་ནང་འཁུར་མ་ཡོང་རོགས།
རྒྱ་དར་མ་རེད་ཀྲུང་གོའི་དར་རེད་ལགས། ང་ཚོས་རྙོག་འཛིང་འདི་ཡང་རྒྱ་བོད་རྙོག་འཛིང་མ་རེད། བོད་ཀྲུང་གོའི་ཆ་ཤས་སུ་འདུག་མི་འདུག་གི་རྙོག་འཛིང་མ་རེད་དམ།
སྐར་མ་ལྔའི་དར་ཆ་རྒྱ་ནག་གི་རྒྱལ་དར་ཡིན་ཙང་མ་སྲེག དམར་པོའི་གཞུང་དེ་རྒྱ་ནག་གི་གཞུང་སོང་ཙང་ངོ་རྒོལ་མ་གྱིས། རྒྱ་དཔོན་དེ་ཚོ་རྒྱ་ནག་གི་དཔོན་པོ་སོང་ཙང་ག་པར་ཕེབས་ན་ཡང་དགའ་བསུ་གྱིས། རྒྱའི་དམར་དམག་རྒྱ་ནག་གི་དམག་སོང་ཙང་བསད་རྡུང་ག་རེ་བྱེད་ནའང་ཁ་བཙུམས། ང་ཚོ་ལྷོད་ལྷོད་ངང་ཅི་ཡང་མི་བྱ་བར་སྒུག་དང་ལོ་ཁ་ཤས་ནས་རྒྱ་མི་ཚོས་ཁྱོད་ཚོ་བོད་མི་ཡག་པོ་དང་ཉམས་ཆུང་འདུག་ད་རང་བཙན་ཡིན་ད་ཟེར་ནས་སྤྲད་ཡོང་གི་རེད། ང་ཚོས་ཁོ་ཚོ་སྤྲོ་སླང་ན་འགྲིག་གི་མ་རེད་ད།
ཚེ་རིང་རྡོ་རྗེ་ཟེར་བ་དེས་བསམ་ཚུལ་བཤད་པ་དེར་མོས་མཐུན་ཡོད་མེད་ཁ་ཁ་རེད། དྲ་འབུ་ལ་ལས་བསམ་ཚུལ་གྱི་དོན་དག་ཕར་གཡུགས་ནས་མི་སྒེར་ལ་དམའ་འབེབ་རྩིས་བྱེད་པ་དེ་མི་ངན་གྱི་བྱ་སྤྱོད་རེད།
རྩོམ་དེའི་བོད་ཡིག་གི་དག་ཆ་ལེགས་པོ་འདུག བོད་ཡིག་ཡག་པོ་སྦྱངས་ཡོད་ས་རེད། ཡག་པོ་རེད།
རྒྱ་མིས་ང་ཚོའི་རྒྱལ་ཁབ་རྩ་བརླག་བཏང་མ་ཚད་ལུང་པ་སྲོང་པ་བཟོས་པ་རེད། ཕུ་ནུ་མིང་སྲིང་ས་ཡ་གཅིག་དང་ཚེག་དྲུག་ཙམ་དམར་གསོད་བཏང་པ་རེད། ད་དུང་མུ་མཐུད་བསད་རྡུང་སྐོར་གསུམ་བྱེད་བཞིན་པ་རེད། དེས་མ་ཚད་༧སྐྱབས་མགོན་རིན་པོ་ཆེའི་སྐུ་པར་མེར་སྲེག་དང་རྡོག་རྫིས་བྱས་དང་བྱེད་བཞིན་པའི་མཐོང་ཆུང་དང་ཁྱད་གསོད། དམའ་འབེབ་དང་གཉའ་གནོན་སོགས་བོད་མིའི་སེམས་ནས་བཟོད་ཐབས་མེད་པའི་ལས་འགུལ་འདི་དག་ལ་མི་སྙམ་པར་རྒྱ་དམར་གུང་བྲན་གྱི་དར་དམར་ཞིག་མེར་སྲེག་བཏང་བར་དེ་འདྲའི་སེམས་འཚབ་དང་སྡུག་སྐད་ཤོར་དགོས་དོན་གང་ཡིན་ན། སྐབས་འདིར་གསལ་བོར་བཤད་རྒྱུ་ཞིག་ལ། རྒྱ་ནག་མང་གཙོ་དོན་གཉེར་པ་རྣམས་ཀྱིས་ཁོང་ཚོས་གསར་བཟོ་བྱས་པའི་དར་ཆ་ཁྱེར་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་མ་གཏོགས་རྒྱའི་དར་དམར་འཕྱར་གྱི་མེད་པ་འདིས་ཀྱང་དོན་དག་ཅིག་གསལ་བཤད་བྱེད་ཀྱི་འདུག་སྙམ།
