ཅོག་མྱི།
རྒྱ་གུང་ཁྲན་རྟགས་མཚན་མེར་བསྲེགས་པ།།
ལོ་ཉིས་སྟོང་བཅུ་བཞིའི་རྟེན་འབྲེལ་བསྒྲིགས།།
བོད་ཉམ་ཆུང་རྣམས་ལ་བརྙས་བརྙས་ན།།
སྟོབས་ཆེ་རུང་རྣམ་སྨིན་འཁོར་བ་རེད།།
དེ་ཡང་ཕྱི་ལོ་༢༠༠༡༤ ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་བུ་རབ་ག་གེ་མོ་ཞིག་གིས་རྡོ་སྣུམ་(gas)རྒྱ་མ་དྲུག་བདུན་ཡོད་པའི་ཟོ་བ་ཞིག་ཐོགས་ཏེ་ཨ་རིའི་གྲོང་ཁྱེར་སན་ཧྥུ་རན་སེ་སུ་ཁོ་(San Francisco)་ན་ཡོད་པའི་རྒྱ་མིའི་གཞུང་ཚབ་ཡན་ལག་ཁང་གི་སྒོར་རྡོ་སྣུམ་བྱོ་སྟེ་མེར་བསྒྲོན་ནོ། པར་འདི་ནི་ཡན་ལག་ཁང་དེའི་རྒྱ་སྒོར་འཕྱངས་བའི་རྒྱ་ནག་རྒྱལ་ཁབ་དང་གུང་ཁྲན་དབང་སྒྱུར་མཚོན་བྱེད་ཀྱི་རྟགས་མཚན་དེ་འཚིགས་པའི་ཚིག་རོ་རེད།
ལྷ་རྒྱལ་ལོ།
དྲང་བདེན་འུ་ཐུག་པའི་རླུང་རྟ་འབར་བའི་མེ་ཡིས།
རྫུན་སྒྲིག་གི་དབང་སྒྱུར་མཚོན་རྟགས་བསྲེགས་པ་ལེགས།
དྲྭོགས་གཞི་ཅན་གྱི་མི་ཞིག་འཛིན་བཟུང་བྱས་འདུག་ཀྱང་། མི་སུ་གང་ལ་ཡང་ཉེས་ཆད་མ་ཕོག་པའི་སྨོན་འདུན་ཞུ།
དོགས་གཞི་ཅན་གྱི་མི་དེ་བོད་མི་ཡིན་ནམ་ཡང་ན་གང་ཡིན་ནམ་
འདིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་གསལ་བོ་བསྟན་པ་རེད། འདི་ཚང་མས་ཧ་གོ་དོན་གསལ་རེད། ང་ཚོ་མང་པོ་ཞིག་དགའ་གི་ཡང་ཡོད་ངེས།
ཡིན་ན་ཡང་སྦྱར་ཡིག་དང་འབོད་སྒྲ་སོགས་ཅི་ཡང་གོ་རྒྱུ་མེད་པ་དེ་ཅི་ཡིན་ནམ། ད་དུང་མི་སུ་ཡིན་ཡང་ཤེས་མེད་པ་དེ་ཅི་ཡིན་ནམ། གལ་ཏེ་བོད་མི་ཞིག་ཡིན་ན། སྤྱོད་ཚུལ་འདི་རང་སྲེག་དང་བསྡུར་ན་བར་ཁྱད་ཅི་ཞིག་ཚོར་གྱིན་འདུག
དེ་བོད་མི་ཡིན་བགྱིད་མ་རེད་བསམ། ཚུར་ཕྱོགས་ང་ཚོ་ལ་དམག་གི་གྲ་བསྒྲིགས་ལ་སོགས་པ་གང་ཡང་མེད་པར་ལྐུགས་པ་ཅིག་ཡིན་ན་མ་གཏོགས་དེ་འདྲ་བགྱིས་མི་ཡོང་། དེ་ཚོས་རྒྱ་ལ་སེམས་གནག་པ་ཡིན་མིན་མི་ཤེས། དེའི་རྒྱ་མི་ཚོའི་ཆིག་སྒྲིལ་ལ་ཕན་གི་རེད་འདོད། དེ་དང་མཉམ་དུ་རྣམ་རྟོག་ཡང་ཟ་གི་རེད། གང་ལྟར་རྒྱ་གཞུང་གིས་རྒྱ་མི་རྣམས་ཆིག་སྒྲིལ་གྱི་དོན་དུ་བེད་སྤྱོད་གཏོང་ངེས་ཡིན། ང་ཚོ་རྒྱ་གཞུང་མི་དགའ་བ་བདེན་ཡང་དམག་དང་གོ་ཆས་གྲ་བསྒྲིག་གང་ཡང་མེད་པར་རྒྱ་ཁྲོ་སློང་བ་ལས་རྒྱ་བྱ་ཁུག་རྟ་ལྟར་རྒྱ་དར་ཅིག་ཁུར་ནས་སོང་ན་བོད་ཁྱི་སྤྱང་པོ་ཡིན་པའི་རྟགས་རེད་ཡ།
ཡུལ་འཁྱར་བའི་སྒྲིག་འཛུགས་ཀྱི་གཞུང་སྒོར་བདག་བྱོས། སྐལ་མེད་སར་སྐེ་མ་བསྲིང་། རྒྱ་ནག་རྒྱ་སྒོར་རྒྱ་རྒན་ཚོས་བདག་པོ་ལོས་བྱེད། ང་ཚོ་ལ་ཇུས་གཏོགས་མེད། རྒྱ་གཞུང་ལ་མི་དགའ་མཁན། དེང་སང་གི་རྒྱའི་མགོ་ཁྲིད་ལ་མི་དགའ་མཁན། རྒྱ་མི་ཡིན་ཚད་ལ་རྒྱ་གཞུང་གིས་གདུག་པོ་གཏོང་མྱོང་། ད་དེ་སུ་ཡིན་གང་ཤེས། ཨ་མི་རི་ཀའི་ཁ་དྲང་པོ་མ་བཀྱག་ན་རྒྱ་གཞུང་གིས་སུ་རེད་ལབ་ན་དེ་རེད། ཇུས་མེད་ཇུས་གཏོགས་མ་བྱོས་ཨ།
འདི་ནི་རྒྱ་རྒན་ཚང་ལ་མི་དགའ་བའི་སྙིང་ནད་ལག་སྟེར་བྱས་བ་རེད། སུ་ཞིག་ན་སུ་ཞིག་ཡིན། རྒྱ་ནག་ཚང་ལ་མི་དགའ་བའི་མི་བུ་བསམ་ཤེས་བ་ནི་གནམ་སར་གང་བ་ཡོད་དོ། ཁ་སྙན་པོ་བཤད་ནས་ཡིབ་མ་བསྡད་པའི་བུ་རྒོད་པོ་ལ་ངོ་སོ་བསྟོད་དོ།
འདི་ནིའང་འཚེ་མེད་ཞི་བའི་ངོ་རྒོལ་གྱི་དབུ་མའི་ལམ་གྱི་སྲིད་བྱུས། ས་ཧྥུ་རན་སེ་སུ་ཀོའི་ཁམས་པཞིག་གམ་མགོ་ལོག་པ་ཞིག་གིས་མཛད་རྗེས་ཡིན་པའི་སེམས་ཚོར་ཡོད། ཡིན་རུང་མིན་རུང་རྒྱ་ནག་གི་དབང་བསྒྱུར་རྟགས་མཚན་ཚིག་རོ་དེ་མཐོང་ཐེངས་རེ་ལ་དགའ་དགའ་ནི་ཞིག་རེད། རྒྱ་ངན་སྡོང་རྒན་མེར་ཤོར་ཤོར་ཞིག་བཟོ་དགོས།
