བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་གིས་བོད་བསྒྱུར་ཞུས།
ཚན་ཡུས་དྲ་རྒྱའི་ནང་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༥ ཉིན་གུང་ཧྲན་ཞེས་པས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་ལྷོ་ཕྱོགས་རྒྱལ་སའི་གསར་ཤོག་ཅེས་པའི་ཐོག་ཕྱི་ཚེས་ ༢༥ ཉིན་གནས་ཚུལ་ སྤེལ་བའི་ནང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་བོད་རིགས་ས་ཁུལ་གྱི་གསར་འགྱུར་ལས་བྱེད་རྣམས་ལ་ཕྱིའི་བརྒྱུད་ལམ་ཁག་ཏུ་རྫུན་གཏམ་བཤད་པའི་ཁ་རྩལ་སྦྱོང་ཆེད་ཀྱི་མཉམ་བསྡུས་སྦྱོང་བརྡར་སྤྲོད་པའི་ལས་གཞི་གལ་ཆ་ེཞིག་དེང་སྐབས་སྤེལ་བཞིན་ཡོད་པ་རེད།
གསར་འགྱུར་དེའི་ནང་བརྗོད་དོན་ལ་གཞིགས་ན། ཕྱི་ཟླ་ ༤ ཚེས་ ༨ ཉིན་སྐབས་དང་པོའི་རྒྱ་ནག་རྒྱལ་ཡོངས་ཀྱི་བོད་དང་འབྲེལ་བའི་ཕྱིར་དྲིལ་བསྒྲགས་བྱེད་པའི་ལས་བྱེད་གསོ་སྐྱོང་འཛིན་གྲྭ་དེ་རྒྱ་ནག་གི་རྒྱལ་སའི་ཤར་ངོས་སུ་གནས་འཁོད་པའི་རྒྱ་ནག་བརྒྱུད་ལམ་མཐོ་སློབ་ཁང་དུ་སྒོ་དབྱེ་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་དང་། ཟི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ནང་ཡོད་པའི་བོད་རིགས་ས་ཁུལ་གྱི་ཕྱིར་དྲིལ་བསྒྲགས་བྱེད་མཁན་ཁུངས་གཏོགས་ཀྱི་ལས་བྱེད་མི་གྲངས་ ༥༠ ཡོད་པ་དེ་དག་ལ་དུས་ཡུན་ཟླ་བ་གསུམ་རིང་མཉམ་བསྡུས་སྦྱོང་བརྡར་སྤྲོད་རྒྱུ་ཡིན་པ་དང་། དེའི་ནང་ནས་སློབ་ཚན་གལ་ཆེ་ཤོས་གཅིག་ནི། ཕྱིའི་བརྒྱུད་ལམ་ཁག་དང་འབྲེལ་བ་བྱེད་ཤེས་པ་བྱ་རྒྱུ་དེ་ཡིན་ཞིང་། དེ་ཡང་ཕྱིའི་བརྒྱུད་ལམ་ཁག་ཏུ་རྫུན་གཏམ་ཤོད་རྒྱུའི་ཁ་རྩལ་སྦྱོང་རྒྱུ་དེ་ཡིན་པ་རེད། རྒྱལ་སྲིད་སྤྱིཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣར་ལྷོ་ཕྱོགས་རྒྱལ་སའི་གསར་ཤོག་གི་གསར་འགོད་པའི་བཅར་དྲི་དང་ལེན་བྱེད་སྐབས། ད་རེས་ཀྱི་སྦྱོང་བརྡར་དེ་འགོ་བཙུགས་གླུ་དབྱངས་ལྟ་བུ་ཡིན་པས། ཁོང་ཚོས་བོད་དོན་དང་འབྲེལ་བའི་ཕྱིར་དྲིལ་བསྒྲགས་བྱེད་པའི་ལས་བྱེད་ཡོངས་ལ་སྦྱོང་བརྡར་སྤྱོད་རྒྱུའི་ལས་འཆར་འབངས་སྒྲིག་སྟེ། བོད་དང་རྒྱ་ནག་གི་ཟི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་ནང་ཡོད་པའི་བོད་རིགས་ས་ཁུལ་གྱི་དྲིལ་བསྒྲགས་དང་གསར་འགྱུར་ལས་བྱེད་ཡོད་དོ་ཅོག་ལ་རེས་མོས་བྱས་ཏེ་སྦྱོང་བརྡར་སྤྲད་དེ། ཁྱོན་ཡོངས་ནས་ཛྲཁ་བདེ་ལྕེ་བདེའི་ཛྲཡོད་པའི་རྫུན་གཏམ་བཤད་རྒྱུར་སྦྱང་གོམས་ཤིང་། རྟོག་གེ་བྱེད་ནུས་པའི་བོད་དོན་དང་འབྲེལ་བའི་ཕྱིར་དྲིལ་བསྒྲགས་བྱེད་མཁན་གྱི་དཔུང་སྡེ་ཞིག་བཟོ་རྒྱུ་ཡིན་སྐོར་ཁ་ནས་ཐོན་འདུག།
