༼དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་ནས་འདྲེན་བཀོད་ཞུས།༽
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༡ ཉིན་ལྷོ་ཀོ་རི་ཡའི་གྲོང་ཁྱེར་ཡོ་སོའི་ (Yeosu) ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཞེས་པ་དེར་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྒྱ་མིའི་དགེ་འདུན་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༡༧ ཚོགས་བཅར་དུ་སླེབས་པ་རྣམས་ཕྱི་ཚེས་ ༡༣ རེས་གཟའ་ལྷག་པའི་ཉིན་གློ་བུར་དུ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་འདུག དེ་ཡང་ལྷན་ཚོགས་གོ་སྒྲིག་ཚོགས་ཆུང་གིས་བརྗོད་དོན་ལྟར་ན། ལྷན་ཚོགས་དེར་བོད་མིའི་སྐུ་ཚབ་གསུམ་ཕེབས་ཡོད་པ་དེས་དབང་གིས་ཡིན་ཚུལ་གསུངས་ཡོད། སྤྱིར་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མི་རྣམས་ཀྱིས་རེས་གཟའ་མིག་དམར་ཉིན་བོད་མིའི་སྐུ་ཚབ་གསུམ་པོ་ལྷན་ཚོགས་ནས་ཕྱིར་འབུད་མ་བྱས་ཚེ། རྒྱ་མིའི་སྐུ་ཚབ་ཚོས་ཚོགས་འདུ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་སྡིགས་ར་བཏང་བར་བརྟེན། གོ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་དྲུང་ཆེས་ལྷན་ཚོགས་མུ་མཐུད་ཚོགས་ཆེད་དེ་ལྟར་ཁས་ལེན་བྱས་ཡོད་ཀྱང་། བོད་མིའི་སྐུ་ཚབ་གསུམ་པོ་མུ་མཐུད་ལྷན་ཚོགས་སུ་ལྷན་ཞུགས་གནང་སྟབས་རེས་གཟའ་ལྷག་པའི་ཉིན་རྒྱ་གཞུང་གི་སྐུ་ཚབ་འཐུས་མི་རྣམས་ཀྱིས་ལྷན་ཚོགས་ནས་འཕྱིར་འཐེན་བྱས་ཡོད། ལྷན་ཚོགས་དེ་བཞིན་ཕྱི་ཚེས་ ༡༡ ནས་ ༡༥ བར་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་༸གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཀྱང་ལྷན་ཞུགས་གནང་ཡོད། དེ་བཞིན་ལྷན་ཚོགས་སྐབས་རྒྱལ་ཁབ་ ༣༠ ཙམ་ནས་ནང་པའི་དབུ་ཁྲིད་ ༤༠༠ ཙམ་ལྷན་འཛོམས་གནང་ཡོད། ལྷན་ཚོགས་འདི་བཞིན་ལོ་གཉིས་རེའི་མཚམས་སུ་ཐེངས་རེ་འཚོགས་བཞིན་ཡོད་པ་བཅས།
འདི་ནི་ང་ཚོའི་རྒྱལ་ཁ་རེད། དེ་ཡང་གུང་ཁྲུན་ཏང་གི་ཁོག་རྒྱ་ཆེན་པོ་དེས་རང་ཉིད་རྒྱལ་སྤྱིའི་སྟེང་གི་མིའི་ཀུན་སྤྱོད་མི་གཙང་ཞིང་ཞི་བདེའི་དགྲ་རུ་ལངས་པའི་རྐུན་ཇག་གི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དཔུང་ར་སྤྲོད་བྱས་ཡོད་སྟབས། ང་ཚོས་གསར་འཛམ་གླིང་ཡོངས་སྒྲོགས་ཏེ་ཅོལ་ཆུང་གི་བྱ་སྤྱོད་འདི་སྐྱེ་བོ་ཀུན་ལ་ཤེས་སུ་འཇུག་དགོས།