ངས་ལྟོས་ན་མེ་གཏོང་མཁན་དེ་བོད་མི་ཞིག་ཡིན་རྒྱུ་མ་རེད། གལ་ཏེ་ཡིན་ན་ནོར་བ་རེད། མེ་བཏངས་པ་དེ་ཨ་རིའི་ཁྲིམས་ལ་ཡང་འགལ་བ་རེད། གལ་ལྟར་ཀྱང་མིའི་སྲོག་ལ་གནོད་མི་འདུག །
ལས་འགུལ་འདི། འཚེ་མེད་ཞི་བ་ཡང་མ་རེད། འཚེ་ཡོད་དྲག་སྤྱོད་ཡང་མ་རེད། འོ་ན་གང་ཡིན་ཞེ་ན། བདེན་པ་འུ་ཐུག་གིས། ངོ་སྤྲོད་ཙམ་ཡིན་པར་འདོད་ལགས།
དེ་བརྟེན་འབྲེལ་བཟང་པོ་ཞིག་རེད། དེ་ལྟར་བྱེད་མཁན་བོད་པ་ཞིག་ཡིན་ཚེ་ཐུགས་རྗེ་ཞུ་ཞག་རེད། འོན་་ཀྱང་ཕ་ཆེར་བོད་པ་མ་རེད། བོད་པ་ནི་རེ་བ་དང་རེ་བ་ཀྱང་ཀྱང་བརྒྱབ་ནས་སྡད་ཡག་རེད་། བོད་པའི་རེ་བ་ནི་མའོ་ཙེ་ཏུང་དང་ དེ་ནས་ཏིང་ཞའོ་ཧྥིང་དང་དེ་ནས་ཅང་ཙེ་མིན་དང་ འོས་རྗིང་ཐོ་དང་ ད་ལྟ་ཞི་ཅིང་ཕེ་བཅས་རེད། ད་དུང་རྒྱ་ནང་པ་ཚོ་ལ་རེ་བརྒྱབ་ཀྱི་ཡོད་རེད། རྒྱ་ནང་པ་ཡིན་་ན་འདྲ་། རྒྱ་ནག་པོ་ཡིན་ནའདྲ་ རྒྱ་དམར་པོ་ཡིན་འདྲ་བོད་པ་ལ་དངོས་གནས་ཞེན་འགོག་དང་ཤ་ཚ་བྱེད་མཁན་ཞི་མེད་པར་འདས་པའི་ལོ་རྒྱུས་དང་ཉམ་མྱོང་གང་ལ་བལྟས་ཀྱང་མེད་པ་རེད། རྒྱ་ནག་གོང་མ་ཚ་ོ་ནང་པ་ཡིན་ཀྱང་བོད་ཟ་ཡག་ལ་ཁ་ཆེན་པོ་སྡང་ནས་མཐའ་བཞུགས་བོད་ཟས་པ་དེ་ཚང་མས་ཤེས་གསར་རེད། རྒྱ་ནག་གོང་མས་གོང་ས་ལྔ་པ་ཆེན་པ་ལ་གུས་ཞབས་དང་དད་པ་ཡོད་མདོག་བྱེད་པ་དེ་བོད་ཟ་སེམས་དང་སོགས་པོའི་དམག་ལྡོག་ཡག་གི་ཆེད་དུ་རེད་མ་ཏོག་བོད་ལ་ཤ་ཚ་ནས་དང་ཡང་རྒྱལ་བ་ལྔ་པ་ཆེན་པོ་ལ་དད་པ་ཆེ་དྲག་ནས་ག་བ་ཡིན་།
ང་ནི་རྒྱ་དམར་ནག་དང་ རྒྱ་ནང་པ་དང་ རྒྱ་གང་འདྲ་ཞིག་ཡིན་ན་ཡང་བོད་ལ་ཤ་ཚ་མཁན་ཅིག་ཀྱང་མེད་བཅས་ལབ་ན་་བདེན་པ་རེད་བསམ་གྱི་འདུག།
ཤ་ཚ་མིན་དེ་སྐད་ཆ་གཞན་ཞིག་རེད། བོད་མི་རང་གི་ནང་ན་ཡང་དོན་ངོ་མས་ཤ་ཚ་མཁན་བརྒྱ་ཆའི་དྲུག་ཅུ་ཡོད་མེད་ཐེ་ཚོམ་རེད།
མི་རིགས་གཞན་དག་ནང་ནས་ང་ཚོའི་བདེན་དོན་གྱི་ཕྱོགས་སུ་ལངས་ཏེ་སྐད་ཆ་བཤད། རྩོམ་ཡིག་བྲིས། ལས་འགུལ་རྩོམ་རོགས་བྱེད་པ་དག་ང་ཚོའི་རྒྱབ་སྐྱོར་བར་ངོས་འཛིན་དགོས། རྒྱ་མི་ནང་ན་དེ་རིགས་ལོ་རེ་བཞིན་ཇེ་མང་ཇེ་མང་མ་རེད་དམ།
རྒྱ་ནང་ན་ང་ཚོའི་བདེན་དོན་ཕྱོགས་སུ་ལངས་ནས་སྐད་ཆ་བཤད། རྩོམ་ཡིག་འདྲ་བྲིས། ལས་འགུལ་རྩོམ་རོགས་བྱེད་མཁན་དག་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལྷག་ནང་ནས་བརྒྱ་ཆ་ག་ཚོད་ཙམ་ཟིན་ཡོད་དམ།? ད་བར་ཕན་ནུས་ག་ཚོད་བྱུང་ཡོད་དམ།?
གཏམ་བཟང་རེད་།
མེད་པ་ནས་ཡོད་པ། ཡོད་པ་ནས་མང་དུ་འགྲོ་བཞིན་པ་རེད། གནས་ལུགས་རྟོགས་པ་དང་མི་སེམས་འགུགས་པར་དུས་ཡུན་ཐུང་ཙམ་གྱིས་ག་ལ་ཡོང། ཕན་ནུས་ཟེར་བ་དེ་ཡང་ལམ་སང་རྡོག་པོ་ཞིག་ཐོབ་རྒྱུ་ཡོད་མ་རེད། དེའི་སྐོར་སྐབས་དོན་མིན་པས་འདིར་མི་གླེང། གང་ལྟར་འཚེ་མེད་དང་འཆམ་མཐུན་གྱི་ལམ་ནི་ནོར་འཁྲུལ་དང་མི་དགེ་བའི་ལམ་ཞིག་ཡིན་མི་སྲིད། བདེན་པའི་མཐུ་སྨིན་ངེས་རེད། དུས་ཚོད་ཀྱི་གནད་དོན་ཙམ་རེད།
བརྩེ་མེད་ཞི་བ་དང་བདེན་པའི་སྙིང་སྟོབས་ཀྱི་འཐབ་རྩོད་ལ་ལྷོད་ཡངས་མེད་པར་རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ནི་སྔ་ཕྱི་ཙམ་ཞིག་རེད།
ཆོས་སྲིད་གཉིས་དབྱེ་བ་ཡིན་ན། འཛམ་གླིང་སྤྱི་འགྲོས་ལྟར་བོད་ཆོས་ནང་བསྟན་ལ་རྒྱ་མི་དོན་སྣང་ཅན་མང་ཙམ་འགྲོ་བ་བདེན་ཡང་། སྲིད་ཕྱོགས་ནས་བོད་ལ་བདེ་སྐྱིད་སྤྲད་དགོས་ཟེར་ནི། རེ་བ་ག་ཚོད་བརྒྱབས་ན་ཡང་མ་སྟོང་ཙམ་ཡིན་པ་ཤེས་ཡོད།
བདེན་པ་གཏོང་མི་ཐུབ་པ་ཞིག་མི་གཏོང་བའི་དམ་བཅའ་རྒྱུད་ལ་མ་སྐྱེས་བར་དུ། རྒྱས་ང་ཚོ་ལ་བོད་སྤྲད་རྒྱུ་མ་རེད་ལ། བོད་མིས་ཚུར་རྒྱ་ལག་ནས་ལེན་རྒྱུ་ཡང་མ་རེད།