xxxxxxxxxxxxxxxxxxxxxxxxxxxxxxxxx
རྩོམ་དེའི་བོད་ཡིག་གི་དག་ཆ་ལེགས་པོ་ཡོད་མེད་དང་།
བོད་ཡིག་ཡག་པོ་སྦྱངས་རྒྱུ་ཡིན་མིན་ང་ལ་འབྲེལ་བ་ཅི་ཡང་མེད།
དེ་ལས་གལ་ཆེ་བ་ནི།
ད་ལྟའི་པར་དུ་ང་ཚོའི་གཞུང་དམངས་གཉིས་ཀྱིས
རྒྱའི་མི་རིགས་ལ་རེ་བ་བརྒྱབ་ནས་ཡོངས་བ་རེད་དེ།
ཡིན་ནའང་༢༠༠༨ནས་ད་བར་དུ
རྒྱ་མི་ཚོའི་ཧམ་པ་ཆེ་རུ་འགྲོ་ཚུལ་ལ་ལྟོས་དང་།
གཅིག་བྱས་ན་བརྙན་ཐུང་འགའ་རེ་ནང་དུ་མཐོང་ཡོད་རྒྱུ་རེད།
ལས་རྒྱུ་འབྲས་མེད་པ་ངོ་ཚ་མེད་པ།
དེ་ཚོས་སྒོར་གྱི་ཆེད་དུ་ཕ་ཡང་བསོད་ལ་བུ་ཡང་བཙོང་སྲིད།
མི་རིགས་འདི་འདྲ་ཞིག་ལ་མཐུན་འབྲེལ་མེད་ཀྱང་ཆོག
ད་་་་་རྗེས་མ་ནས་འདིའི་འདྲའི་སྐོར་བཤད་མ་ཡོངས་རོགས།།
བོད་མི་སྤུན་ཟླ་ལ་ལར་ཞུ་རྒྱུར།
རྟག་དཔྱད་མེད་པར་རྒྱ་མིས་ག་གེ་མོ་བྱས་སོང་ཟེར་ནས་རྒྱ་ནག་མི་མང་ལ་ཕོག་ཐུག་མ་བཏང་ན་བཟང་། རྒྱ་མིའི་ནང་ན་བློ་གཟུར་བོས་བོད་རང་བཙན་ལའང་རྒྱབ་སྐྱོར་གནང་མཁན་ཡོད་པ་མ་ཤེས་སམ། དཔེར་ན། ཚའོ་ཁྲང་ཆིན་ལྟ་བུ། རྒྱ་ནག་གཞུང་ཟེར་བ་མཐར་གཏུགས་ན་རྒྱ་ནག་དམར་ཕྱོགས་ཀྱིས་དབང་སྒྱུར་གྱིན་ཡོད་པ་དང་། རྒྱ་ནག་དམར་ཕྱོགས་ཀྱི་རང་བཞིན་ལ་ཤེས་རྟོགས་མེད་ན། བོད་རྒྱ་མི་མང་གི་འབྲེལ་བའི་གནད་དོན་གྱི་མཐིལ་རྟོགས་དཀའ།
ཕྱོགས་ལ་ལའི་ངོས་ན་བལྟས་ན། ང་ཚོས་རྒྱལ་ཁབ་ཤོར་བའི་སྡུག་བསྔལ་དེ་རྒྱ་མི་ཚོ་དང་མི་འདྲ་བ་མ་གཏོགས། བོད་རྒྱ་མི་མང་གཉིས་ཀས་རྒྱ་ནག་དམར་ཕྱོགས་ཀྱི་དབང་སྒྱུར་འོག་ན་སྡུག་གཅིག་མཚུངས་མྱངས་དང་མྱོང་གིན་འདུག དཔེ་མཚོན་ཞིག་དྲངས་ན། དྲུག་བཞིའི་འོས་ལངས་དྲག་གནོན་དང་། ཧྥ་ལོན་གུང་ཚོགས་པ་དྲག་ནོན་དང་ཚོགས་མིའི་དོན་ལྔ་སྣོད་དྲུག་གསོན་པོར་བླངས་ནས་བཙོངས་པ། ས་ཞིང་དང་སྡོད་ཁང་ཤོར་ནས་གཏུགས་བཤེར་བྱེད་མི་ཚོར་མནར་གཅོད་དང་སྨྱོན་པར་བཏང་བ་ལ་སོགས་པ་ལྟ་བུའོ།།