བཟང་ངོ་བཟང་ངོ་། རྒྱ་ནག་གི་སྐུ་ཚབ་རྣམས་རྒྱ་རིགས་ཡིན་ཚོད་འདྲ་ཞིང་། དེ་ལྟར་ན་མི་སྐྱོན་གི སྔོན་མ་ཞིག་ལ་འཇམ་དབྱངས་བཞད་པ་ཁྲིད་ནས་ངོ་རྒོལ་བྱེད་དུ་བཅུགས་སོང་། དེ་འདྲ་ཡིན་ན་མི་བཟང་གི ད་རེས་ཁོ་ཚོ་ཕྱིར་བུད་པ་མ་གཏོགས་བོད་པ་ཡོད་མེད་གསལ་ཁ་མི་འདུག
ཆོས་དུག་རེད་ཟེར་ནས་ལབ་ཡོད་རེད། ད་དེ་འདྲ་ཞིག་མིན་ན་གང་ཡིན། ནང་ཆོས་འདི་དེ་འདྲའི་རྩ་ཆེན་ཞིག་ཡིན་པ་ཧ་མ་གོ་བ་རེད། ཁོ་རང་ཚོའི་ངོ་ཚ་རེད། རང་གིས་རང་ལ་ངན་བྱེད་ན་ཁ་གནམ་ལ་འཁོར་ནས་གཅིན་ཐོངས་ཟེར་ནི་རེད། ཡག་པོ་རེད་ཡག་པོ་རེད།
བུ་རྒོད་པོ། ག་དུས་ཡིན་ཡང་ཡིད་ཆེ་གཙང་མ་ཡོད་པའི་མཁས་དབང་ཟམ་གདུང་རིན་པོ་ཆེ་ལ་ངག་བརྗོད་ཡོད།
ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆ་བེད་སྤྱོད་གཏོང་གི་ཡོད་པའི་མཚན་རྟགས་ཤིག་རེད། ཆོས་ལུགས་པའི་དབུ་ཁྲིད་ཅིག་ཡིན་ན་ཆབ་སྲིད་པའི་གཡོ་འོག་ཏུ་ཚུད་མི་ཉན་པ་དང་། ཁོག་རྒྱ་ཡངས་པ། སྤྱི་སེམས་ཆེ་བ། འགྲོ་བ་མིའི་རིན་ཐང་ལྟ་ཤེས་པ། ཁོད་སྙོམས་པ། སྤྲེལ་ལད་འཁྲོབ་མཁན་མིན་པ་ཞིག་དགོས་པ་རེད། དཔེར་ན་གོང་ས་མཆོག་དང་ཟམ་གདོང་བླ་མ་ལྟ་བུ་ཡིན་དགོས་པ་རེད། སྐབས་རེར་ཆབ་སྲིད་ཆོས་ལུགས་ཀྱི་དབང་དུ་གྱུར་ན་ཡུལ་ཁམས་བདེ་ཡང་གཡོ་ཇུས་ཁྲམ་གསུམ་གྱི་ཆབ་སྲིད་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་པ་རེད། ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་ཆོས་ལུགས་དང་འབྲེལ་བའི་ཆབ་སྲིད་ཚོགས་པ་རེད་ལ། ཆོས་ལུགས་ཀྱི་ཤུགས་རྐྱེན་འོག་གནས་བསྡད་པ་ཞིག་རེད། སྐྲག་དགོས་ས་གང་ཡང་ཡོད་པ་མ་རེད་དེ་རྒྱ་རྒན་དེ་ཚོ་སྐྲག་གི་ཡོད་པ་འདྲ། །
ཕན་པོ་བྱུང་།
འདི་ཡང་ང་ཚོའི་ལོ་རྒྱུས་རེད། ལྷོ་ཀོ་རེ་ཡ་གཞུང་གིས་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།།།།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འཚོགས་ཆེན་གང་འདྲའི་ཐོག་བོད་མི་རྣམས་གདོན་འདྲེ་མཐོང་བ་ལྟར་བྱེད་དོན་ནི་ཁོ་རང་ཚོར་ཕོག་གི་ཡོད་པ་དང་།གཉིས་སུ་བོད་མི་དབྱེ་འབྱེད་གཏོང་བཞིན་པ་འདི་རིགས་རྒྱུན་བསྲིངས་ན་བོད་རྒྱ་ནག་ནས་ཁ་བྲལ་རྒྱུ་ཉག་གཅིག་རེད།ཁོ་རང་ཚོས་ཆེད་མངགས་ཁ་བྲལ་གཏོང་གི་ཡོད་པ་རེད།
རྒྱ་རྒན་ཚོང་སོང་ཤུལ་ལ་བགེགས་གཏོར་ཞིག་གཡུག་དགོས་པ་རེད། དེའི་དྲས་ན་འཛམ་གླིང་ཆོས་ཀྱི་ཚོགས་ཆེན་ལ་ཡོང་པའི་ཆོས་ཀྱི་ཆ་རྐྱེན་ཡོད་མཁན་གཅིག་ཀྱང་ཡོད་པ་མ་རེད། ཆབ་སྲིད་ཀྱི་ཆེད་དུ་ཡོང་པ་རེད།
རྒྱ་ནག་མ་དགའ་ན་སྡུག་གྱོང་རེད། རྒྱ་རྒན་ཚོ་སྐྱག་པ་ཟོས།
ཨ་ཡོ་་་་་་་ དོག་ཙམ་འགྲིག་མ་སོང་། རྒྱ་ནག་སྐྲག་ཐག་ཆོད་པ་རེད།