གཙོ་བོ་བོད་མི་རིགས་ཀྱི། ཁྲམ་པ་མགོ་གཉིས་མ་ཚོ། སྡར་མ་སྲོག་གཉིས་མ་ཚོ། བདེན་པ་སྦྱིན་གཏོང་མ་ཚོ། དགེ་སྡིག་ཁ་འཁྱེར་མ་ཚོས་མ་བྱུང་བ་རེད་ཟེར་འདོད་བྱུང་། ལན་འདི་ཚོ་ལ་ཡོད། འདི་ཚོས་ནམ་ཡིན་ལ། བོད་གངས་ཅན་པའི་བདག་པོ། མ་འོངས་སོན་རྩ་རྣམས། ཁ་ཁ་རྡུམ་ལ་བཏང་། ལག་ལག་རྡུམ་ལ་བཏང་། རྐང་རྐང་རྡུམ་ལ་བཏང་ནས། མི་རིགས་ཀྱི་ཆེད་དུ་ངུ་བཅུག་པ་ལས་ལངས་བཅུག་མེད།
ཁྲམ་པའི་ལས་ཀ་རེད། མི་གཞན་གྱིས་ཚུར་དྲག་སྤྱོད་བྱས་ན་ཁྲམ་ལས་རེད། རང་མིས་ཕར་དྲག་སྤྱོད་བྱས་ནའང་ཁྲམ་ལས་རེད། སོང་ཙང་ཁྲམ་པའི་ལས་ཀར་ནམ་ཡང་རྒྱབ་སྐྱོར་མེད། བོད་མིའི་འཚེ་མེད་ཞི་བ་རྒྱལ་ལོ།།
ཁྲམ་པའི་ལས་ཀར་ནམ་ཡང་རྒྱབ་སྐྱོར་མེད། བོད་མིའི་འཚེ་མེད་ཞི་བ་རྒྱལ་ལོ།། ་་་་ཟེར།
སྔར་གྱི་སྐད་འབོད་སྐབས་ལ་ཁོང་ཁྲོ་ཏོག་ཙམ་ཟ་བྱུང་། དེ་ཡང་ཁྲམ་པའི་ལས་ཀ་ཡིན་པ་འདྲ། ད་ནས་སྐད་འབོད་ཀྱང་། མི་འགྲོ་ཐག་གཅོད་ཡིན་ནོ།། །།འཕྲིན་ལྷུན་ལགས།། །།
ཆབ་བྲག་ལགས། བོད་མི་གུང་ཏང་ཡོན་ཡིན་ན་འདྲ་། ཆོས་ལ་དད་པ་མེད་མཁན་ཡིན་ན་འདྲ། བོད་མི་ཡིན་ཚན་ཆད་བོད་པ་ལ་ཤ་ཞེན་མེད་པ་ཅིག་ཀྱང་མེད་། རེད་རྒྱ་མའི་འགའི་བོད་དོན་རྩོམ་ཡིག་ཡོད་རེད། དེ་བོད་ལ་ཤ་ཚ་ནས་མིན་པར་རང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་ལག་ཆ་རེད། རྒྱ་དམངས་གཙོ་དོན་གཉེར་བ་ཆེས་ཉུང་ཤས་དང་། རྒྱ་ཧྥ་ལུང་སྒོམ་འགའ་རེད། དོན་དངོས་རྒྱ་ཡིན་ཚད་ཆད་བོད་ལ་ཤ་ཞེན་དང་དགའ་མོས་ཡོད་མཁན་ནམ་མཁའི་མེ་ཏོག་དང་འདྲ། རྒྱ་ནག་གོང་མ་ཡང་ནང་པ་རེད། ཡིན་ན་ཡང་བོད་ཟ་སེམས་ཀྱིས་བོད་ཀྱི་བླ་ཆེན་ཚོ་ལ་ཞྭ་མོ་འདྲ་མི་འདྲ་སྤྲད་དེ་ཧོ་ཐོག་ཐོག་ཟེར་བའི་་མིང་དེ་ཚོ་རེད། ཀརྨ་པའི་དབུ་ཞྭ་དང་སེར་ར་བྱམས་ཆེན་ཆོས་རྗེའི་དབུ་ཞྭ་སོགས་རེད། སེར་ར་བ་ཚོའི་དེ་ཧ་གོ་ནས་ཞྭ་མོ་དེ་རྗེ་ཞུ་པན་ཞ་ལ་རྗེས་རབ་འདུག་ཡག་པོ་རེད་། རྒྱ་བ་ཀརྨ་མ་པའི་དབུ་ཞྭ་ད་དུང་ཡང་གནམ་ལ་འཕུར་ཡོངས་བསམ་ནས་ཕྱག་གིས་འཇུས་ནས་བཞུགས་ཡོད། ད་ལྟ་བོད་ཡོངས་ལ་སྡུག་བསྔལ་ག་ཚོད་བཟོ་བཞིན་འདུག། ད་དུང་ཞི་ཅི་ཕིན་ལ་རེ་བ་རྒྱབ་ན་དེས་བོད་ནང་བཞུགས་མཁན་ཚོ་ལ་མགོ་སྐོར་གང་ལ་ཡང་ ཡང་སྐོར་མ་རེད་དམ། རྒྱ་ནག་གོང་མ་་ནས་དང ལྷག་པར་ཆིང་ཡིག་དོན་ཚན་བཅུ་བདུན་བཟུང་ཡོངས་རྫོགས་མགོ་སྐོར་ཤ་རྟག་རེད། ལོང་ཤོག་བོད་པ་ཚོ་། རང་ཉིད་ཀྱིས་དཀའ་ལས་རྒྱབ་ནས་ལང་ཤོག་བོད་པ་ཚོ། རྒྱ་རོ་ལ་རེ་བ་མ་རྒྱབ་བོད་པ་ཚོ་། སྡོག་རྩ་ཆིག་སྒྲིལ་བྱེད་ནས་ལང་ཤོག་བོད་པ་ཚོ།
ལ་ཤས་ཀྱིས་ཚིག་ཐག་བཅད་ནས་དོན་རྐྱེན་འདི་བོད་མི་དང་འབྲེལ་བ་ཡོད་པ་མ་ཟད་ད་དུང་མདོ་དང་ཁམས་གང་རུང་ནས་ཡིན་པའི་མི་ཞིག་གིས་བྱས་རབས་ཚིག་ཐག་གཅོད་ཀི་འདུག སྐད་ཆ་སོམ་ནས་ཤོད། རྩམ་པ་ལྡད་ནས་མིད་ཟེར་བའི་དཔེ་ལྟར་གང་བྱུང་མང་བྱུང་མ་བཤད་ན་ཡག་གི་རེད་ལ། བོད་པ་ཞིག་གིས་བྱས་རབས་དེ་ལས་ཀྱང་མ་བཤད་ན་ཡག་གི་རེད། སྐད་ཆ་དེ་རིགས་ཀྱིས་ཕན་ལས་གནོད་ཆེ་བའི་འབྲས་ངན་འབྱུང་མི་སྲིད་གང་ཡང་མིན།
རྔ་དང་ཆུང་མ་རྡུང་ན་བཟང་ཟེར་བ་ལྟར་འཚེ་བ་ཞི་བའི་དབུ་མའི་ལམ་ནི་ཁྱོ་གས་ཆུང་མར་བརྡུང་བའི་ལམ་ལུགས་ཞིག་ཡིན་པས་དབུ་མ་ཞེས་བརྗོད་པ་ཡིན། དེའི་ཕྱིར་རྩིང་སྤྱོད་ཙག་ཙིག་ནི་དབུ་ལམ་དུ་རུང་བོ། དཔེར་ན་ང་ཚོས་སྙིང་རྗེ་མེད་པར་དོལ་ཚོགས་རྩ་མེད་དུ་བཟོ་བའི་སྲིད་བྱུས་ནི་དབུ་མའི་ལམ་ཡིན་པ་ལྟར་རྒྱ་གཞུང་གི་རྒྱ་དར་བསྲེགས་པ་སོགས་ནི་དབུ་ལམ་ནང་གི་དབུ་ལམ་རེད།
ཨ་རི་གཞུང་གིས་འདི་ཟླའི་ཚེས་དྲུག་ཉིན་བསྲེགས་མཁན་སུ་ཡིན་ཁྱབ་སྒྲག་བྱ་རྒྱུ་ཟེར།
ཨ་མདོའི་མགོ་ལོག་པ་ཞིག་ཡིན་པར་ཤོག
ཁམས་པའི་སྡེ་དགེ་བ་ཞིག་ཡིན་པར་ཤོག
ཀུན་ཏུ་གཡོ་དང་ཟོལ་ལ་དགའ་བ་ཡི།
དབུས་པ་ལྷ་ས་བ་ཞིག་མིན་ཐག་ཆོད།
རྒྱ་མི་བླང་དོར་ཤེས་པའི་ཕོ་རབ་ཡིན་པར་ཤོག
སོག་པོ་ཅིང་གུར་བརྒྱུད་ཀྱི་དཔའ་བོ་ཡིན་པར་ཤོག
ཁ་ཆེའི་སུ་དན་བེ་གོར་རྟུལ་ཕོད་ཡིན་པར་ཤོག
ཆོས་རྫུ་ཆོས་འཁོར་རྩ་རླུང་ཚོགས་མི་མིན་ཐག་ཆོད།
་་་་ང་ཚོས་སྙིང་རྗེ་མེད་པར་དོལ་ཚོགས་རྩ་མེད་དུ་བཟོ་བའི་སྲིད་བྱུས་་་་་ཨ་ལ་ལ་ལ་་
དོལ་ཚོགས་ཀྱིས་རྒན་དམ་པ་བློ་བཟང་རྒྱ་མཚོ་སོགས་དམར་གསོད་དང་རྡུང་རྡེག་བཏང་མྱོང། ཡིན་ཡང་ང་ཚོས་ངོས་ནས་བཟོད་པ་བསྒོམས་པ་ལས་སྙིང་རྗེ་མེད་པར་རྩ་མེད་གཏོང་བའི་ལས་ཀ་ག་རེ་བྱས་སོང།
དོལ་རྒྱལ་བསྟེན་མཁན་ཚོ་སོ་སོ་རང་དབང་རེད་ལོགས་སུ་བསྡད་ན་ཡག་པོ་འདུག དམ་ཚིག་ལ་གནོད་ཀྱིན་འདུག་ཅེས་ལོགས་སུ་བཞག་ཡོད་པ་རེད། འཇིགས་སྐུལ་ཚམ་ཡང་བཏང་ཡོད་པ་མ་གོ
དོལ་ཚོགས་ནང་ན་རྒྱ་གཤུང་གི་རྒྱུག་ཁྱི་ཡོད་པས་ང་ཚོས་དོགས་ཟོན་དང་རང་སྲུང་གྲ་སྒྲིག་བྱེད་དགོས་པའི་གཏམ་སྤྱོད་དག་ནི་ཕ་རོལ་པར་གནོད་པ་དང་རྩ་མེད་གཏོང་ཐབས་ཤིག་ཡིན་ནམ།
ཡང་གཅིག་བཤད་ན་ནང་བསྟན་ཡོངས་ཀྱི་བདག་པོ་དང་སྒོས་སུ་དགེ་ལུགས་པའི་དོན་གྱི་བདག་པོ་ནི་སྐུ་མདུན་ཉིད་ཡིན་པས་ཆོས་བརྒྱུད་ནང་ཁུལ་གྱི་འགལ་གཙང་སེལ་གྱི་འོས་འགན་དེ་ཆ་ཚང་ཡོད་པས། ཐབས་མཁས་པའི་སྒོ་ནས་གཙང་མ་བཟོ་བ་འདི་ཧ་ཅང་འོས་པ་ཞིག་ཡིན། འདི་ལ་ཆོས་བརྒྱུད་གཞན་དག་གིས་ཐེ་ཇུས་གནང་གི་མི་འདུག་ན། ཆོས་དད་མེད་པ་དང་ཆོས་ཀྱི་དྲི་མི་བྲོ་བ་ཚོས་ཉོག་གཏམ་མ་བཤད་ན་བཟང།
མི་སུ་འདྲ་ཡིན་ན་ཡང་ལྷ་ལ་དད་པ་ཡོད་ན་འདྲ་།འདྲེ་་ལ་དད་པ་ཡོད་་ན་འདྲ་སོ་སོའི་རང་དབང་རེད་། ཡིན་ན་་དོལ་ཚོགས་ཀྱིས་བོད་་ཤི་གསོན་གཉིས་ཀྱི་མགོན་སྐྱབས་རྒྱལ་བ་རིན་པོ་ཆེའི་སྐུ་ལ་བདོ་བའི་བསམ་ངན་དང་རྒྱ་རོའི་དམར་པོའི་རྒྱུག་ཁྱི་བྱེད་བཞིན་པ་ནི་ང་ཚོའི་དགྲ་བོ་ངོ་མ་རེད། ཁྱི་རྒན་དོལ་ཚོགས་རྒྱ་བའི་སྐུ་ཚེ་་ལ་འགལ་རྐྱེན་བཟོ་མཁན་ཚོ་རྩ་མེད་བཟོས་ཡག་ན་ཡག་ཤོས་རེད། ཁྱི་རྒན་དོལ་ཚོགས་རྒྱལ་བའི་སྐུ་ལ་བདོ་མཁན་ཡིན་ན་ངའི་དགྲ་བོ་ངོ་མ་རེད། དེ་མིན་དད་པ་སུ་ལ་བྱེད་ཀྱང་ང་ལ་ཁྱེད་པར་གང་ཡང་མེད། གནས་ཆུང་དང དགའ་གདོང་དང་ དོལ་རྒྱལ་ ལུང་པ་རེའི་གཞི་བདག་གང་འདྲ་ལ་དད་པ་བྱེད་ཀྱང་ཁྱད་པ་མེད་འདུག། རྒྱལ་བའི་སྐུ་ལ་བདོ་མཁན་སུ་འདྲ་ཞིག་ཡིན་ཀྱང་ང་ཚོའི་དགྲ་བོ་་ངོ་མ་རེད། སུ་ང་ཚོའི་དགྲ་བོ་རེད.?.?? རྒྱལ་བའི་སྐུ་ལ་བསམ་ངན་འཆང་མཁན་མི་དང་མི་མིན་སུ་ཡིན་ན་ཡང་ང་ཚོའི་དགྲ་བའོ་ངོ་མ་རེད།
ཚད་མེད་པ་བཞིའི་ཡ་གྱལ་སྙིང་རྗེ་ཞེས་པར་གོ་བ་ཡག་པོ་ཞིག་ལོན་ན་ད་གཟོད་ང་ཚོས་དོལ་ཚོགས་ལ་སྙིང་རྗེ་སྒོམ་གྱིན་ཡོད་མེད་ཤེས་ཐུབ། ལྷག་ཏུ་ཐུགས་རྗེའི་ཆེན་པོའི་རྣམ་རོལ་རྒྱལ་བ་རིན་པོ་ཆེའི་གསུངས་རིན་པོ་ཆེ་དེ་དག་ནི་དུས་མཐའི་མེ་དང་ལྷའི་བྱིན་གྱི་སྒྱོགས་རྡོ་དང་ཀུན་ནས་མཚུངས་བས་དོལ་ཚོགས་སྐད་ཅིག་ཉིད་ལ་རྨེག་མེད་པར་བཟོས་དང་བཟོ་བཞིན་ཡོད་པས་དེ་ལ་སྙིང་རྗེ་ཟེར་རམ་མཛད་པ་ཟེར། བོད་ཀྱི་བདེ་སྡུག་ལ་བསམ་པའི་གང་ཟག་ཅིག་ཡིན་ཕྱིན་ཆོས་དྲི་བྲོ་མིན་ལ་མ་ལྟོས་བར་དགྲ་འདུལ་གཉན་སྐྱོང་གི་ལས་ལ་ཞུམ་པ་མེད་ཅིང་མ་ནོར་བར་འཇུག་དགོས་པ་ནི་འོས་འགན་ཞིག་ཡིན་ནོ་ཆབ་བྲག་ལགས།
