རྒྱ་ནག་གི་གསར་འགྱུར་ནང་གི་༧རྒྱལ་བ་རིན་པོ་ཆེ། Posted on 2012-06-042012-06-04 By ཁ་བརྡ་ 11 Comments on རྒྱ་ནག་གི་གསར་འགྱུར་ནང་གི་༧རྒྱལ་བ་རིན་པོ་ཆེ། འདི་ལ་བསྣུན་ནས་བལྟས། གསར་འགྱུར།
ལྟས་ངན་དེ་ཚོས་ཡག་པོ་ཞིག་བརྗོད་ཀྱི་མེད་པ་ཐག་གིས་ཆོད། ཡིན་ན་ཡང་། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ཞིག་བརྙན་འཕྲིན་དུ་སྟོན་ཙམ་བྱས་པ་ཡག་པོ་རེད། གང་ལྟར་རྒྱ་རྒན་ཚང་གི་བསམ་བློར་བླ་རྒན་དེ་གླག་འཁེལ་ས་ཞིག་མ་རེད་དྲན་ཡོད་ནི་རེད།
གསེར་སྡེར་ལགས། རྒྱ་མོ་རྐང་རིལ་དེ་དང་རྒྱ་ཕོ་ཉུག་རུམ་པ་དེ་ཟེར་ཡས་ལབསྡོམས་བརྒྱབ་ན། ཏ་ལས་བླ་མས་རང་གི་སྙན་གྲགས་ཆེ་ཆེར་གཏོང་ཕྱིར་དང་བོད་རང་བཙན་མངོན་འགྱུར་བྱེད་ཆེད། མིག་སྔར་འཛམ་གླིང་ཨོ་ལིན་པིག་ལུས་རྩལ་འགྲན་བསྡུར་གྲ་སྒྲིག་བྱེད་པོ་ལོན་དུན་གྲོང་ཁྱེར་བེད་སྤྱོད་བྱེད་ཀྱི་འདུག་ཅེས་དང་། དབྱིན་ཇེའི་སྲིད་བློན་གྱིས་ཏ་ལ་བླ་མ་མཇལ་དོན་ནི་ཁོ་པའི་དབྱིན་འབངས་ཁྲོད་ཀྱི་སྙན་གྲགས་ཉམས་ནས་ཡོད་པ་དེ་ཉིད་མཐོར་འདེགས་གཏོང་རྒྱུ་ཕྱེད་དུ་ཡིན་པ་དང་གཅིག དབྱིན་ཇེས་ཀྱང་ད་ལྟ་ལུས་སྟོབས་རྒྱས་བཞིན་པའི་ཀྲུང་གོར་མི་དགའི་ཕྲ་དོག་བྱེད་པ་དང་གཉིས། ཏ་ལའི་བླ་མ་ནི་ནུབ་ཕྱོགས་པས་རྒྱ་ནག་ཉམས་མད་བཟོ་བ་ལ་རིན་ཐང་ཆེན་པོ་སྤྲོད་མི་དགོས་པར་ཉོས་ཆོག་པའི་གཏོར་བཤིག་གི་ལག་ཆ་ཞིག་ཡིན་ཚུལ་སོགས་ཀྱི་སྐད་ཅོར་རྒྱག་གི་འདུག་གོ།
ཁྱེད་ཚོས་ཟིན་སྤེལ་ས་ཡོད་དུས་ལེགས་པོར་སྤེལ་རོགས་གནང་། གུས་པ་ནི་འདིར་མཆན་འགོད་རྒྱུ་ཁོ་ནས་ལས་ཟིན་བྲིས་གཏོང་ས་ཡོད་ནི་མ་རེད། དེ་སྔོན་ཐེངས་འགའ་བཏང་ཡང་ཁ་བརྡ་ཚང་གིས་ངོས་ལེན་བྱས་མ་བྱུང་བས་ཅི་བྱ་བྲལ།
མི་བུ་ལགས། ཐུགས་རྗེ་ཆེ། དངོས་གནས་དེ་འདྲ་ལབ་ཀྱི་འདུག་གས། བྱས་ན་༧ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ནང་ཆེ་ཆེར་འགྲོ་བཞིན་པ་ཁས་ལེན་མི་བྱེད་ཐབས་མེད་བྱུང་འདུག་ག། ད་དུང་པེ་ཅིང་ཨོ་རྩེད་སྐབས་རྒྱ་ནག་འཛམ་གླིང་ནང་ངོ་ཚ་དང་ཁ་སྐྱེངས་པོ་བཟོས་པའི་ནད་རྙིང་ད་དུང་སངས་མི་འདུག་ག། བཅོས་ཐབས་མེད་པའི་ནད་རྙིང་དེས་སྡུག་ཤི་རྒྱོབས། ཧ་ཧ་ཕན་པ་ལ། དེའི་བྱས་རྗེས་ཕལ་ཆེར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ལྷན་ཡིན་པ་ཡོད། དེས་ན་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ལ་སྐྲགས་སྣང་བྱེད་ཀྱི་ཡོད་པ་འདྲ།
ཧ་ཧ་་་པདྨ་འཕྲིན་ལས་དང་ཀྲོག་ཝེ་ཆོན་ཁྱོད་ཚོ་ད་་ངུ་ཟུག་བྱས་།ཏཱ་ལའི་བླ་མ་ཉིན་རེ་བཞིན་མཚན་སྙན་ཇེ་ཆེ་རུ་འགྲོ་གི་འདུག་།ཧོ་ཧོ་ཀི་ཀི་བསོ་བསོ་བོད་རྒྱལ་ལོ་།
