བོད་མི་སྟོང་ཕྲག་དུ་མ་འཛོམས་ནས་ཞི་བའི་སྐད་འབོད་བྱེད་སར།
ཁྱོད་ཚོས་རྒྱ་དམག་ཁྲི་ཕྲག་དུ་མ་བཏང་ནས་དྲག་གནོན་སྟངས་འཛིན་བྱེད།
ཁྱོད་ཚོས་རང་ཉིད་སྤྱང་པོ་དང་སྟོབས་ཤུགས་ཆེན་པོ་ཡོད་བསམ་གི་ཡོད་པ་འདྲ།
ཁྱེད་ཚོས་མུ་མཐུད་དངུལ་འབོར་ཧ་ལས་པ་བཏང་།
དཔུང་དམག་འབོར་ཆེན་བོད་ནང་གང་སར་འགྲེམས་སྐབས།
བོད་མི་རེ་རེ་བྱས་ནས་རང་ལུས་མེ་རུ་སྦར་ནས་རང་གི་དགོས་འདུན་འདོན་མགོ་ཚུགས།
ཁྱོད་ཚོའི་དམག་མི་མང་པོ་དེ་ཚོ་བེད་མེད་དུ་ལུས་འདུག
ཐན་ཁེ་རྫིག་པོ་དེ་ཚོས་ཁྱི་རྒྱག་གི་དབྱུག་པའང་ཉན་གྱི་མི་འདུག
ཁྱོད་ཚོའི་རྒྱལ་ཁྲིམས་དེ་ལྕགས་མཁར་སྒོ་མེད་ལྟ་བུ་ཞིག་རེད།
ཁྱོད་ཚོའི་སྲིད་བྱུས་དེ་ལྕགས་ཀྱི་ཁྲོ་རིལ་ལྟ་བུ་ཞིག་རེད།
ཤེས་དགོས་པ་ཞིག་ལ། རྣོ་ལྕགས་མཁྲེགས་ཀྱང་མེ་ཡིས་བཞུ་ཐུབ་པའི་ཆོས་ཉིད་དེ་ཁྱོད་ཚོས་ཤེས་ན་བཟང་།
ང་ཚོས་ཤེས་ནས་ཡོད།
ཁྱོད་ཚོ་ལ་ནང་གནས་ཕྱི་ལ་མི་འཆོར་ཞིང་
ཕྱི་གནས་ནང་ལ་མི་ཐར་བའི་མེ་ཡི་ལྕགས་རི་སྐད་གྲགས་ཅན་ཞིག་ཡོད་སྐད།
བོད་མི་རེ་རེའི་ལུས་ན་འབར་བཞིན་པའི་མེ་དཔུང་རེ་རེ།
ཁྱོད་ཚོའི་མེ་ཡི་ལྕགས་རི་ལས་འགོམ་སྟེ་ཕྱི་ལ་མཆེད་སླེབས་སོང་།
འཛམ་གླིང་མི་མང་གི་མིག་གིས་མཐོང་ནས་ཡོད།
འཛམ་གླིང་མི་མང་གི་མིག་གིས་བལྟས་ནས་ཡོད།
ཁྱེད་ཚོས་མེ་ལྕེ་རེ་རེ་གསོད་བཞིན་འདུག
ཁྱེད་ཚོས་མེ་ལྕེ་སྦར་མཁན་རེ་རེའང་གསོད་ལ་འབད་བཞིན་འདུག
འཛམ་གླིང་མི་མང་གིས་ཤེས་ནས་ཡོད།
འཛམ་གླིང་མི་མང་གིས་ངེས་ནས་ཡོད།
ཁྱོད་ཚོའི་སྲིད་གཞུང་དེ་མི་མང་གི་ཐོབ་ཐང་རྡོག་རོལ་གཏོང་བའི་ཆེད་དང་།
ཁྱོད་ཚོའི་དམག་དཔུང་དེའང་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཕམ་པར་རྒྱག་པའི་ཆེད།
ཁྱོད་ཚོའི་སྤྱི་བདེ་མི་སྣ་ཟེར་བ་དེ་ཚོའང་མི་མང་སྤྱིའི་བདེ་རྩ་གཏོར་བའི་ཆེད་དུ་ཡིན་པ།
རྒྱ་གཞུང་གི་ལས་བྱེད་ཚོས་མ་འོའི་རོ་དེ་བགོ་ཤ་བརྒྱབས་ནས་བཟོས་ན་ཕན། ཧ་ཧ། མའོ་རེ་འགོག་འདི་ལྟས་ངན་རེད།
༄། གོང་གི་རྩོམ་དེ་ཀློག་རྗེས་ཕ་ཡུལ་གྱི་གཏམ་དཔེ་ཞིག་དྲན་སོང་། དེ་ནི་༼ལ་ཕར་རྒྱབ་ཀྱི་རྒྱལ་བོས་སྐྱག་པ་ཟོ།༽ ཟེར་བའོ་།
ཡག་པོ་བྲིས་འདུག སོ་སོའི་མི་རིགས་དང་ལ་རྒྱ་ལ་ཞེན་གོག་གནང་ནས་བྲིས་པ་ཞིག་རེད་འདུག་པས་ཐུགས་རྗེ་ཆེ་ཞུ་ཞུ།
རྒྱ་རིགས་སྤྲང་འཁྱམས་མའོ་ནི། གསར་བརྗེ་མིང་སྙན་འོག་ལ། མི་གྲངས་ས་ཡ་༤༠བཞི་བཅུ་བརྒལ་བ་རྐྱེན་ལམ་དུ་གཏོང་མཁན་འདིའི་རོ་རུལ་པ་འདི་ག་དུས་ཕྱིར་འདོན་ཐུབ་བམ། ངས་ནི་རྒྱ་ནག་གཞུང་སྐད་འདི་སྐུར་བཞིན་ཡོད་པས་ཁ་བརྡ་འདི་ནས་ཧུའོ་སོགས་ཀྱིས་ཐོས་པར་ཤོག་ཅིག །
ངོ་དེབ་ལས་Sakar Tashi་ཀྱིས་
བདེན་པ་མིན་པར་ཤོག མགོ་ལོག་ནས་ཡང་བསྐྱར་བོད་མི་ཞིག་གིས་རང་ལུས་མེ་བསྲེགས་བཏང་འདུག་ཟེར། རྔ་བ་ནས་གྲ་བ་བཞིའི་རང་སྲོག་བཅད་འདུག་ཟེར་བའི་གནས་ཚུལ་ཁུངས་བདེན་ཡིན་མིན་དང་གསལ་ལ་མི་གསལ་བ་རེ་འབྱོར་གིན་འདུག ཚང་མ་བདེན་པ་མིན་པར་ཤོག མིན་པར་ཤོག
རྒྱ་ནག་གཞུང་ལ་འཕྲིན་ལོན་འདི་བསྐུར་རོགས་གནོངས་།
མ་འོ་ནི། སྤརང་ཕྲུག་ཅིག་རེད།
མའོ་ནི། ཇག་དཔོན་རེད།
མ་འོ་ནི། མི་བསད་ལག་དམར་རེད།
མ་འོ་ནི། བུད་མེད་བཙན་གཡེམ་པ་རེད།