དོལ་ཚོགས་ལ་སྙིང་བརྗེ་བ་ལས་ཞིན་ཅིན་ཕིན་ལ་སྙིང་རྗེ་ན་ཡག་ཤོས་སོ། ཡིན་ནའང་སྐྱེ་ཁག་པོ་རེད། ཅོག་མྱི་རང་གིས་ཚད་མེད་ལས་ཚོད་མེད་ཀྱི་སྐྱག་པ་མ་བཏང་ན་ཟས་ལ་ཚད་པའི་རྟགས་ཡིན། མི་སྐད་ཤོད་ཨ།
དོལ་ཚོགས་ལ་སྙིང་བརྗེ་བ་ལས་ཞིན་ཅིན་ཕིན་ལ་སྙིང་རྗེ་ན་ཡག་ཤོས་སོ། ཡིན་ནའང་སྐྱེ་ཁག་པོ་རེད་དོ། ཅོག་མྱི་རང་གིས་ཚད་མེད་ལས་ཚོད་མེད་ཀྱི་སྐྱག་པ་མ་བཏང་ན་ཟས་ལ་ཚོད་འཛིན་ཡོད་པའི་རྟགས་ཡིན་ནོ།
ཨ་རོགས་དྲན་ནག མིག་སྐྱག་བྱི་དོར་བྱས་ནས་ངས་ག་རེ་གསུང་གིན་ཡོད་པ་ཡག་མོ་ཞིག་བལྟས་ནས་ད་གཟོད་སྐད་ཆ་ཤོད། སྐྱག་དྲི་ཆོ་མེད་པོ་བྲོ་བའི་སྐད་ངན་གྱིས་འདི་བ་ཚང་རྫོབ་གྱིན་མ་འདུག
ཅོག་མྱི་ལགས། ཁྱེད་ཀས་སྐད་ཆ་དངོས་གནས་བཤད་ཤེས་ཀྱི་འདུག དེ་ལས་རང་གིས་མཇེ་ཚོང་བརྒྱབ་ནས་བསྡད་ན་ལེགས།
ལེགས། ངའི་ལྟར་ན་ལེགས། ཁྱེད་ཀའི་གསུང་ནི་གཟབ་ཡང་ངའི་ལྟར་ན་མི་གཙང་བ་བཟའ་མཁན་ཅིག་གི་གོང་མར་མེད་ན་འོག་ཏུ་མི་འདུག་ལགས། བྱིངས་རྩ་དཟན་ཟོག་དྲིན་ཅན་ཙིག་ལ་འདྲ་ནོ།
མཁས་དབང་ཅོག་མྱི་ལགས། འཚིག་པ་མ་ཟ་ཨ།
མེ་རྒྱབ་ཡག་ཏོག་ཙམ་ཆུང་དྲག་པ་རེད།
ལམ་ནོར་ལྡོག་ཤེས་ཀྱི་བསླབ་བྱ་ནི་ཆོས་འཇིག་རྟེན་གཉི་གའི་ཆ་ནས་བཟང་ཤོས་ཡིན་ལ། གང་དག་ལ་དྲིན་དུ་ཆེ་ཤོས་ཀྱང་ཡིན་ནོ། སྙིང་རྗེ་ཆེན་པོས་ཟིན་པའི་ཐབས་ནི་གནས་སྐབས་སུ་གནོད་པ་ལྟ་བུར་མཐོང་ཡང་ཕུགས་སུ་དགེ་མཚན་ཆེན་པོ་ཡོད། དེ་དག་བྱང་ཆུབ་སེམས་དཔའི་མཛད་པ་ལགས། ང་དང་ཁྱོད་ལྟ་བུའི་བསམ་ཚུལ་ཉི་ཚེ་བས་རྗེས་མི་ཟིན་ནོ།
མེ་བརྒྱབ་ཡ་ཆུང་དྲགས་མི་འདུག ཏག་ཏག་རེད་ཤག དེ་ལས་མེ་ཆེ་དྲགས་ན། འཚེ་བ་དང་དྲག་སྤྱོད་པའི་ལས་ལ་འགྲོ་ཉེན་འདུག་པས་་་་་
དོལ་ཚོགས་གདོན་འདྲེ་ལ་འདི་འདྲའི་མེ་བརྒྱབ་ན་ཡག་ཤེས། དོལ་ཚོགས་གདོན་འདྲེ་ནི་སངས་རྒྱས་བསྟན་པའི་དགྲ་བོ། སྤྱིར་བོད་མི་རིགས་ཀྱི་དགྲ་བོ། ཁྱི་རྒན་དོལ་ཚོགས་ནི་ང་ཚོའི་དགྲ་བོ་ངོ་མ་དེ་རེད།
མཆན་པ་ཁ་ཅིག་ལ་ལྟོས་དང་། ཕྱི་སྡོད་བོད་པའི་ནང་དེ་ལྟར་བྱེད་མཁན་གྱི་བློ་ཁོག་དང་སྤོབས་པ་ཡོད་དཀོན། རྒྱུ་མཚན་ནི། བཙན་བྱོལ་བའི་ཁྲིམས་ལུགས་ནི་མི་རྣམས་སྡར་མར་སྒྱུར་བྱེད་ཀྱི་སྲིད་བྱུས་ཡིན་པས་ཡིན། སྡར་མ་ཞིག་གིས་དེ་ལྟར་བྱེད་ག་ལ་ཐུབ། བོད་པ་ཡིན་ན། བོད་ཀྱི་གཟི་བརྗིད་རེད།
དོལ་རྒྱལ་ཚོགས་པ་ཟུར་དུ་འགྲོ་དགོས་དོན་གང་རེད། ག་རེ་བྱས་ནས་ཕྱིན་པ་རེད། ག་དུས་ཕྱིན་པ་རེད། ཧ་ཧ་ཧ་ཧ་ཧ་དེ་ཚང་མ་རྩིས་ནོར་ཤོར་བ་རེད། ད་དུང་དོལ་ཚོགས་དང་དོལ་ཚོགས་ཧ་ཧ་ཧ་ཧ། ད་སྐུ་མཁྱེན་དགད་མོ་ཤོར་ཡག་སྐད་ཆ་དེ་ཚོ་གཡུག་བཞོག བོད་མི་རིགས་དང་རྒྱལ་ཁབ་ལ་ལྷ་འདྲེས་ཕན་གནོད་ཆེ་ཆུང་། བཟང་ངན། ཡག་སྡུག དལ་མྱུར་གླེང་པ་ནི་དུས་རབས་ཀྱི་མི་རྣམས་རྣ་བུག་བཀབ་ནས་དགད་མོ་ཤོར་བཅུག་པའི་སྐད་ཆ་རེད།
མེ་རྒྱག་མཁན་འདི་བོད་དོན་དང་འབྲེལ་བ་འདུག་ཟེར། གྱང་གི་སྟེང་ལ་བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཅེས་བཀོད་འདུག་ཟེར། ཞིབ་ཕྲ་མགྱོགས་མྱུར་འཐོན་རྒྱུ་རེད། ཡིན་ནའང་། ཅོག་མྱི་ལགས་ཀྱི་བསམ་དོན་དེ་གྲུབ་ཐུབ་ཨེ་ཡོང་བསམས། མེ་རྒྱག་མཁན་འདི་གཡོ་སྒྱུ་ལ་དགའ་བའི་ལྷ་ས་བ་ཞིག་ཡིན་བཟོ་འདུག རྒྱུ་མཚན་ནི། ལྷ་ས་བ་ཚོས་དགྲ་གཉེན་ངོ་གསལ་པོ་ཤེས་ཀྱི་འདུག ཅོག་མྱི་ལྟ་བུས་དགྲ་གཉེན་དབྱེ་བའི་རྣམ་དཔྱོད་མིན་འདུག་ལ་དཔའ་མེད་སྟབས། ཁ་བརྡའི་ནང་ལ་བོད་མི་ཕན་ཚུན་དཀྲུག་ཤིང་རྒྱག་པ་འདི་བོད་པ་ཚང་མས་ཤེས་བཞིན་འདུག