ཨོའོ།
གསར་འགྱུར་གྱི་འགོ་བརྗོད་་་་རྒྱ་ནག་གཞུང་གི་སྐུ་ཚབ་འཐུས་མིས་་་་་ཞེས་པ་་་་འཐུས་མི་་་་རུ་བསྒྱུར་ན་ཡག་པོ་འདུག གང་ལྟར་བཀྲ་ཤིས་བདེ་ལེགས་ཡོད་ད། ད་ལན་བོད་གཞུང་གི་འཐུས་མི་ཚོས་འཇོན་འདུག
༧སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཁྱེན་སྟོབས་ལ་ཞེད་ན་བྲོས་ན་དགའ་བ་འདི་འང་རྒྱ་ནག་གཞུང་གིས་གསལ་བོར་མཁྱེན་འདུག དེ་མིན་རྒྱལ་སྤྱིའི་མདུན་ནས་སློབ་དཔོན་མཆོག་གི་མཁྱེན་སྟོབས་ཀྱིས་པགས་པ་བཤུ་ངེས་པ་བཤད་མ་དགོས་པ་ཞིག་རེད།
བོད་ཀྱི་བླ་ཆེན་ཆབ་སྲིད་ལ་དོ་དབྱིངས་མེད་མཁན་རྣམས་ཀྱང་འདི་འདྲའི་ཚོགས་ཆེན་ལ་འཚང་ཁ་རྒྱབ་ནས་བཅར་ཐུབ་པ་ཡིན་ན་ཡག་པོ་ག་ཚོད་ཡོང་གི་མ་རེད་དམ། ད་དུང་ཚོགས་རའི་ཕྱི་རུ་རང་རང་སོ་སོའི་ཆོས་བརྒྱུད་ཀྱི་དཔེ་དེབ་བཙོང་བ་སོགས་ཚ་འུར་འུར་བྱས་ན་ཡག་པོ་རེད་པཱ། གཞན་དུ་སྦྱིན་བདག་མང་པའི་མཁན་བླ་དགེ་བཤེས་རྣམས་ཀྱང་ཟུར་ཉན་དུ་བཅར་ནས་བོད་ཀྱི་སངས་རྒྱས་ཆོས་པ་ཚོའི་འཇིག་རྟེན་སྤྱི་ཡོངས་ལ་འཁུར་བའི་འགན་ཁུར་སྟོན་རྒྱུ་བྱུང་ན་ཅིས་མི་དགའ།།
རྒྱ་ནག་གིས་རྟག་པར་བོད་རྒྱའི་རྕོད་པ་ནི་ཆབ་སྲིད་ཀྱི་རྕོད་པ་ཞིག་ཡིན་པ་ལས་ཆོས་ལུགས་ཀྱི་སྟེང་ན་བོད་ལ་ཐོབ་ཐང་ཆེན་པོ་ཞིག་སྤྲད་ཡོད་མདོག་གི་འཁྲབ་སྟོན་དང་རྫུན་གཏམ་སྣ་ཚོགས་སྤེལ་བའི་་གདོང་འབག་ཐེངས་གཉིས་བ་དེ་ད་ཐེངས་ཡང་བཤུས་འདུག།
བྱེད་སྟངས་འདིས་རྒྱ་ནག་གིས་འཆམ་མཐུན་སྤྱི་ཚོགས་ཟེར་བར་གསལ་བཤད་ཡག་ཐག་ཅིག་བརྒྱབ་འདུག་ག།དམར་གཞུང་འདི་ཚང་གིས་འཛམ་གླིང་ན་དར་རྒྱུགས་ཆེ་བའི་ཐ་སྙད་སྙན་མོ་རེ་བེད་སྤྱོད་བྱས་ཏེ་དེ་དང་རྒྱབ་འགལ་གྱི་བྱ་བ་ལས་སྟངས་འདིས་བོད་རྒྱའི་བར་གྱི་དོན་དག་གང་མང་ལ་འང་ཚོད་རྟོགས་ཐུབ་པ་རེད་ལ
བཀྲིས་གཏམ་བཟང་མང་དུ་མང་དུ།
རྒྱ་ནག་རང་མདོག་ངན་དུ་ངན་དུ།
བདེན་པའི་སྟོབས་ཤུགས་ཆེ་རུ་ཆེ་རུ།
རྫུན་པའི་ངོ་གདོང་སྐྱོ་རུ་སྐྱོ་རུ།
ལྷོ་ཀོ་རི་ལ་འདི་དྲང་བདེན་གཞིར་བཞག་བྱེད་པའི་རང་དབང་ལ་ལོངས་སྤྱོད་ཤེས་པའི་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་པའི་རྟགས་མཚན་གསལ་བོ་བསྟན་པ་རེད། འཛམ་གླིང་ལ་ཞི་བདེ་ངོ་མ་ཞིག་ཡོང་དགོས་ན་ལྷོ་ཀོ་རི་ཡ་ལྟ་བུའི་རྒྱལ་ཁབ་མང་ནས་མང་རུ་འགྲོ་དགོས་པ་རེད། སྐྱབས་གནས་མཆོག་གསུམ་བསླུ་མེད་ཀྱི་བྱིན་མཐུའི་མུ་མཐུད་རྒྱལ་ཁབ་འདིའི་བྱ་བ་ལམ་འགྲོ་དང་། ད་དུང་ཡར་རྒྱས་ཡག་པོ་ཡོང་བའི་སྨོན་ལམ་འདེབས།
ཉི་མའི་འོད་ཟེར་ཤར་བ་ན། །
འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །
རྒྱ་གཞུང་གིས་བཙན་བྱོལ་བོད་པ་རྣམས་འཛམ་གླིང་གི་གླེངས་སྟེག་གང་འདྲ་ཞིག་གི་སྟེང་ནས་ཀྱང་ཕྱིར་ཕུད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དེ་རིང་བོད་པས་རྒྱ་མི་དེ་ཚོ་ཕྱིར་ཕུད་བཏང་བ་རེད། བརྟེན་འབྲེལ་བཟང་།
སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གཟི་བརྗིད་དང་ཁོང་གི་མཁྱེན་དཔྱོད་ལ་རྒྱ་དམར་སྐྲག་གི་ཡོད་པ་དངོས་ཡོད། ད་རེས་ཁོ་ཚོ་ཕྱིན་མཐོན་བྱས་པ་དེ་ངོ་རྒོལ་གྱི་རྣམ་པ་ཡིནའང་ཕམ་ཁ་དེ་རྒྱ་རྒན་དེ་དག་ལ་ཕོག་པ་ལས་གཞན་སུ་ལའང་ཕོག་མེད། ད་རེས་ཚོགས་ཐོག་ཏུ་མཁས་དབང་ཟམ་གདོང་རིན་པོ་ཆེའི་ཁྱེན་དཔྱོད་དེ་སླར་ཡང་མངོན་པར་འཕགས་ངེས་པ་ནི་བརྗོད་མི་དགོས་པ་ཞིག་རེད།
བོད་སྡིང་ཆ་རེ་རེ་ཚུར་ཚུར་ཐོབ།།།
རྒྱའི་རྐུབ་སྟེགས་རེ་རེ་ཕར་ཕར་ཤོར།།
ད་ཆོས་སྲིད་གཉིས་ཀྱི་དཀྱིལ་འཁོར་དག།།།།
བོད་རེ་བ་ཅན་ལ་དབང་འགོ་ཚུགས།།
༸མགོན་ཞི་བདེའི་དེད་དཔོན་མཛད་འཕྲིན་དང་།།
དཔལ་དགའ་ལྡན་ཕོ་བྲང་གཟི་བྱིན་གཉིས།།
སྐྱབས་ཟམ་གདོང་ཁྲི་ཟུར་ནུས་མཐུ་གསུམ།།
རྒྱ་དམར་ནག་འཇོམས་བྱེད་རྡུལ་མཚོན་ཉིད།།།།
ཕྱིར་ལ་མ་ཡོང་ན་ཅིག་ཅིག་མིག་མིག་བྱེད་རྒྱུ་ཡིན་ཟེར་ནས་བཀའ་རྒྱ་བཏང་ཡོད་རྒྱུ་རེད། རྒྱ་རྒན་ཚོ་ཁྱེད་ཚོར་རང་དབང་འདུག་ག
ཟམ་གདོང་རིན་པོ་ཆེ་དངོས་གནས་མཁས་པ་རེད། སྐུ་ཚེ་ཞབས་པད་བརྟན་པར་ཤོག ཡང་གསར་འགྱུར་གཞན་པ་ཞིག་ནི། རྡོ་རྗེ་འཆང་གཉིས་པ་ཟེར་བ་ཞིག་གིས་ཁོ་རང ༧ས་སྐྱ་གོང་ མའི་ངོས་འཛིན་ཡིན་པའི་གདན་འདྲེན་དང་ངོ་རྒོལ་བསྒྲགས་མ་བྱས་ཏེ་བཙན་གྱིས་གོང་མ་རིན་པོ་ཆེ་མ་ཕྱག་བྲིས་གསལ་བོ་དགོས་ཞེས་པའི་འབོད་བསྐུལ་བྱས་ཀྱང་ཁོའི་རེ་བ་འགྲུབ་མི་འདུག འདིའི་སྐོར་ལ་བོད་གཞུང་སྐུ་ཚབ་ཀྱིས་ཁྲིམས་རྩོད་བྱེད་བཞིན་པ་དང་། རྡོ་རྗེ་འཆང་ཟེར་བས་ཁྲིམས་རྩོད་ནང་འགྲིག་བཏང་ན་དངུལ་མང་པོ་སྤྲོད་རྒྱུ་ཡིན་ཞེས་རེ་འབོད་བྱེདབཞིན་པའི་རྒང་ཡིན་སྐད། གནས་ཚུལ་འདི་ལ་སྐུ་ཚབ་དོན་གཅོད་ཀྱིས་བྱ་བ་ཅི་འདྲ་ཞིག་ལ་ཐུག་པ་ཡིནའང་ང་ཚོའི་ངོས་ནས་ཨུ་ཚུགས་མཐར་སྐྱེལ་བྱེད་རྒྱུ་ཡིན་ཅེས་ཟླ་ཤས་སྔོན་ཚོགས་འདུ་ཞིག་གིས་སྐབས་གསུངས་སོང་ ཟེར།
༡ ཟམ་གདོང་རིན་པོ་ཆེའི་མཁྱེན་སྟོབས་ལ་ཞེད་ནས་ཚོགས་འདུ་ནས་ཕྱིར་འཐེན་བྱས་པ་ཡིན་རྒྱུ་མ་རེད་པ?
ཆབ་སྲིད་དང་འབྲེལ་བ་ཡོད་རྒྱུ་མ་རེད་པས?
༢ ཚོགས་འདུ་དེའང་ནང་ཆོས་ཡར་རྒྱས་དང་འབྲེལ་བའི་ཚོགས་འདུ་ཞིག་ལས་གཅིག་གཅིག་གི་པགས་པ་བཤུ་རེས་བྱེད་སའི་འཐབ་མོ་བྱེད་སའི་ཚོགས་འདུ་ཞིག་ཡིན་རྒྱུ་མ་རེད་པ?