དོན་གྱི་རྡོ་ཁ་ཧྲིལ་གྱིས་དྲིལ་ན། བོད་ཀྱི་རང་དབང་ཤོར་བ་དང་བོད་མིས་སྡུག་པོ་མྱངས་དང་མྱོང་བཞིན་པ་དེ་རྒྱ་ནག་གམ་ཀྲུང་གོའི་སྲིད་དོན་པ་གདུག་རྩུབ་ཅན་ཁ་ཅིག་གིས་བྱས་པ་རྒྱུ་མཚན་དུ་བཟུང་ནས། རྟོག་ཞིབ་མེད་པར་རྨོངས་ཚོད་ཀྱིས་རྒྱ་ནག་པ་ཐུན་མོང་ལ་དགྲར་འཛིན་གྱི་རྣམ་འགྱུར་སྟོན་པ་མི་འོས་པར་སྙམ་མོ།།
དེ་སྔ་མཐོ་ནས་གོང་ས་མཆོག་དང་དམའ་ནས་ང་ལྟ་བུ་ཚོང་མས་བོད་རྒྱ་གྲོས་མོལ་ལམ་ནས་དཀའ་ངལ་སེལ་བའི་ཐབས་ཤེས་ལ་བཙོན་པ་ཚོང་མས་འཁྱེན་གསལ་རེད། ཡང་དགོས་འཛམ་གླིང་ནང་གི་རྒྱལ་ཁབ་དང་ཚོགས་པ་མི་མང་ལ་སོགས་བོད་དོན་རྒྱོབ་སྐྱོར་གནང་མཁན་ཚོང་མས་བོད་རྒྱ་གྲོས་མོའི་ངང་ནས་དཀའ་ངལ་སེར་ཐབས་དང། རྒྱ་ནག་ལ་གོང་ས་མཆོག་དང་གྲོས་མོལ་དགོས་ཟེར་ནས་གནོད་ཤུག་སྤྲོད་གི་ཡོད་པ་རེད། གལ་སྲིད་གྲོས་མོ་དགོས་ན་མི་སུ་ཡིན་ཡང་ཐག་ཉེ་རུ་གཏང་ནས་གྲོས་མོ་དགོས་རེད་མ་གཏོག། གཅིག་གི་ཅིག་ལ་མཁོན་སེམས་དང་ཡིད་ཆད་མེད་པའི་བར་ཐག་རིང་བའི་ངང་གི་གྲོས་མོ་དེ་ལ་གྲུབ་འབྲས་ཞིག་ཐོན་མི་སྲིད། རྒྱར་དར་སྲེད་པ་དང་དྲག་རྒོལ་བྱས་པ་སོགས་གཞོན་ལྷན་དང་དེ་ནང་བཞིན་གི་མི་དེ་ཚོས་ཐུགས་བསམ་ཏོག་ཙམ་བཞེས་རོག།
དང་པོ་བོད་མི་དམངས་ལ་བརྩི་བཀུར་གྱིས་སློབ་གྲྭ་ཞིག་ལ་སོང་ནས་བོད་ཡིག་ཡག་ཐག་ཆོད་ཅིག་སྦྱོངས། དེ་ནས་བསམ་ཚུལ་འདྲ་བཏོན་ཆོག
xxxxxxxxxxxxxxxxxxxxxx
རྒྱལ་དར་ནི་རྒྱལ་ཁབ་མཚོན་བྱེད་ཀྱི་རྟགས་ཡིན་པ་ལས་རྒྱལ་ཁབ་ཀྱི་ཁྱད་ནོར་མིན། རྒྱལ་ཁབ་དེའི་རིགས་པའི་གཞུང་ལུགས་ནི་དེའི་ཁྱད་ནོར་ཡིན། བོད་དུ་སླེབས་པའི་རྒྱ་མི་ཚང་མ་གུང་ཁྲན་རིང་ལུགས་མིན་ཡང་བཙན་འཛུལ་པ་ཡིན། རྒྱུ་མཚན་ནི་ས་ཆ་བཙན་འཛུལ་བྱས་པའི་ཕྱིར། དེར་ཐལ། ས་ཡི་གྲངས་ཚད་ཟིན་པའི་ཕྱིར། དེར་ཐལ། འབྱོར་མེད་པ་དེ་དག་གི་མཐར་ཐུག་དམིགས་ཡུལ་གཅིག་ཡིན་པའི་ཕྱིར། དར་དམར་འདིའི་འོག་ནས་བོད་པ་ག་ཚོད་བསད་པ་མ་ཤེས་སམ། སྡུག་པོ་ག་ཚོད་མྱངས་པ་བརྗེད་པ་རེད་པས། རྒྱ་གར། འབྲུག