དོལ་རྒྱལ་གཙོས་ལྷ་འདྲེའི་སྐོར་གྱི་ཡ་ཡར་དང་མ་མར་བཤད་ནས་བོད་ཀྱི་བླ་ཆོས་རིང་ལུགས་པ་དག་གིས་རང་འདོད་སྒྲུབ་པ་ཙམ་ལས་སངས་རྒྱས་བསྟན་པའི་རྗེས་འཇུག་པ་རྨ་མེད་པ་ཞིག་འདོད་ན་རང་རྒྱུད་ལ་སྐྱབས་འགྲོ་ཚད་ལྡན་ཞིག་ཡོད་ཚེ། འདི་དག་ལ་ཆགས་སྡང་གིས་ལྷ་སྡེ་དང་མི་སྡེའི་བར་འགལ་འདུལ་གྱི་གླེང་གཞི་བཟོ་དགོས་དོན་མེད། ལར་ནི་གཟུག་མེད་ལྷ་འདྲེའི་སྐོར་བདེན་རྫུན་ཚད་ཐུབ་ཞིག་མི་སུ་ལ་ཡང་བཤད་རྒྱུ་མི་འདུག། དེ་དག་གི་སྐོར་ག་ཚོད་བཤད་ཀྱང་མཐར་བབ་ས་ནི་རང་རང་གི་འདོད་ཕྱོགས་ལས་རྒལ་ནས་བཤད་རྒྱུ་ཡོད་མཁན་མི་གཅིག་ཀྱང་མེད་པར་དོལ་རྒྱལ་སྙོག་གླེང་བྱུང་ནས་ད་ལྟའི་བར་དུ་དེའི་རྒྱུད་རིམས་ནས་གསལ་གསལ་དག་དག་རེད། དེ་ལས་ནང་ཆོས་ཕྱོགས་སུ་སེམས་ནས་རང་སྲུང་དང་ཆོས་སྲུང་ཞིག་ལ་འདོད་ན་སྐྱབས་འགྲོ་རང་རྒྱུད་དང་འབྲེལ་ངེས་ཞིག་བྱུང་ན་དེ་གས་འགྲིག། དེ་མིན་ལྷ་བཤད་དང་འདྲེ་བཤད་ག་ཚད་མང་ན་དགྲ་འདུལ་གཉན་སྐྱོང་གིས་རྒྱུ་ལས་མ་འདས་སོ།།
དོལ་་རྒྱལ་འདྲེ་ཡིན་ན་འདྲ་དམ་སྲི་ཡིན་ན་འདྲ་ཁྱེད་པར་མེད། འོན་ཀྱང་རྒྱལ་་བའི་སྐུ་ལ་བདོ་བའི་དོལ་ཚོགས་ནི་དངོས་གནས་འདྲེ་རེད། རྒྱ་གར་དང་ཨ་རིའི་གཞུང་གཉིས་ནས་གོང་ས་མཆོག་ལ་ཉེས་ཁ་འདུག་ལབ་དུས་ཁྱི་རྒན་དོལ་ཚོགས་ལ་སེམས་ཏིང་ནས་་མ་དགའ་བ་་ཆག་སོང་། དེ་ིན་ལྷ་འདྲེ་ཁྱེད་པར་རྒྱུ་མཚན་དུ་བྱེད་ནས་དོལ་ཚོགས་་ལ་མ་དགའ་དགོས་་པའི་རྒྱུ་མིན་། ཨོ་དོལ་རྒྱལའདྲེ་ཡིན་པའི་རྒྱུ་མཚན་གྱིས་སྐྱབས་རྗེ་་ཕ་བོང་ཁ་དང་། རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་་ཁྲི་བྱང་རིན་པོ་ཆེ་ལ་ཁ་གཏང་་བ་སོགས་ནི་བོད་སྤྱིའི་བསོད་ནམ་་དང་དམ་ཚིག་འོ་ཆུ་གཅིག་སྒྲིལ་་ལ་གནོད་རྒྱུ་ལས་མེད། ཁྱི་རྒན་དང་། དམ་ཉམ་དང། བོད་་མི་ཡོངས་ཀྱི་དགྲ་བོ་རྒྱལ་་བའི་སྐུ་་ལ་འཚེ་བའི་དོལ་ཚོགས་རེད། ཀརྨ་པ་སོགས་བོད་ཀྱི་བླ་ཆེན་ཚོ་། འདི་སྐོར་ལ་བཀའ་སློབ་གནང་དང་། ཧ་མ་གོ་མདོག་་མདོག་བྱེད་ནས་འཇམ་ཐེ་གེ་མ་བཞུགས་རོག་གནང་དང། རྒྱལ་བ་རིན་པོ་ཆེ་་མེད་ན་བོད་ལ་་གང་ཡང་མེད་པ་ཆག་ངེས་རེད། བོད་ཀྱི་བླ་ཆེ་ཚོ། ཁྱི་རྒན་དོལ་ཚོགས་ལ་དགག་པ་མཐར་ཕྱིན་པ་རྒྱབ་དང། སོ་སོ་ལ་དགོས་དུས་རྒྱལ་བ་རིན་པོ་ཆེ་ལ་དགའ་མདོག་དང་མོས་མདོག་ཙམ་མ་ཡིན་པར་དོལ་ཚོགས་ལ་ཁ་གཏད་བྱེད་དང་། རྒྱལ་བའིམ་སྐུ་ལ་བདོ་བ་ཡིན་པར་ཤེས་བཞིན་དུ་ཧ་མ་གོ་བར་མ་བྱེད་དང་། སྔོན་མ་ངས་དོལ་ཚོགས་ནས་་རྒྱལ་བ་རིན་པོ་ཆེ་དཀྲོང་ཡག་གི་ཆ་གཞི་ཡོད་རེད་ཟེར་བ་ཞིག་གོ་བྱུང་ ཡིན་ནའང་བདེན་པ་མ་རེད་བསམ་བྱུང་། དོལ་ཚོགས་བ་ཚོས་དོལ་རྒྱལ་དད་པ་བྱེད་པ་མ་ཏོག་རྒྱལ་བ་རིན་པ་ཆེ་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་བཀའ་དྲིན་ཧ་གོ་གི་ཡོད་རེད་བསམ་གྱི་ཡོད། ད་བྱེད་ན་ཁྱི་རྒན་དོལ་ཚོགས་བ་ཚོས་རྒྱལ་བའི་སྐུ་ལ་ཉེས་ཁ་ཡོད་པར་གོང་ས་མཆོག་ནས་ཞལ་ནས་གསུང་པ་གོ་དུས་ཁྱི་རྒན་དོལ་ཚོགས་བ་ཚོ་ལ་ཞེན་པ་ཏིང་ནས་ལོག་བྱུང་། ལང་ཤོག་བོད་ཀྱི་བླ་ཆེན་ཚོ། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོད་དང་བཅས་པ་ལང་ཤོག་ རྒྱལ་བ་ཀརྨ་པ་གསུང་ཅིག་བྱོན་དང་
ཤར་པ་ལགས། དོལ་ཚོགས་ལ་དགག་པ་མཐར་ཕྱིན་པ་ཞིག་རྒྱག་ཚུལ་ཇི་ལྟར་དགོས་སམ། ཁས་དམག་རྒྱབ་དང་ལག་དམག་གང་ཞིག་གིས་དོལ་ཚོགས་ལ་རྒོལ་དགོས་སམ། དང་པོ་སོ་སོ་རང་ཉིད་མདུན་དུ་ཐོན་ནས་དོལ་ཚོགས་ལ་དགག་པའི་མགོ་རྩོམ་དང། དེ་ནས་རིམས་པའི་བྱ་སྤྱོད་ཀྱི་ངོ་བོ་གསལ་དུ་འགྲོ་ཡི་རེད།།