རྒྱ་ནག་ས་གསར་འགྱུར་པས་རྒྱ་གཞུང་ལ་མ་སྨད་པར་༸གོང་མཆོག་ལ་མཚན་སྨད་བྱས་པ་ནི། ཞི་བ་ལྷས། བཟོད་པའི་ལེའུར། དཔེར་ན་རྒྱལ་པོའི་མི་འགའ་ཞིག ། སྐྱེ་བོ་མང་ལ་གནོད་བྱེད་ཀྱང་། ། སྐྱེ་བོ་མིག་རྒྱང་རིང་པོ་དག ། ནུས་ཀྱང་ཕྱིར་གནོད་མི་བྱེད་དེ། ། གསུངས་པ་ལྟར་དང་། སྟོན་པ་ཙམ་གྱིས་བཟང་རྟགས་ཡིན་ཏེ། ཕན་ཡོན་ལེའུ་འི་སྐབས་སུ། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། ། སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ལོ། ། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། ། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །གསུངས་པ་འདིས་ཤེས་ཐུབ་སྙམ་ལགས།
གང་ལྟར་ད་རེའི་རྒྱ་ནག་མི་དམངས་ཀྱིས་༧གོང་ས་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ་པ་ཡག་པོ་རེད། ཁོང་གི་ཞལ་འཛུམ་མདངས་ཀྱི་མཛད་པ་འཕྲིན་ལས་ལ་སྲིད་གཞུང་གིས་ལོག་བཤད་ཅི་ལྟར་བརྒྱབ་ཀྱང་ཉི་ཤར་སྤར་མོའི་མི་ཁོག་པ་བཞིན་དུ་ད་ནི་མི་རིང་བར་རྒྱ་ནག་སྐམ་ས་ཆེན་པོར་འཕྲོ་ངོས་རེད།
༸གོང་ས་མཆོག་ལ་མཚན་སྨད་ཅི་ལྟར་བྱས་ཀྱང་ཁོང་གི་མཛད་འཕྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཡང་བསྒུལ་མི་ནུས་པས་རྒྱ་རྒན་དེ་དང་རྒྱ་མོ་དེ་གཉིས་ཀྱིས་ངན་སྨྲས་ཁྲོད་ནས་ཁོང་ཚང་གི་ཞལ་རས་འཁྱུགས་ཙམ་རྒྱ་ནག་མི་དམངས་ལ་མངོན་དུ་བཅུག་པ་ནི་རྐྱེན་ངན་གྲོགས་ཤར་ལྟ་བུ་ཡིན་པས་གཞུག་མ་༸གོང་ས་མཆོག་མྱུར་བ་མྱུར་བར་རྒྱ་ནག་ཚང་དུ་ཞལ་སོར་འཁོད་དེ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དུས་དབང་གནང་ཐུབ་པའི་བཀྲ་ཤིས་རྟེན་འབྲེལ་དུ་སེམས་པར་རིགས་སོ།།
རྒྱ་མོ་དེ་དང་རྒྱར་རྒན་དེས་ཅི་ཞིག་བརྗོད་ཀྱིན་འདུག་རྒྱ་སྐད་སྨྲ་བ་ཚོ།
ལྟས་ངན་དེ་ཚོས་ཡག་པོ་ཞིག་བརྗོད་ཀྱི་མེད་པ་ཐག་གིས་ཆོད། ཡིན་ན་ཡང་། ༧གོང་ས་མཆོག་གི་མཛད་འཕྲིན་སྐོར་ཞིག་བརྙན་འཕྲིན་དུ་སྟོན་ཙམ་བྱས་པ་ཡག་པོ་རེད། གང་ལྟར་རྒྱ་རྒན་ཚང་གི་བསམ་བློར་བླ་རྒན་དེ་གླག་འཁེལ་ས་ཞིག་མ་རེད་དྲན་ཡོད་ནི་རེད།
གསེར་སྡེར་ལགས། རྒྱ་མོ་རྐང་རིལ་དེ་དང་རྒྱ་ཕོ་ཉུག་རུམ་པ་དེ་ཟེར་ཡས་ལབསྡོམས་བརྒྱབ་ན།