བལ་ཡུལ་སོགས་པར་དཀའ་ངལ་ག་ཚོད་ཡོད་པ་མ་ཤེས་སམ། ཀྲང་གོ་ཧཱ་ཡིས་སྣེ་ཁྲིད་དེ་དཀར་མཛེས་དང། ཆབ་མདོ་སོགས་ནས་བོད་དམག་སྟོང་ཕྲག་བསད་པ་བརྗེད་པ་རེད་པས། ༡༩༦༤ ཟླ་བ་ ༩ ཚེས་ ༡༨ ནས་ཟླ་བ་ ༡༡ ཚེས་ ༤ བར་དར་དམར་དེའི་འོག་པཎ་ཆེན་རིན་པོ་ཆེར་དགག་པ་བརྒྱབ་པ་དང་། བཙོན་དུ་བཅུག་ནས་ཉེས་རྡུང་བཏང་བ་དེ་དག་བརྗེད་པ་རེད་པས། ༡༩༦༦ ལོའི་རིག་གནས་གསར་བརྗེའི་སྐབས་དར་དམར་དེའི་འོག་ནས་མི་ཤི་བ་དང་གྱོང་གུན་ཐེབས་པའི་གནས་ལུགས་ཚང་མ་བརྗེད་པ་རེད་པས། ༡༩༨༧ ༡༩༨༨ ལོར་ལྷ་སར་བོད་མི་ག་ཚོད་བསད་པ་བརྗེད་པ་རེད་པས། ༡༩༨༩ ལོར་ཐན་ཨན་མན་ཐང་ཆེན་དུ་རྒྱ་མིའི་སློབ་ཕྲུག་ག་ཚོད་བསད་པ་བརྗེད་དམ། ༡༩༨༧ ནས་ ༢༠༡༢ བར་མདོ་དབུས་ཁམས་གསུམ་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ག་ཚོད་བསད་པ་དང་། བཙོན་དུ་བཅུག་པ། ཉེས་པ། ཁྲིམས་གཅོད་བཏང་བ་དེ་དག་ཚང་མ་སྐར་ལྔའི་དར་དམར་དེའི་འོག་ནས་བྱུང་བ་རེད། ལུགས་དང་མཐུན་པའི་དར་དམར་ཞིག་ཡིན་ན་མེར་སྲེག་ག་ལ་གཏོང་ཕོད། ལུགས་དང་མི་མཐུན་པའི་དར་དམར་འདིའི་འོག་སྐྱེ་འགྲོ་འབུམ་གྲངས་མང་པོའི་ཚེ་སྲོག་ཕྱིན་ཡོད། དར་དམར་དེ་མེར་སྲེག་བཏང་ནའི་འགྲིག་པ་རེད། རྒྱ་མི་རིགས་མང་པོ་ཞིག་ཀྱང་དར་དམར་དེར་ཞེན་པ་ལོག་འདུག བོད་པ་ཧ་ཅང་ཅང་། ད་བར་མི་ལོ་ལྔ་བཅུ་བསྟུན་མཁས་བྱས་པ་རེད། གྲུབ་འབྲས་གསོད་ཡས་དང་། བཅུག་ཡས། དྲག་གནོན་མ་གཏོགས་མི་འདུག ད་དུང་སྡུག་གྱོང་ཀྱང་འཁྱེར་བསྡད་ན་ཉིན་གཅིག་རྒྱ་མིས་སྐྱག་པ་ཚ་པོ་སྤྲད་ཡས་ཉེན་ཁ་འདུག
ཁྱེད་གཉིས་ཀྱི་ལྟ་བ་དེ་ང་ལ་ཡང་སྔོན་མ་ཡོད་མྱུང་།
ཡིན་ནའང་༢༠༠༨ནས་འགྱུར་སོང་།
རྒྱ་མི་རིགས་འདི་འཛམ་གླིང་གི་ཆས་སྙིང་རྗེས་མེད་པའི་མི་རིགས།
