BBC གསར་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཕྱོགས་ཀྱི་རིམ་དྲིལ་བསྒྲགས་འགན་འཛིན་རྣམས་ལ་དབུས་གཞུང་དྲིལ་བསྒྲགས་ལས་དོན་ཚོགས་འདུའི་ནང་དོན་བརྒྱུད་སྒྲོག་བྱེད་བཞིན་ཡོད་པ་རེད། དབུས་གཞུང་གི་མ་འོངས་པའི་དྲིལ་བསྒྲགས་ཀྱི་ལས་དོན་གྱི་དོན་རྩ་ལྔ་གཏན་འབེབས་བྱས་ཡོད་པ་གཤམ་གསལ
༡། སྲོལ་རྒྱུན་གྱི་བརྒྱུད་ལམ་དང་བརྒྱུད་ལམ་གསར་པ་གང་ཡིན་གྱི་དབྱེ་བ་མེད་པར། རྒྱ་ནག་གི་བརྒྱུད་ལམ་ཚང་མ་ཏང་དང་མི་དམངས་ཀྱི་མགྲིན་ལྕེ་ཡིན་འོས། མ་འོངས་པར་ཏང་ལ་དབང་བའི་བརྒྱུད་ལམ་ནས་ཏང་དང་མི་དམངས་ཀྱི་ཁེ་ཕན་དང་རྒྱབ་འགལ་ཅན་གྱི་སྒྲ་ཐོན་མི་ཆོག གལ་སྲིད་ཐོན་ན་བརྒྱུད་ལམ་གཉེར་དབང་ཕྱིར་བསྡུ་བྱེད་རྒྱུ་ཡིན།
༢། མ་འོངས་པར་མངོན་སུམ་འཛེམ་མེད་ཀྱིས་མར་ལེ་དང་མའོ་ལ་རྒོལ་བའི་ཚིག་རྗོ་བརྒྱུད་ལམ་ཐོག་ལ་ཐོན་མི་ཆོག
༣། མུ་མཐུད་ནས་ཏང་ལ་རྒོལ་བ་དང་། རྒྱལ་ཁབ་ལ་རྒོལ་བ། མི་རིགས་ལ་རྒོལ་བའི་ལངས་ཕྱོགས་ཅན་ཏེ། “གསར་རྒོལ་གསུམ་གྱི་མི་སྣ”རུ་འབོད་པ་དེ་ཚོ་བརྒྱུད་ལམ་གྱི་ལས་གནས་སུ་བསྡད་མི་ཆོག་ཅིང་། གླེང་ཕྱོགས་དང་དྲིལ་བསྒྲགས་ཀྱི་བྱ་བ་བསྒྲུབ་མི་ཆོག ལངས་ཕྱོགས་མི་བརྗེ་ན་གང་ཟག་བརྗེ་དགོས།
༤། ཏང་གིས་བརྒྱུད་ལམ་ལ་དོ་དམ་དང་སྣ་འདྲེན་བྱེད་པ་ལ་ཤུགས་སྣོན་བྱེད་དགོས། རྟག་པར་སྐྱོན་ཕྱོགས་ཀྱི་གནས་ཚུལ་གཅིག་པོ་སྤེལ་ནས་བཟང་ཕྱོགས་ཀྱི་གནས་ཚུལ་མིག་ཡོད་ཀྱང་མ་མཐོང་བར་འདུག་མི་འོས།
༥། “གསར་རྒོལ་གསུམ་”ལ་ཕྱོགས་པའི་མི་སློབ་གྲྭ་ཆེན་མོའི་གསར་འགྱུར་ལས་རིགས་ཀྱི་མི་སྣ་སྐྱེད་སྲིང་བྱེད་པའི་ལས་གནས་སུ་ཡོད་མི་འོས། ཏང་སྲིད་ལས་བྱེད་སློབ་གྲྭ་ཆེན་མོའི་གསར་འགྱུར་ལས་རིགས་སུ་གཏོང་རྒྱུ་དང་གསར་འགྱུར་ལས་རིགས་ཀྱི་དགེ་རྒན་རྣམས་ཏང་སྲིད་ལས་ཁུངས་སུ་ཡོང་ནས་ལས་གནས་བརྗེ་རེས་བྱེད་དགོས།