ཏ་ལས་བླ་མས་རང་གི་སྙན་གྲགས་ཆེ་ཆེར་གཏོང་ཕྱིར་དང་བོད་རང་བཙན་མངོན་འགྱུར་བྱེད་ཆེད། མིག་སྔར་འཛམ་གླིང་ཨོ་ལིན་པིག་ལུས་རྩལ་འགྲན་བསྡུར་གྲ་སྒྲིག་བྱེད་པོ་ལོན་དུན་གྲོང་ཁྱེར་བེད་སྤྱོད་བྱེད་ཀྱི་འདུག་ཅེས་དང་། དབྱིན་ཇེའི་སྲིད་བློན་གྱིས་ཏ་ལ་བླ་མ་མཇལ་དོན་ནི་ཁོ་པའི་དབྱིན་འབངས་ཁྲོད་ཀྱི་སྙན་གྲགས་ཉམས་ནས་ཡོད་པ་དེ་ཉིད་མཐོར་འདེགས་གཏོང་རྒྱུ་ཕྱེད་དུ་ཡིན་པ་དང་གཅིག དབྱིན་ཇེས་ཀྱང་ད་ལྟ་ལུས་སྟོབས་རྒྱས་བཞིན་པའི་ཀྲུང་གོར་མི་དགའི་ཕྲ་དོག་བྱེད་པ་དང་གཉིས། ཏ་ལའི་བླ་མ་ནི་ནུབ་ཕྱོགས་པས་རྒྱ་ནག་ཉམས་མད་བཟོ་བ་ལ་རིན་ཐང་ཆེན་པོ་སྤྲོད་མི་དགོས་པར་ཉོས་ཆོག་པའི་གཏོར་བཤིག་གི་ལག་ཆ་ཞིག་ཡིན་ཚུལ་སོགས་ཀྱི་སྐད་ཅོར་རྒྱག་གི་འདུག་གོ།
ཁྱེད་ཚོས་ཟིན་སྤེལ་ས་ཡོད་དུས་ལེགས་པོར་སྤེལ་རོགས་གནང་། གུས་པ་ནི་འདིར་མཆན་འགོད་རྒྱུ་ཁོ་ནས་ལས་ཟིན་བྲིས་གཏོང་ས་ཡོད་ནི་མ་རེད། དེ་སྔོན་ཐེངས་འགའ་བཏང་ཡང་ཁ་བརྡ་ཚང་གིས་ངོས་ལེན་བྱས་མ་བྱུང་བས་ཅི་བྱ་བྲལ།
མི་བུ་ལགས། ཐུགས་རྗེ་ཆེ། དངོས་གནས་དེ་འདྲ་ལབ་ཀྱི་འདུག་གས། བྱས་ན་༧ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ནང་ཆེ་ཆེར་འགྲོ་བཞིན་པ་ཁས་ལེན་མི་བྱེད་ཐབས་མེད་བྱུང་འདུག་ག། ད་དུང་པེ་ཅིང་ཨོ་རྩེད་སྐབས་རྒྱ་ནག་འཛམ་གླིང་ནང་ངོ་ཚ་དང་ཁ་སྐྱེངས་པོ་བཟོས་པའི་ནད་རྙིང་ད་དུང་སངས་མི་འདུག་ག། བཅོས་ཐབས་མེད་པའི་ནད་རྙིང་དེས་སྡུག་ཤི་རྒྱོབས། ཧ་ཧ་ཕན་པ་ལ། དེའི་བྱས་རྗེས་ཕལ་ཆེར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ལྷན་ཡིན་པ་ཡོད། དེས་ན་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ལ་སྐྲགས་སྣང་བྱེད་ཀྱི་ཡོད་པ་འདྲ།
དེའི་བྱས་རྗེས ཨས་
༸གོང་ས་མཆོག་ལ་མཚན་སྨད་བྱས་པ་ངན་ཡང་། སྟོན་པ་ཙམ་གྱིས་བཟང་རྟགས་སུ་གོ་ལགས། དགེ་བར་འགྱུར་ཅིག །
ཧ་ཧ་་་པདྨ་འཕྲིན་ལས་དང་ཀྲོག་ཝེ་ཆོན་ཁྱོད་ཚོ་ད་་ངུ་ཟུག་བྱས་།ཏཱ་ལའི་བླ་མ་ཉིན་རེ་བཞིན་མཚན་སྙན་ཇེ་ཆེ་རུ་འགྲོ་གི་འདུག་།ཧོ་ཧོ་ཀི་ཀི་བསོ་བསོ་བོད་རྒྱལ་ལོ་།
རྒྱ་ནག་ས་གསར་འགྱུར་པས་རྒྱ་གཞུང་ལ་མ་སྨད་པར་༸གོང་མཆོག་ལ་མཚན་སྨད་བྱས་པ་ནི།
ཞི་བ་ལྷས། བཟོད་པའི་ལེའུར།
དཔེར་ན་རྒྱལ་པོའི་མི་འགའ་ཞིག །
སྐྱེ་བོ་མང་ལ་གནོད་བྱེད་ཀྱང་། །
སྐྱེ་བོ་མིག་རྒྱང་རིང་པོ་དག །
ནུས་ཀྱང་ཕྱིར་གནོད་མི་བྱེད་དེ། །
གསུངས་པ་ལྟར་དང་།
སྟོན་པ་ཙམ་གྱིས་བཟང་རྟགས་ཡིན་ཏེ། ཕན་ཡོན་ལེའུ་འི་སྐབས་སུ།
གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །
སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ལོ། །
གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །
བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །གསུངས་པ་འདིས་ཤེས་ཐུབ་སྙམ་ལགས།