ཆབ་སྲིད་དང་འབྲེལ་བ་ཡོད་ན་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་༧ཏཱ་ལའི་བླ་མའི་སྐུ་ཚབ་ཅིག་ཡོད་པ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པའི་རྣམ་འགྱུར་འདི་སྟོན་གྱི་ཡོད་ན དེ་འདྲའི་ཁ་གཏད་གཅོག་ཐབས་ཀྱི་སྲིད་བྱུས་འུ་ཐུག་ཅིག་ཆབ་སྲིད་པ་དག་གིས་འདེམས་ཀྱི་ཡོད་ན
ཚོགས་འདུ་དེ་ནང་ཆོས་ཡར་རྒྱས་དང་འབྲེལ་བའི་ཚོགས་འདུ་ཞིག་ད་ཡིན་གདའ་ཡིན གང་ན་ཡར་རྒྱས་ཀྱི་གེགས་རྡོར་གྱུར་བ དཔེར་ན། གསེར་བུམ་དཀྲུག་འདོན། རྒྱལ་གཅེས་ཆོས་གཅེས། ཡང་སྲིད་དོ་དམ་བྱ་ཐབས་ཀྱི་ཡིག་ཆ་ཨང་ ༥ པ། ཉེ་བའི་ཆ་ནས་འཐབ་ཕྱོགས་གཅིག་གྱུར་གྱིས་ཤུགས་གནོན་བསྐྱོན་བཞིན་པའི་ལས་དོན་རུ་ཁག་དང་རྒྱལ་ཁབ་དང་ཨང་དང་པོར་འཇོག་པའི་ཆོས་པའམ། དུས་རབས་དང་མཐུན་པའི་ཆོས་པ། ཐ་ན་རབ་ཏུ་བྱུང་ཆོག་མིན་གྱི་ཆ་རྐྱེན་ཚུན་ཆུད་དུ་”གུང་ཁྲན་ཏང་གི་ཁྲིམས་དང་འགལ་བ་མ་ཡིན་ནམ། ” ཞེས་པར། ” མ་ཡིན་ལགས་'”ཟེར་དགོས་པའི་སློབ་གསོ་གཏོང་བ་སོགས་ཀྱི་ཐད། སློབ་དཔོན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ཐོག་གྱ་ཚོམ་གྱིས་གཡོག་པའི་པགས་པ་འདི་རྣམས་རེ་རེ་བཞིན་རྒྱལ་སྤྱིའི་དཔང་མི་ཡོད་སའི་སྡིངས་ཆ་ཞིག་ཏུ་མ་བཤུས་བ་ཡིན་ན། འཇིག་རྟེན་ཁམས་ཀྱི་ནང་ཆོས་འགན་ཁུར་པའི་བོད་ཀྱི་ནང་ཆོས་ཀྱི་གནས་བབ་མ་གླེང་བ་དང་འདྲ་བས། སློབ་དཔོན་མཆོག་གི་མཁྱེན་སྟོབས་ལ་ཚུལ་མིན་གྱི་བྱ་སྤྱོད་འདི་དག་རེ་རེ་བཞིན་སྣང་སྟབས། རི་བོང་རྡོ་བརྫིས་ཀྱི་ཐུགས་གཤིས་ཡེ་ནས་མེད་སྟབས། རྒྱ་གཞུང་འཐུས་མི་ཚོས་ཀྱང་དེ་ལ་ཡིན་ལུགས་ཚུལ་མཐུན་གྱི་ལན་ལྡོན་དུ་མེད་པ་ཤེས་འཕྲལ་ཕྱིར་འཐེན་བྱ་དགོས་བྱུང་བ་མ་རེད་དམ།
མདའ་ཚན་པས་གསུངས་པ་བདེན་པ་རེད། ཡིན་ནའང་མཆན་པ་བ་ཚོས་ཚོགས་འདུ་ལ་འཛུལ་ཞུགས་བྱས་མ་བྱས་སྐོར་ལ་བཤད་པ་ལས་ཚོགས་འདུའི་ངོ་བོ་ག་འདྲ་ཡིན་མིན་ལ་གསུང་གི་མི་འདུག
ཆོས་མ་ཡིན་རྣམས་ཆོས་ཀྱིས་ཕམ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ། །དབང་པོ་ཡིས་ནི་ལྷ་མིན་ཕམ། །ལྷ་མིན་གྱིས་ནི་ཟླ་བ་ཕམ། །བདེན་པ་ཡིས་ནི་རྫུན་མ་ཕམ། །བོད་པ་ཡིས་ནི་རྒྱ་དམར་ཕམ། །རྒྱལ་བ་ཡིས་ནི་སྐུ་ཚབ་ཀྱིས། །རྒྱ་ནག་སྐུ་ཚབ་ཕམ་པར་གྱུར། །་་་་་་་་་་་་་་་་་་་
སློབ་དཔོན་ཟམ་གདོང་རྒྱལ་ལོ། རྒྱ་ནག་གཞུང་གི་ཆོསལུགས་སྲིད་བྱུས་ཀྱི་གཡོ་པགས་བཤུ་རོགས་། ཧཧཧཧ
ཟམ་གདོང་རིན་པོ་ཆེ་མཁས་དབང་རེད། འོན་ཀྱང་འུར་བསྟོད་ཆེ་མ་དྲག ད་ལྟའི་ཚོགས་འདུར་དེར། ༸གོང་ས་མཆོག་གི་སྐུ་ཚབ་ཏུ་ང་ལྟ་བུ་ཞུགས་ཡོད་ཀྱང་། རྒྱ་རྒན་ཕྱིར་འཐེན་བྱེད་ཐག་ཆོད་རེད། གནད་འགག་གཙོ་བོ་ནི། ལྷོ་ཀོ་རི་ཡའི་རྒྱལ་ཁབ་དྲིན་པོ་ཆེ་དེའི་བཀའ་དྲིན་ཡིན་པ་ངོས་ཟུངས།