ཧཧ། ལྷ་འདྲེ་རྩད་ནས་རང་ས་བརླགས། མི་རིགས་འདི་བརླགས་འདོད་ན་ལྷ་འདྲེ་རྩོད། གོང་ས་མཆོག་བོད་རིགས་ལས་ལྷག་རེད་འདོད་ན་ལྷ་འདྲེ་རྩོད། རྩོད་དང་མི་རྩོད་རང་མོས་རེད།
དོལ་ཚོགས་དང་གྲོས་མོལ་གྱི་ལམ་ཁ་འཚོལ་དགོས། ནང་གི་འགལ་བ་ཐམས་ཅད་མཉམ་གནས་སམ་ཡང་ན་གྲོས་མོལ་གྱི་ལམ་ནས་གཙང་སེལ་བྱེད་དགོས་པ་མཐོང་། སྤྱིར་མི་མ་ཡིན་དེ་ཚོ་གལ་ཆེན་མ་རེད། མ་གཞི་ཡོད་མེད་སུས་ཤེས། དེ་ལས་བོད་ས། བོད་སྐད། བོད་མི། བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་གལ་ཆེ་བ་ལས། མ་མ་ཡིན་དེ་འདྲ་ཡོད་པ་ལས་ཀྱང་མེད་པ་ཕན་ཆེ་ནའང་། ཆོས་པ་ཚོའི་སེམས་ཀྱི་་རྨོངས་དད་ལ་ཕོག་ཐུག་མི་གཏོང་ཆེད། བྱིས་སྒྲུང་ལྟ་བུའི་མི་མ་ཡིན་གྱི་སྒྲུང་གཏམ་དེ་ཚོར་གནས་སྐབས་ཆ་འཇོག་བྱེད་ཁུལ་དགོས་པར་མཐོང་། རྙོག་དྲ་འདི་ཚོ་ཆོས་པ་དང་བླ་མ་ཚོའི་རྨོངས་དད་ཞེད་སྣང་ཚ་བོ་དང་འབྲེལ་ཡོད་པས་དོགས་གཟབ་བྱེད་དགོས།
སོ་སོའི་ལུས་པོ་དོན་མེད་དུ་བསྲེག་པ་ལས་རྒྱ་རྟགས་དང་རྒྱ་སྒོ་བསྲེག་པ་ལ་ཡི་རང་ཡོད། དཔའ་བོ་རེད། ཀི་རྒྱོབས། བོད་རྒྱལ་ལོ།
དེ་རིང་ཨ་རིའི་གཞུང་གི་ཉེས་དོན་བརྩད་གཅོད་ཁང་གིས་༼FBI༽་མེ་བསྒྲོན་མཁན་གྱི་གནས་ཚུལ་གསལ་བཤད་ལྟར་ན་རང་ལོ་༣༩་ཡིན་པའི་རྒྱ་མི་ཨ་རིར་གཏན་འདུག་པ་མིང་ལ་ཕུན་ཡན་༼冯岩༽ཞུས་པ་ནས་རྒྱ་གཞུང་གི་གཞུང་ཚབ་ཀྱི་སྒོ་མེར་བསྲེགས་བཏང་བ་རེད་ཟེར། བསྲེགས་མཁན་ཁོ་རང་ཆབ་སྲིད་ཚོགས་པ་གང་རུང་ཞིག་ལ་འབྲེལ་བ་མེད་པ་དང་དེའི་ཀུན་སློང་ཅི་ཞིག་ཡིན་པ་རེ་ཞིག་གསང་དགོས་ཞེས་གསལ་སྒྲག་བཏང་ཡོད།
ཧ་ཧ་ཧ་ཧ་ཧ་ཧ་ཧ ཁག་འཇོག་ས་ཁ་དཀར་རྐྱང་རེད།།མདའ་འཕེན་ས་བྲེ་སེར་འབྲོང་རེད།།
གཞུང་ཚབ་རྒྱལ་སྒོའི་མཚོན་རྟགས་མེར་སྲེག་གཏོང་མཁན་དེ། རྒྱ་རིགས་ཅིག་རེད་འདུག ཁོང་ལ་ཉེས་ཆད་ཆེན་པོ་མི་ཕོག་པའི་ཆེད་དུ། རྒྱ་རིགས་བོད་རིགས་ཀུན་གྱིས་སྨོན་ལམ་བསྐྱོན་རོགས་གནོངས།
བསམ་བློ་དང་ཆོད་སེམས་ཆེ་ཡང་བྱ་བ་བྱེད་ཚུལ་ཤེས་དགོས། པར་དང་རྒྱལ་དར། རྒྱལ་ཁབ་མཚོན་བྱེད་ཀྱི་ཅ་ལག་སོགས་མེ་བསྲེག་དང་། སྐད་འབོད་དང་ཕ་རོལ་པོ་ལ་སྐྱོན་བརྗོད་ཚ་ནན་བཏང་ན་སྐབས་དེར་རང་ཕྱོགས་ནས་སེམས་ཀྱི་ན་ཟུག་ཕྱི་ལ་བཏོན་པས་རེ་ཞིག་བློ་བདེ་སྲིད་ནའང་། ཕུགས་སུ་སྐྱོན་བརྗོད་ཀྱིས་ཕ་རོལ་པོའི་ཕྱོགས་ཁག་མཐུན་སྒྲིལ་གྱི་ལམ་དུ་དེད་པ་དང་། ནུས་ཤུགས་བསྐྲད་པ་རེད། དེ་ལས་གང་ཟག་སྒེར་གྱི་བྱ་སྤྱོད་དང་ལམ་ཕྱོགས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ན་ཚོགས་པ་སུ་ཞིག་ཡིན་ཀྱང་དེ་ལ་ནང་འགལ་མང་བས་ཕ་རོལ་པའི་འགལ་བ་ཆེར་ཕྱིན་ནས་ཕྱོགས་གཅིག་རང་ཕྱོགས་སུ་འཁོར་ནས་མཐུན་རྐྱེན་དུ་འགྱུར་རོ། །ཕྱོགས་འདི་འདྲ་ཞིག་༧པཎ་ཆེན་བཅུ་བའི་ཞལ་སྔ་ནས་ཀྱང་གསུངས་སོ།།པ་རོལ་པོ་ངོ་ཚ་ཤེས་ཤིང་ཁྲིམས་བརྩི་བ་ཞིག་ཡིན་ན་ངོ་རྒོལ་དང་སྐད་འབོད་ཀྱིས་ཕན་པ་འབྱུང་སྲིད་མོད། དེ་མེད་ཀྱང་རང་ཕྱོགས་མཐུན་སྒྲིལ་ལ་ལས་འགུལ་དེས་ཕན་པར་འགྱུར་བ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ། འོན་ཀྱང་རྩུབ་སྤྱོད་ལ་རྒྱལ་ཁ་ཐོབ་པ་གནའ་དུས་མང་ཡང་། དུས་རབས་འདི་ལ་མི་འབྱུང་བར་མ་ཟད་འཇིགས་བསྐུལ་པའི་ཕྱོགས་སུ་ལྷུང་ནས་འཛམ་གླིང་གིས་སྨོད་པ་ཡང་སྲིད་པས་བྱ་བ་བྱེད་སྟངས་ལ་གཟབ་དགོ་པར་སྣང་། །