རྒྱ་ནག་ནང་གསར་འགྱུར་བརྒྱུད་ལམ་གྱི་མིང་གང་བཏགས་ཀྱང་དོན་ལ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་ཁུངས་མ་གཏོགས་ཚད་དང་ལྡན་པའི་གསར་འགྱུར་བརྒྱུད་ལམ་མེད། ད་རེས་ཀྱི་སྒྲིག་གཞི་དེ་ལ་ལྟོས་དང་ཤེས་ཐུབ།
གུང་ཁྲན་ཏང་གི་སྲིད་ཇུས་དང་བོང་བུའི་རྐུབ། རྡ་སའི་གནམ་གཤིས་གསུམ་གཅིག་ཡིན་པས་འགྱུར་ལྡོག་མང་པོ་འགྲོ་གི་རེད།
དེ་ལ་ཡ་མཚན་དང་ཧང་སང་ཡག་གང་ཡང་མེད།
ཡག་པོ་རེད་་་ཇེ་བཙན་ཇེ་དམ་དུ་སོང་ནས་ནམ་ཞིག་སྒོར་འགྲོ་དབང་ཡང་མེད་པ་ལྟ་བུ་ཡོང་གི་རེད་་་སྐབས་དེར་གང་ལྟར་ཕྱོགས་གཅིག་ནས་འགུལ་སྐྱོད་ཅིག་རྒྱག་ཡོང་གི་རེད་་་་དེ་དུས་ལྟད་མོ་ཡོད་པ་རེད་
༡༽ གསར་རྒོལ་གསུམ་པོ་དེ་རྟག་རྒོལ་གསུམ་རེད། གང་ལགས་ན། ཏང་སྲིད་ཇུས་ངན་ནག་དང་ནོར་འཁྲུལ་ཅན་ལ་རྒོལ་བ་ནི། རྒོལ་བ་ཡང་དག་རེད། གང་ཞེ་ན། ཏང་ལས་མི་མང་གལ་ཆེ། རྫུན་ལས་བདེན་པ་གལ་ཆེ། ཏང་སྒེར་ཐོབ་དབང་ལས་གཞི་རྩའི་ཐོབ་དབང་གཙོ་གལ་ཆེ་བས་ང་ཚོས་སྲོག་ཚུན་ཆད་བཏང་ནས་རྟག་རྒོལ་བྱེད་ཀྱི་རེད། དཔེར་ན། རྒྱལ་གཅེས་ཆོས་གཅེས་དཔའ་བོ་དཔའ་མོས་ཞུགས་ལྕེབས་ནང་བ་བཞིན་རེད།
༢༽ མི་མང་གི་རྒྱལ་ཁབ་ལ་མི་མང་གིས་ངོ་རྒོལ་བྱས་པ་མིན་ལ། ཏང་གི་རྒྱལ་ཁབ་ལ་ངོ་རྒོལ་བྱས་པ་ཡིན། ཇི་སྲིད་མི་མང་གི་རྒྱལ་ཁབ་མ་ཆགས་བར་ནམ་ཡང་རྒྱ་རིགས་བོད་རིགས་ཚང་མས་རྟག་ཏུ་ངོ་རྒོལ་བྱ་ངེས་རེད། ང་ཚོའི་རྒྱལ་བརྒྱུད་མི་མང་ལ་བསམ་ཤེས་གནང་མཁན་གྱི་རྒྱལ་ཁབ་ལ་ངོ་རྒོལ་བྱས་ནས་མང་གཙོར་མདུན་བསྐྱོད་བྱེད་ན། མཁྲེགས་འཛིན་ལྟ་ངན་སྒེར་གཅོད་རིང་ལུགས་འཛིན་པའི་རྒྱལ་ཁབ་ལ་ངོ་རྒོལ་བྱ་རྒྱུ་ནི། འོས་ཤིང་འཚམས་པ་རེད། རྟག་ཏུ་མུ་མཐུད་ནས་ཡིན།
༣༽ རྒྱ་ནག་ལ་མི་རིགས་མི་འདྲ་བ་མང་པའི་ནང་ནས་མང་ཆེ་ཧན་མི་རིགས་རེད། ཧན་མི་རིགས་ལ་ངོ་རྒོལ་མིན། དམར་པོ་ཏང་རིགས་ལ་ངོ་རྒོལ་རེད། དེ་ཡང་ཏང་གི་སྲིད་ཇུས་ངན་པ་དང་གཅིག་སྡུད་བཙན་དབང་ལ་ངོ་རྒོལ་རེད། མི་རིགས་ ༥༠ ལྷག་གི་རང་དབང་ཧན་མི་རིགས་སྒེར་འཛིན་བྱས་ནས་གཉའ་གནོན་དབང་ཡོད་བཤད་ཀྱང་བྱས་ན་དུད་འགྲོ་སེམས་ཅན་ལ་ཡང་འགྲོ་ས་མེད་ན་མི་་ལྟ་ཅི། མི་རིགས་ཁ་བྲལ་གཏོང་མཁན་ནི། ཏང་རང་ཉིད་རེད། གང་ལགས་ན། ཏང་ཡར་ཙམ་དུ་བལྟ། བོད་རིགས་སོགས་མར་ཙམ་དུ་བཞག་ནས་དེའི་དབར་སྟོང་ཆ་བཟོས་ནས་ཁ་བྲལ་གཏོང་གི་ཡོད་པ་རེད།