དེ་རིང་འཛམ་གླིང་ནང་པའི་ལྷན་ཚོགས་འདི་ཆོས་ཀྱི་གནད་དོན་ཞིག་གི་ཆེད་དུ་འཚོགས་ཀྱིན་ཡོད་རྒྱུ་རེད།
དེར་བརྟེན་ནང་ཆོས་ཀྱི་གནད་དོན་ཡོངས་རྫོགས་མཁྱེན་མཁན་བོད་ཀྱི་བཙན་བྱོལ་བ་འཚོགས་ཞུགས་དགོས་པ་ནི་བཤད་ཅི་ལ་དགོས། རྒྱ་ནག་གི་ནང་པའི་དབུ་ཁྲིད་ཚོ་ལྷན་ཚོགས་ནས་ཕྱི་བུད་བྱས་པ་ནི་ཆོས་ཀྱི་དོན་ལ་འགན་མ་ཁུར་བའི་དབུ་ཁྲིད་ཞིག་དང་ཆོས་པ་ཡང་དག་ཞིག་མིན་པའི་མངོན་རྟགས་གསལ་པོ་ཞིག་རེད་དོ།།
འདིའི་རིགས་ལ་འཛམ་གླིང་གི་ནང་པ་ཚོས་གཟབ་གཟབ་བྱས་དགོས།འདི་དག་གིས་ལོག་ལམ་དུ་ཁྲིད་མི་སྲིད་པ་ཞི་ག་ལ་ཡིན།
ད་ཐེངས། ཟམ་གདོང་རིན་པོ་ཆེ་ཡིན་གྱི་རེད་དེ། གཙོ་བོ་ཆོ་རིག་བཀའ་བློན་རེད་འདུག གོ་སྒྲིག་པ་ཞིག་གིས་ཤུབ་ཤུབ་ངང་ཁྱེད་ཚོ་འཁྱུག་ཙམ་ཕྱི་ལ་ཐོན་རོགས་གྱིས། རྒྱ་མིའི་སྐུ་ཚབ་ཚོའི་བསམ་འཆར་འདུག་ལབ་འདུག དེ་ནས་པད་མ་ཆོས་འབྱོར་གྱིས། རྒྱ་མི་ག་དུས་ཡིན་ན་དེ་འདྲ་རེད། ཐོན་གྱི་མིན། འདི་ན་ཁུ་རུ་ཡ་ཡིན་པ་ལས། རྒྱ་ནག་པེ་ཅིང་མ་རེད་ཅེས་ལན་བཏབ་འདུག དེ་ནས་རྒྱ་སྐུ་ཚོ་བྲོས་ཕྱིན་པ་འདྲ།
འདི་ནའང་ཤར་ཁུག་སོགས་ང་ཡིན་ལབ་མཁན་ཚོས་ནམ་རྒྱུན་ལྟར་རང་རང་གི་སྣང་བ་འགྲོ་བའི་སྐད་ཆ་རྣམས་བཤད་ནས་སྐྱིད་པོ་གཏོང་གི་འདུག དོན་གྱིས་ཐེངས་འདིར་ཀོ་རི་ཡིས་རྒྱ་མིས་བཙན་བཀའ་བཏང་བ་ལྟར་བོད་མི་རིགས་ལ་མཐོང་ཆུང་དང་སྣང་མེད་ཟུར་འཇོག་མ་བྱས་པར། ཚོགས་སུ་བཅུག་པའི་ཀོ་རིའི་ལངས་ཕྱོགས་དེ་ལ་རྒྱ་མི་མ་དགའ་བ་རེད་མ་གཏོགས། བོད་མི་སྒེར་གཅིག་གི་ཡོན་ཏན་ཆེ་ཆུང་གི་གནད་དོན་ཆགས་ཡོད་པ་མ་རེད།
འདིའི་ཐོག་ནས་ཀོ་རི་ཡ་དང་རྒྱ་ནག་གཉིས་ཕྱོགས་གཅིག་མ་ཡིན་པ་དང་། དཔལ་འབྱོར་གྱི་ཁེ་ཕན་ཆེད་ཚོང་འབྲེལ་མི་བྱེད་ཐབས་མེད་ཆགས་ཡོད་ཀྱང་། རྒྱ་ནག་ལ་མགོ་སྒུར་འདོད་མེད་པའི་ཀོ་རིའི་ཆབ་སྲིད་ཀྱི་ཁ་ཕྱོགས་བསྟན་པ་ལས། ཀོ་རི་ཡིས་ཟམ་གདོང་རིན་པོ་ཆེའི་ངོ་མ་ཆོད་པར་གོ་སྐབས་སྤྲད་པ་མ་རེད། མ་གཞི་ནས་ཐེངས་འདིའི་གནད་དོན་རྒྱ་དང་ཀོ་རི་ཡི་འབྲེལ་བར་ཤུགས་ཆེན་པོ་མཚོན་པ་ལས། བོད་པ་ཚོར་འབྲེལ་མེད་པ་མ་རེད་དེ་དཔེ་རེ་བ་ཆེན་པོ་དེ་འདྲ་མ་རེད། ཐེངས་འདིའི་ནང་དོན་གཙོ་བོ་ཀོ་རིའི་གནས་ཚུལ་ཀོ་རི་ཡ་རང་གིས་ཐག་གཅོད་ཀི་ཡིན། རྒྱ་མི་ལ་ཇུས་གཏོགས་མེད་ཟེར་བའི་བརྡ་ལན་བཏང་བ་རེད། ཡང་ན་ཀོ་རི་ཡིས་རང་གི་མགོ་ཐོག་ལ་རྒྱ་ནག་དབང་ཤུགས་སླེབས་ཏུ་འཇུག་རྒྱུར་དགའ་བོ་མེད་པར་བསྟན་པ་རེད། བོད་ཀྱི་རྒྱབ་སྐྱོར་ཁོ་ནར་དམིགས་ནས་ཀོ་རི་ཡིས་རྒྱ་ནག་གི་ཁ་ལ་མ་ཉན་པ་ཡིན་མིན་བསམ་བློ་ཐོངས། སྤྱིར་ང་ཚོ་དགའ་དགོས་པའི་གནས་ཚུལ་ཞིག་ལོས་ཡིན། འོན་ཀྱང་གནས་ཚུལ་ལ་ལྟ་སྟངས་ནོར་བའམ་ཐལ་དྲགས་ན་སྙིང་ཡོད་མ་རེད། ཡང་ན་གནས་ཚུལ་འདི་ཟམ་གདོང་རིན་པོ་ཆེ་དང་རང་གི་སྒེར་འབྲེལ་ཉེ་རུ་གཏོང་བྱེད་ཀྱི་ཚོང་རྒྱུ་བྱས་ན་མཛེས་ཡོད་མ་རེད།