ངོ་ཚ་དང་རྒྱུ་འབྲས། མདོར་ན་མི་ཆོས་གཙང་མ་བཅུ་དྲུག་དང་
མི་མཐུན་པའི་མི་རིགས་ཤིག་རེད། དེ་ཡང་མང་ཕྱོགས་ནས་བཤད་ཀྱིན་ཡོད་
བོད་ལ་དགའ་ནི་གཅིག་དང་གཉིས་ད་ཡོད་རྒྱུ་རེད། ། ཁ་ཅིག་ལ་དགོང་དག་ཞུ་་་་།།
ཡིག་ནོར་ཡོད་ན་ཐངས་་་་་ལག་འཁྱེར་ཁ་པར་ལས་བྲིས།།
xxxxxxxxxxxxxxxxxxxxxxxxx
རྒྱ་ནག་མི་མང་ནང་ནས་རང་སྐྱོང་མ་ཟད་རང་བཙན་ལའང་རྒྱབ་སྐྱོར་བྱེད་མཁན་བློ་གཟུ་བོ་ཅན་ཞིག་ཡོད་ན་རྒྱལ་དར་བསྲེགས་པ་ཙམ་གྱིས་ཕོག་ཐུག་ག་ལ་ཤོར། དམར་གཞུང་གིས་བོད་ལ་སྡུག་པོ་དམྱལ་བ་མི་ཡུལ་འཕོས་པ་ལྟ་བུ་བཟོས་པ་དེར་སེམས་ནད་མ་ཡོང་བ་ཡ་མཚན། ངས་བལྟས་ན་དར་བསྲེགས་པས་གནོད་གཞིར་མི་འབྱུང་ཁར་ལས་འགུལ་གྱི་ཐབས་ལམ་མང་པོའི་ནང་གི་གཅིག་ཡིན། མདོར་ན་བཤད་འདོད་ན་རྒྱ་སྲིད་གཞུང་ལ་རྣམ་དཔྱོད་དང་དཔའ་རྩལ་ངོམ་འདོད་ན་རྒྱ་དམར་ལ་ཡིན། གཞོན་ནུ་ཚོགས་པ་ལ་ཞུ་རྒྱུར་ང་དང་ང་འདྲ་བའི་བོད་རིགས་སྤུན་ཟླ་མང་པོ་ཞིག་ཚོགས་མི་མིན་ཡང་ཁྱེད་ཚོ་ལ་རྒྱབ་སྐྱོར་དང་ཡི་རངས་ཡོད་ཞུས། བོད་རྒྱལ་ལོ།
ཕན་ཚུན་ཚིག་མདའ་འཕེན་ལ་འཚངས་ཤིགས་ཤིགས།།
སླ་མོའི་སྐད་འབོད་ཁྲོད་ན་མེད་ཐག་ཐག།
དོན་མེད་ཕན་ཚུན་དཀྲིག་དཀྲིག་བྱེད་པ་ལས།།
ལན་ཅིག་མཐུན་པོར་ཞུགས་དང་དེ་གས་འཐུས།།
།ཚེ་རྡོ་རྗེ་ཚེ་ཐག་རིང་རྒུ་བོའི།
།ཁ་ལག་པ་གཉིས་ཀ་དག་ཆའི་མཛོད།
།དེའི་ནང་ལ་གཅིག་གིས་མ་འདང་པ།
།བརྟགས་དཔྱད་པ་ཡིན་ཏེ་རྟག་དཔྱད་མིན།
བསྟུན་མཁས་ཟེར་བ་འདི་འཆམ་མཐུན་ཟེར་བ་དེའི་ཉེ་ཚིག་ཅིག་རེད། ངོ་རྒོལ་ཟེར་བ་ནི་འཐབ་རྩོད་ཟེར་བ་དེའི་ཉེ་ཚིག་རེད། བསྟུན་མཁས་ནི་ཕྱོགས་གཉིས་ཀའི་སེམས་ཁམས་ཤིག་ནས་མགོ་འཛུགས་དགོས། འཐབ་རྩོད་ཟེར་བ་ནི་ཅིག་ཤོས་ཀྱི་ངོས་ནས་མགོ་འཛུགས་དགོས། གནས་ལུགས་འདི་མ་ཤེས་བར་དུ། རྒྱ་ནག་གི་རྒྱལ་དར་མེར་སྲེག་གཏོང་བ་འདི་འགྲིག་པ་དང་ཞིག་དང་། མི་འགྲིག་པ་ཞིག་ཡིན་ཚུལ་བཤད་པར་རྒྱུ་མཚན་གྱིས་འདང་གི་མ་རེད། རྒྱལ་དར་མེ་ལ་སྲེག་ན་རྒྱ་ནག་མི་དམངས་མི་དགའ་བར་སྒྲུབ་པ་དང་། དམར་ཤོག་གི་ཚོགས་དར་སྲེག་ན་མང་ཚོགས་ཀྱི་སེམས་པ་སྲེག་མེད་ཚུལ་བཤད་སྟངས་འདི་ཏག་ཏག་ཅིག་མ་རེད། ང་དགུ་ལོ་ནས་དོན་དགུ་ལོ། དེ་ནས་དགུ་བཅུ་གོ་གྲངས་ནས་ཉིས་སྟོང་གཉིས་ལོ་བར་ལ་རྒྱ་ནག་གི་རྒྱལ་དར་སྲེག་པ་འདི་ལས་འགུལ་ཞིག་རེད། གསུམ་བཅུའི་དུས་དྲན་ལ་རྒྱ་ནག་གི་གཙོ་འཛིན་ཟེར་བ་དེ་ཚོའི་འདྲ་གཟུགས་ཀྱང་སྲེག་སྲོལ་ཡོད་པ་རེད། ད་སྐབས་འདི་ཅིས་མ་འགྲིག་པ་རེད། ལས་འགུལ་ནི་ལས་འགུལ་རང་རེད། དེར་རྒྱ་ནག་མི་དམངས་ཀྱི་ནང་གི་དངོས་ཡོད་བདེན་པའི་གནས་ཚུལ་མཁྱེན་མཁན་ཚོས་ངོས་ལེན་བྱེད་ཀི་རེད། དངོས་ཡོད་བདེན་པའི་གནས་ཚུལ་མི ཤེས་མཁན་ཚོ་ཚིག་པ་ཟ་གི་རེད། བདེན་པའི་འཐབ་རྩོད་ཟེར་བ་འདི་བདེན་པའི་གནས་ཚུལ་མི་ཤེས་མཁན་ཚོར་བསྟུན་ནས་ཡོང་ཐབས་མེད་པ་རེད། རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་ན་མི་ལེགས་ཚུལ་བཤད་པ་འདི་འགན་ཁུར་བའི་སྐད་ཆ་ཡིན་མདོག་ཁ་པོ་འདུག ཡིན་ནའང་། དཔྱད་པ་བཏང་ན། འདི་རྒྱ་ནག་གིས་དོ་སྣང་བྱེད་དགོས་རྒྱུ་དེ་ང་ཚོའི་དོ་སྣང་གིས་ཡར་བསྔོགས་མར་བསྔོགས་བྱེད་སྟངས་འདི་ཡག་པོ་རང་ད་མ་རེད།
སྤུན་ཟླ་རྣམ་པ། རང་སེམས་ལ་ཉེས་པ་མེད་ན། གཤིན་རྗེའི་འཕྲང་ལ་འཇིགས་པ་མེད། བསམ་ཚུལ་མང་ན་བཟང་མོད། རང་སེམས་ལ་བདག་པོ་ཡག་པོ་རྒྱོབས། དབུ་ལམ་རྒན་རབས་པ་དང་རང་བཙན་མི་རབས་གསར་བའི་ཁྱད་པར་འབྱེད་བྱེད་ཅན་དུ་གྱུར་མོད། གཙོ་བོར་ང་ཚོས་ལམ་ཁ་ཡང་དག་ཅིག་འདེམས་དགོས། མི་རབས་རྗེས་མ་ལ་བསམ་བློ་ཡག་པོ་གཏོང་དགོས། ཆབ་སྲིད་ཀྱི་ལམ་ཁ་དེ་ནོར་སོང་ན་མི་རབས་རྗེས་མ་ཚོ་འགྲོ་ས་བརྟེན་ས་མེད་པ་ཆགས་ངེས་རེད།
གོང་གི་མིའུ་ཕྲུག་དང་ཤར་ཕྱོགས་ཁུག་རྟ། བོད་ཀྱི་བུ་གསུམ་གྱི་མཆན་རྣམས་བསུབ་ཡོད་།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com