སྡིག་པ་སྤོང་བ་ནི་དགེ་བ་རེད། ངན་པར་རྒོལ་ནི་བཟང་པོ་རེད། དེས་ན་མི་རིགས་སྤྱི་དང་ལྷག་པར་བོད་རིགས་ཡོངས་ཀྱིས་དུས་རྟག་ཏུ་ངོ་རྒོལ་བྱེད་ཀྱི་རེད། སྲོག་ཚུན་ཆད་བཏང་ནས། མི་རབས་ནས་མི་རབས། ད་དུང་སྐྱེ་བ་ནས་སྐྱེ་བ། ང་ཚོའི་སྙིང་སྟོབས་ནམ་ཡང་མ་ཞུམ་ཨང་། སེམས་སྟོབས་མེད་པ་བཟོ་མཁན་སེམས་ནང་ཞུམ་པ་སླེབས་ན་མ་གཏོགས། རྒྱ་དམར་ལྟ་ཅི་སྟོང་གསུམ་དགྲར་ལངས་ཀྱང་སེམས་སྟོབས་མེད་པར་བྱ་མི་ཐུབ། འདི་ང་ཚོའི་སེམས་ཀྱི་གསང་བ་ཡིན་པ་ང་རང་ཚོས་ཤེས་པ་བྱ་དགོས།
ནང་ཁུལ་འོང་དོན་མི་རིགས་གནད་དོན་གལ་ཆེར་བགྲོ་གླེང་བརྡར་ཤ་གཅོད་རྒྱུ་ལས་ཞེ་འཁོན་དང་རང་ཉིད་རང་གིས་ཕམ་དུ་མ་བཅུག་ཨང་། ཞེས་གཞེན་སྐུལ་ཡིན།
ཏང་ལུགས་ཇེ་བཙན་ཇེ་བཙན་འུ་ཐུག་རེད།།
ང་ཚོ་བབ་ལྷིང་བབ་ལྷིང་བརྟན་པོར་རེམ།།
མིག་ལོང་ལྟ་བའི་རྒྱ་ནག་གི་གསར་འགྱུར་དག་གི་བརྒྱུད་ལམ་ཚང་མ་ཏང་དང་མི་དམིངས་རྒྱལ་ཁབ་སོགས་ཀྱི་ཆེད་ཡིན་ཞེས་ཁ་ནས་རླུང་ལྟར་གཡོ་དོན་དམ་པའི་སྒེར་ཚིགས་དང་དཔོན་རིགས་ག་གེ་མོ་དག་གི་ལྐོག་ཟ་རུལ་སོངས་སོགས་འགེབ་སྲིང་གི་ཆེད་དུ་གསར་འགྱུར་བརྒྱུད་ལམ་ཚང་མ་ནང་འཁུར་དང་ལངས་ཕྱོགས་གཅིག་བའི་རྒྱལ་ཁབ་མ་གཏོགས་རང་དབང་དང་སྨྲ་བརྗོད་སོགས་རང་བཞིན་གྱིས་ལོངས་སུ་སྤྱོད་བའི་ཚད་ལྡན་གྱི་རྒྱལ་ཁབ་དག་ལ་ཤི་གསང་རོ་གསང་མ་བྱེད་ཐབས་མེད་རེད། ཡིན་ན་ཡང་རྒྱ་ནང་རང་གི་མི་རབ་གསར་བ་དང་མི་ཐོག་གསར་བ་བསམ་བློ་གསར་བ་ལྷག་པར་ཏུ་བསམ་བློའི་དཔྱོད་ཤེས་ནུབ་ཕྱོགས་དང་མཐུན་བའི་རྒྱ་མི་རིགས་དག་གིས་གསར་འགྱུར་དག་མ་དང་རྫུན་མའི་དབྱེ་འཕྱེ་ཐུབ་པ་ང་ལ་ཡིད་ཆེས་ཡོད། གང་ལྟར་རྒྱ་ནག་ཟེར་བ་དེ་ད་ལྟའི་རྒྱ་ནག་ལས་ངོ་བོ་འགྱུར་མེད་རྟག་པ་ཞིག་ཡིན་མི་སྲིད།