ཡང་སྙིང་གནད་དོན་འདི་རྒྱ་ནག་དང་ཀོ་རི་ཡི་འབྲེལ་བའི་ཟུར་གཅི་མཐོང་བཅུག་པ་ལས། བོད་ཀྱི་གནད་དོན་གཙོ་བོ་ཆགས་ཡོད་པ་རེད་དྲན་གྱི་མི་འདུག
བདེན་པ་ཉིད་རྒྱལ་འགྱུར་ཅིག །
ཨོ་བྷ་མ་ཨ་རིའི་སྲིད་འཛིན་དུ་སླེབས་པ་ནས་རྒྱལ་སྤྱིའི་དབུ་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་སྟངས་དང་བོད་མི་ཟུར་འཇོག་བྱེད་རྒྱུ་ཤུགས་ཆེ་རུ་ཕྱིན་པ་འདྲ་བོ་མཐོང་སོང་། འོན་ཀྱང་ཡ་མཚན་ཞིག་ལ་ཉེ་བའི་ཟླ་ཤས་ནས་དགོས་མཁོ་ཅི་ཞིག་ཡིན་ནམ། གང་ལྟར་རྒྱལ་སྤྱིའི་དབུ་ཁྲིད་ཚོས་བོད་ཐོག་རྣམ་འགྱུར་ཡག་ཏུ་འགྲོ་སྲིད་པའི་སྔར་ལྟས་ཕྲ་བོ་ཞིག་མངོན་གི་མེད་འགྲོ་བསམ་བསམ་འདུག
སྟག་སྨྱོན་གྱིས་མཆན་སྔ་རྗེས་གཉིས་ཀ་ལ་མངོན་པར་བསྟོད་དོ། ཁྱོད་དང་ང་གཉིས་ཀྱི་གཤིས་ཀ་གཅིག་མཚུངས་ཤིག་རྟོགས་བྱུང་བ་ནི། འུར་བསྟོད་ལ་ཆེ་ཆེར་མི་དགའ་བ་ཞིག་རེད་འདུག ང་ནི། བོད་པའི་འུར་བསྟོད་ཀྱི་ལོ་རྒྱུས་དང་། དངོས་ཡོད་ཀྱི་ཁ་སྟབས་གཉིས་བསྡུར་སྐབས་ཉོབ་ནས་བསྡད་ཡོད། བོད་པ་རྣམས་འུར་བསྟོད་ཆེན་པོ་དེ་འདྲ་གླིང་སྒྲུང་ཀློག་དྲག་པའི་བགས་ཆགས་ཐུག་པོ་ཞིག་ཡིན་པ་འདྲ། འུར་བསྟོད་རྐྱང་བྱ་ན་དངོས་ཡོད་ཀྱི་གནས་ཚུལ་ངོས་བཟུང་ཐུབ་ཐབས་མེད།
འོན་ཀྱང་དེང་སྐབས་འཛམ་གླིང་གི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་ལྟ་སྐབས། དམངས་གཙོའི་ཕྱོགས་ཀྱི་གཞུང་རྣམས་ཅུང་ཟད་འཇིང་པ་སྦོམ་དུ་ཕྱིན་འདུག་ལ། དགྲ་བོ་རྒྱ་ནག་ལ་ཡང་མངོན་པར་གསལ་བའི་སྒོ་ནས་འཛེམས་གཟོན་མི་བྱེད་པ་ལྟ་བུ་འདུག་པ་ནི། རིང་མིན་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་དང་བསྟུན་པའི་ཆབ་སྲིད་ཀྱི་ནང་འཁྲུག་ཅིག་ལ་སྟོབས་ཤུགས་སྦྱིན་གྱི་མེད་དམ་སྙམ།
རྒྱ་ནག་གིས་ཡོད་ཚད་ག་རེ་བྱས་བྱས་བསམ་པའི་འཁྲུལ་སྣང་དེ་ད་ཐེངས་ཡང་ཕམ་སོང་།
དེང་གི་གནས་ཚུལ་དེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནི་མཁྱེན་དཔྱོད་ཧ་ཅང་ཡངས་པ་དང་། ༧གོང་ས་མཆོག་གི་སྐུ་ཚབ། ལྷོ་ཀོ་རི་ཡ་ནང་གི་གུ་ཡངས་ཀྱི་གནད་འགག་དེ་གསུམ་གྱིས་རྒྱ་ནག་གི་ཚོགས་མི་དེ་ཚོས་ངོ་ཚ་ཁ་སྐྱེངས་ནས་མ་བོས་རང་བོས་རེད།
བདེན་པར་གཡོལ་བ་གསལ་པོ་རེད་གང་ཡིན་ཟེར་ན་ཆོས་ལུག་ལ་རང་དབང་མེད་པའི་རང་ཟུགས་དམར་རྗེན་ལ་མངོན་པ་རེད། འོན་ཀྱང་དང་པོ་ཚོངས་འདུར་ཡོངས་དགོས་དོན་གང་ཡིན་ནམ་འགའ་ཞིག་གི་དེ་ནི་རང་དབང་ཡོད་ཁུལ་བྱས་ནས་ཡོང་པ་རེད་ཟེ་ཤས་སྲིད་ ཡང་འགའ་ཞིག་གི་དེ་ནིབཀའཟུར་ཟམ་གདོང་རེན་པོ་ཆེ་ཕེབས་ཀྱི་ཡོད་པ་གནས་ཚུལ་མ་ཤེས་པ་རེད་ཟེ་ཤས་སྲིད་གང་ལྟར་ངའི་ལྟ་ཚུལ་ནི་དེ་གཉེས་གང་དུ་མན་གང་ཡིན་ཞེས་ན་ད་རེས་ཀྱི་ལྷན་འཛོམ་འདི་ནི་བཀའ་ཟུར་ཟམ་གདོང་རེན་པོ་ཆེ་ལྡན་འགྲེན་རྒྱུའི་ཆེད་མན་ལ་རྒྱ་དམར་འཐུས་མི་ཚོང་འདུ་ནས་དོན་རྒྱུའི་ཆེད་དུ་མན་འདི་ནི་ཆོས་ལུག་ཞིག་གི་ལྟ་སྒྲུབ་འདི་འགྲོ་བ་སེམས་ཅན་ཆ་ཤས་ཞིག་གནས་སའི་འཛམ་གླིང་འདིར་ཕན་བདེ་དང་ཞབས་འདེག་སྒྲུབ་རྒྱུའི་དོན་དང་ཡང་གོས་རིག་གཞུང་འདི་ཉར་ཚག་བྱེད་རྒྱུའི་དོན་སོག་ཚུད་ཡོད་འོན་ཀྱང་རྒྱ་ནག་དམར་གཞུང་གི་མཐུ་མི་རྣམས་ལྷན་འཛོམ་འདིར་འབྱོར་ནས་བརྗོད་གཞིར་ལྟ་སྐབས་དོན་གྱི་ངོས་ནས་དེར་ལོངས་སྤྱོད་པའི་ཐོབ་ཐངས་མེད་པའི་ཤེས་ཡོད་སྲིད་གང་ལ་ཟེར་ན་མི་བསོད་ལག་དམར་བའི་སྲོག་ཁྲིམས་ཀྱི་ཉེས་པ་ཕོག་པའི་བཙོན་པ་ཞིག་ཉེས་ཁྲིམས་ཀྱི་བདག་པོར་འགྱུར་མི་སྲིད་
ཇོ་ཇོ་ནས་གསུངས་པ་བདེན་པ་རེད། འོན་ཀྱང་ད་ཆར་རྒྱ་མིས་ཆོས་ལུགས་དད་པ་རང་མོས་ཡིན་ལབ་པ་དེ་རྫུན་རྐུབ་རྡོལ་བ་རེད། ་
ཇོ་ཇོ་འདི་མི་རྣམ་དཔྱོད་ཅན་ཞིག་རེད་འདུག་ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
ཐམས་ཅད་གཞན་གྱི་བཀའ་དྲིན་ཁོ་ན་ལས།།
རང་གིས་བྱས་པ་ཅི་ཡང་མིན་ཞེས་པ།།
འདི་ཡང་འུར་བསྟོད་ཞེས་པ་དེ་ལས་གཞན།།
འུར་བཤད་ཅུང་ཟད་བྱས་པ་བདག་གིས་མཐོང་།།
དེས་ན་འདི་ནི་སྐུ་ཚབ་ནུས་པ་དང་།།
ཀོ་རི་ཡ་རྒྱལ་ཁབ་རང་གི་དགོས་མཁོ་དང་།།
བོད་ཀྱི་དོན་ལ་རྒྱབ་སྐྱོར་བྱེད་པ་སྟེ།།
འདི་རྣམས་ཀུན་གྱི་ནུས་པ་ཡིན་པར་སེམས།།
ད་རེ་རྒྱ་དམར་གཞུང་གིས་ཁོང་ཚོའི་ཚོགས་ཞུགས་པ་རྣམས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེའང་རྒྱག་ནག་གི་ལོ་རྒྱུས་ཁྲོད་དུ་ནག་ཐིགས་ཅིག་ཅི་ལ་མིན་མོད། འོན་ཀྱང་ད་ལྟའི་རྒྱ་དམར་གྱི་འགོ་ཁྲིད་འདི་ཚོའི་བྱེད་སྟངས་འདིས། འགྲོ་བ་མིའི་ཡ་རབས་བཟང་སྤྱོད་དང་། ངོ་ཚ། ཆོས་ལུགས་དད་མའི་རང་དབང་། འགྲོ་བ་མིའི་སྐྱིད་སྡིག དྲང་བདེན་དང་གུས་ཞབས་སོགས་ཅི་ལའང་མི་འཛེམ་པ་མ་ཟད་ཁོང་ཚོའི་མངའ་འོག་གི་མི་རྣམས་སོ་སོའི་དགའ་ས་དང་དད་ས་འདི་འདྲ་ལ་རང་དབང་མེད་པ་དེ། རྒྱལ་སྤྱིའི་ཐོག་ངོམ་པ་ཞིག་དང་གནས་སྟངས་ག་རེ་ཡིན་ནའང་རྒྱ་དམར་གཞུང་གི་དབང་ཤུགས་འོག་ཤར་སྐྱོད་བྱ་དགོས་པ་བསྟན་པ་རེད།