རྟོག་ཞིབ་པ་ཚོས་གོང་གི་གནས་ཚུལ་འཕེལ་ཕྱོགས་དེ་ཐོག་ནས་རྒྱ་དམར་གཞུང་གི་ལོ་མང་རིང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱས་པ་རྣམས་ཕམ་ཉེས་བྱུང་བ་ཤུགས་ཀྱིས་ངོས་ལེན་བྱས་པ་ངོས་འཛིན་བྱས་འདུག
རྒྱལ་སྲིད་སྤྱིཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ད་རེས་བཀའ་བཀོད་ལྟར་བོད་དོན་དང་འབྲེལ་བའི་ཕྱིར་དྲིལ་བསྒྲགས་བྱེད་མཁན་གྱི་དཔུང་སྡེ་བསྐྱར་འཛུགས་བྱེད་པའི་རྒྱབ་ལྗོངས་ནི། སྔ་ལོའི་ཕྱི་ཟླ་དང་པོའི་ནང་པེ་ཅིན་དུ་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ནང་། བོད་དང་ཞིང་ཆེན་བཞིའི་ནང་ཡོད་པའི་བོད་ཀྱི་ས་ཁུལ་ཛྲདུས་བདེ་ཞི་འཇགས་ཡོང་བ་ཛྲབྱ་རྒྱུ་ངོས་འཛིན་བྱས་འདུག་པར་བརྟེན། ངེས་པར་དུ་བོད་དོན་དང་འབྲེལ་བའི་ཕྱིར་དྲིལ་བསྒྲགས་བྱེད་མཁན་གྱི་དཔུང་སྡེ་བསྐྱར་འཛུགས་བྱེད་དགོས་པ་དེ་རེད། དཔུང་སྡེ་དེ་ཡང་ཐོག་མར་གསར་འགྱུར་དང་དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ལས་བྱེད་རྣམས་ཡིན་ཞིང་། དེ་ནས་བོད་རིག་པ་དང་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་སོགས་ཡིན་འདུག དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི། ཛྲའཛམ་གླིང་ཐོག་ང་ཚོར་འཛིན་པའི་ལྟ་སྟངས་ལོག་པ་དང་གོ་འཛོལ་བྱུང་བ་རྣམས་གསལ་བཤད་བྱ་རྒྱུ་དེ་རེད་ཛྲཅེས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣ་དེས་བཤད་འདུག དོན་གནད་དེས་ག་རེ་མཚོན་གྱི་ཡོད་རེད་ཅེས་ན། ཧུ་ཡའོ་ཕང་གི་དུས་སྐབས་བོད་ལ་འཛིན་པའི་ཅུང་གུ་ཡངས་ཀྱི་སྲིད་བྱུས་འགྱུར་བ་གཙང་མ་ཕྱིན་ཟིན་ནས་ཧུ་ཅིན་ཐའོ་ཡིས་བོད་ནང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཛ་དྲག་ཏུ་བཏང་སྟེ། ཡང་བསྐྱར་བོད་ནང་གི་ཆོས་དད་རང་དབང་གི་སྲིད་བྱུས་དམ་དྲག་བྱས་པ་དང་དང་ཆབས་ཅིག་ཁྱོན་ཡོངས་ནས་བོད་ནང་གི་གནས་སྟངས་ཕྱིར་ཕྱོགས་སུ་རྫུན་གཏམ་བཤད་པའི་སྦྱངས་ཚད་མཐོ་རུ་གཏང་རྒྱུ་ཡིན་པ་གསལ་པོ་བསྟན་པ་རེད།
དྲ་རྒྱ་ལྟ་མཁན་ཚོས་དབྱེ་ཞིབ་བྱས་དོན་ལ། ཧུ་ཅིན་ཐའོ་ཡིས་བོད་ནང་སྲིད་བྱུས་དམ་དྲག་བྱས་པའི་བྱ་ཐབས་དེས། རྒྱ་ནག་རྒྱལ་ནང་གི་བསམ་བློའི་རང་དབང་ཐོག་ལའང་གོམ་གང་མདུན་སྤོས་ཀྱིས་དམ་དྲག་བྱ་རྒྱུ་ཡིན་པ་སྔོན་དཔག་བྱེད་ཐུབ། ཉེ་དུས་རྒྱ་ནག་གི་སྒྱུ་རྩལ་བ་ཨད་དབུས་དབུས་བཙོན་ཁང་དུ་བཅུག་པ་དེ་ཐོག་ནས་རྒྱ་ནག་ནང་བསམ་བློ་རང་དབང་ཅན་མང་པོ་ཞིག་རང་ལུས་རང་དབང་ཤོར་རྒྱུ་ཡིན་པ་སྔོན་དཔག་བྱས་པ་དེ་ར་སྤྲོད་བྱེད་ཐུབ་པ་ཡིན་ནོ།། །།