བཅོས། ནུས་ཤུགས་སྤྲད་པ་རེད།
མེ་རྒྱག་མཁན་རྒྱ་རིགས་ལོ ༢༩ ཅན་ཞིག་རེད་ཟེར། ཅིའི་ཕྱིར་རྒྱབ་མིན་སོགས་གསལ་ཁ་ཡོད་ས་མ་རེད། ཁོས་ངོས་ལེན་བྱས་འདུག་ཟེར།
རྒྱ་རིགས་ཡིན་ན་ཏག་ཏག་རེད།
བསྲེགས་མཁན་ཕུན་ཡན་ཕུན་༼冯严丰༽གྱིས་དབྱིངས་སུ་ཐོན་པའི་ལྐོག་གྱུར་གྱི་སྒྲའམ་བརྡ་ཞིག་གིས་བསྐུལ་བའི་ངོར་ཁོ་རང་གིས་རྒྱ་གཞུང་གི་རྒྱ་སྒོ་མེར་བསྲེགས་པ་ཡིན་ཟེར། གལ་སྲིད་བདེན་པ་ཡིན་ན་རྒྱ་གཞུང་འཇིག་པའི་དུས་ཡུན་ཐོན་གྱིན་ཡོད་པ་འདྲ།
རྒྱ་མའི་གཞུང་ཚབས་ཀྱི་སྒོར་མེ་སྲེགས་གཏོང་མཁན་དེ་རྒྱ་མི་ཞིག་ཡིན་པར་མ་ཟད། ཁོང་གིས་ངོས་ལེན་གཙང་མ་བྱས་འདུག ཁོང་ནི་རང་ལོ་༣༩་རེད་འདུག མེར་བཏངས་པའི་རྒྱུ་མཚན་ནི་སྙིང་བོ་གང་ཡང་མི་འདུག གཞུང་ཚབས་ལས་བྱེད་ཚང་མས་རྒྱ་སྐད་ཁོ་ན་རྒྱག་གི་འདུག དེར་ཁོང་ཁྲོ་ལངས་པ་ཡིན་ཟེར། ཧཧ་ཧ་ཧ་ཧ། ཁོང་གི་བཤད་པ་ལ་རྒྱུ་མཚན་ཆེན་པོ་མི་འདུག །
མེར་བཏངས་པའི་རྒྱུ་མཚན་ནི། གཞུང་ཚབས་ལས་བྱེད་ཚང་མས་རྒྱ་སྐད་ཁོ་ན་རྒྱག་གི་འདུག དེར་ཁོང་ཁྲོ་ལངས་པ་ཡིན་ཟེར ་་་ཟེར་བ་དེ་ཡང་པོས་ལབ་ཡོད་མེད་སུས་ཤེས། དེ་ཡང་ཡིད་ཆེས་དཀའ་བ་ཞིག་རེད་སྙམ།
རྒྱ་གཞུང་མེར་བསྲེགས་མཁན་གྱི་རྒྱ་མི་འདི་དང་འབྲེལ་ཡོད་ཀྱི་གནས་ཚུལ་འགའ་ཤས་སྒོ་བསྲེགས་ཀྱི་དུ་བ་ནག་པོའི་ནང་ནས་ད་ལྟ་ཐོན་གྱི་མིན་འདུག
འདྲི་བ་དང་པོ། ཅིའི་ཕྱིར་ཨ་རིའི་གཞུང་གིས་བཙན་བཅོས་ཀྱི་ངར་ཤུགས་ཐོག་ད་རེས་ཀྱི་དོན་རྐྱེན་འདི་འཇིགས་སྐུལ་བའི་ལས་འགུལ་མ་རེད་ཟེར། ཅིའི་ཕྱིར།
རྒྱ་དཔོན་འདུག་སའི་ཁང་པ་འདིའི་སྒོ་ལ་སྣུམ་བཤོས་ནས་ཁང་པར་མེ་བརྒྱབ་པ་འདི་འཇིགས་སྐུལ་བའི་ལས་མིན་ན། ཁ་ཆེ་འགས་ཡི་གེའི་ནང་ལ་གསོད་ཀྱི་ཡིན་ཟེར་ཚད་འཇིགས་སྐུལ་ལ་བརྩི་བ་འདི་ཡ་མཚན་མ་རེད་དམ། ཨ་རིའི་དཔོན་པོ་ལགས། མེ་རྒྱག་པའི་སྐབས་ལ་ཁང་པའི་ནང་ལ་མི་ཡོད་དོ།
ང་བལྟས་ན་རྒྱ་མིའི་གཞུང་ཚབ་གྱི་མི་སྣས་བསྲེགས་མཁན་ལ་ལྐོག་བརྔན་སྤྲད་ནས་སྲེག་ཏུ་བཅུག་པ་རེད་སྙམ། རྒྱུ་མཚན་ནི།
༡ དེ་ཡང་༢༠༠༨ལོར་ཨ་རིའི་རྒྱ་མིའི་གཞུང་ཚབ་ཅིག་མེར་བསྲེགས་བཏང་བས། རྒྱ་མིས་ཨ་རི་གཞུང་ཕྱོགས་ལ་ཉེན་སྲུང་གི་ཐད་དུ་རྒྱུ་ནོར་དང་ཉེན་རྟོགས་པའི་སྲུང་སྐྱོབ་མཐོར་འདེགས་ཀྱི་རེ་བ་རྒྱལ་སྤྱིའི་ཕྱི་འབྲེལ་གོམས་སྲོལ་བརྒྱབ་ཡོད་པ་དེར་ཨ་རི་ནས་དོ་སྣང་ཆེན་པོ་བྱས་མེད།
༢ གཞུང་ཚབ་ཡན་ལག་ཁང་གི་རྒྱ་སྒོ་དེ་མ་བསྲེགས་སྔོན་རོལ་དུ་རྒྱ་ཚོགས་དང་བེ་གོར་སོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་སོགས་བྱས་པས་རྒྱའི་གཞུང་ཚབ་ཀྱི་ལས་སྣེ་དཔའ་སྙིང་མེད་པ་དེ་དག་གིས་རང་ཉིད་ཀྱི་བདེ་འཇགས་ལ་བསམས་ནས་ཨ་རིའི་གཞུང་གི་རོགས་སྐྱོབ་བླ་ལྷག་ཐོབ་ཕྱིར་མེ་སྲེག་གི་དོན་རྐྱེན་འདི་བཟོས་བ་རེད།
མདོར་ན་དོན་རྐྱེན་འདི་ནི་རྒྱ་མིའི་༼རང་སྲེག༽་གི་དོན་རྐྱེན་ཞིག་ཡིན་ལ། ༼རང་སྲེག་༽དེ་སྐྱུག་བྲོ་ཞིང་ངོ་ཚ་མེད་པའི་སྡར་མའི་དོན་རྐྱེན་ཡིན་པས་བོད་ནང་གི་དོན་དམ་དང་གཟི་བརྗིད་ཅན་གྱི་རང་སྲེག་དང་བསྡུར་སྲོལ་མེད།
འདི་མི་སྲེག་ཆེད་དུ་མེ་བརྒྱབ་པ་མ་རེད། རྒྱལ་རྟགས་ཁོ་ན་བསྲེགས་ཏེ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་རེད། དེ་བས་འཇིགས་སྐུལ་ལ་མི་གཏོགས། དེ་བཞིན་རྒྱལ་དར་བསྲེགས་ན་ཡང་གཅིག་མཚུངས་རེད།
རྒྱ་མིའི་གཞུང་ཚབ་ནས་མངགས་ཏེ་སྲེག་ཏུ་བཅུག་ན་དངོས་གནས་རྒྱ་མི་དང་རྒྱ་གཞུང་གི་ངོ་བརྫད་དོ།